• བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ན་ལུང་རི་ངོས་ཀྱི་བཙན་པོའི་དུས་སྐབས་ཀྱི་བང་སོ་ཞིག་ཆ་ཚང་སྒོས་ཉར་ཚགས་དང་རྗེས་ཕྱོགས་ཀྱི་འགྲེམས་སྟོན་འགན་སྲུང་ལ་དམིགས་ཏེ། ད་ལོའི་ཟླ7པ་ནས་འགོ་བརྩམས་ཏེ། བོད་ལྗོངས་གནའ་རྫས་རྟོག་ཞིབ་མི་སྣས་བང་སོ་ཧྲིལ་བོ་གནས་སྤར། འདི་ནི་བོད་ལྗོངས་སུ་ལོ་ངོ་སྟོང་ལྷག་འགོར་བའི་གནའ་བོའི་བང་སོ་ཧྲིལ་བོ་ཐེངས་དང་པོར་གནས་སྤར་པ་རེད།  ...

    2020-12-22 11:45:01 མི་གསལ། 11510
  • 2020ལོའི་ཟླ12པའི་ཚེས8ཉིན།ཇོ་མོ་གླང་མའི་མཐོ་ཚད་ལ་སྨི8848.86ཡོད་པ་ཡོངས་བསྒྲགས་བྱས་པ་རེད།མི་མང་པོ་ཞིག་གིས་ཇོ་མོ་གླང་མ་འདི་ཇེ་མཐོར་སོང་འདུག་ཅེས་བཤད་བཞིན་ཡོད།ཡིན་ནའང་།ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་སྐབས་ཀྱི་གནས་ཚུལ་ཞིབ་གསལ་ཤེས་ཡོང་ན།མཐོ་ཚད་གསར་བ་འདི་འཇལ་ཐུབ་པ་ལ་རང་རྒྱལ་གྱི་ཚན་ཞིབ་ཐོན་རྫས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།...

    2020-12-14 08:41:45 མི་གསལ། 11375
  • ཟླ༡༢པའི་ཚེས༧ནས་ཚེས༨ཉིན།།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་སྒྲུང་གི་འབབ་སྒྲུང་དང་།གཏེར་སྒྲུང་།བརྒྱུད་སྒྲུང་།བསླབ་སྒྲུང་བཅས་ཀྱི་རྒྱུན་འཛིན་མི་སྣའི་རིག་གཞུང་གསལ་འབྱེད་ཚོགས་འདུ་སྐྱེ་རྒུ་གྲོང་རྡལ་དུ་ཚོགས། ...

    2020-12-11 15:13:14 ཆབ་འགག་ཇོ་རུ།  11532
  • ཟླ12པའི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་དུ།མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་འཚུབ་ཟློག་ཞབས་ཕྱི་ཁྱབ་སྤེལ་དང་ཉེར་སྤྱོད་སྐོར་གྱི་བགྲོ་གླེང་ཚོགས་འདུ་ནི་ཟི་ལིང་ཧོང་ཀྲུང་ཆུའུ་རུ་བསྡུས།ཐེངས་འདིའི་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་།ཚོགས་གཙོ་རྒྱ་ཡེ་བཀྲ་བྷོ་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་གུང་ཆིས་ཏིགཚོགས་གཙོ་གཞོན་པ་ཟླ་བ།དྲུང་ཡིག་ཆེན་མོ་འབྲུག་བྱམས་ཚེ་རིང་སོགས་ཚོགས་འདུར་ཞུགས་ཡོད།...

    2020-12-10 15:20:39 མི་གསལ། 11288
  •  ཉེ་སྔོན།སྐབས་གཉིས་པའི《མཛེས་པའི་གཙང་པོ་དང་མཚེའུ་ལ་སྲུང་སྐྱོང་བྱས་ཏེ།དཔེ་སྟོན་གཙང་པོ་དང་མཚེའུ་བརྩོན་ལེན་བྱེད》ཅེས་པའི་རྒྱལ་ཡོངས་ཀྱི་སྤྱི་ཕན་བརྙན་ཐུང་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་མཇུག་འབྲས་ཐོན་ཞིང་།རང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་གྱིས་གདམ་སྐྱེལ་བྱས་པའི་བརྩམས་ཆོས《བརྩེ་བ་འབྲུ་ཆུའི་འགོ་ཁུངས་ལ་བཅངས》ཞེས་པར་བརྙན་ཐུང་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།...

    2020-12-10 14:27:41 དོན་གྲུབ་ཚེ་རིང་། 11216
  • ༄༅།།ཇོ་མོ་གླང་མའི་མཐོ་ཚད་གསར་པ8848.86རེད་འདུག

    ཇོ་མོ་གླང་མ་ནི་རང་རྒྱལ་གྱི་ཆེས་མཐོ་བའི་རི་བོ་ཡིན་པ་དང་།འཛམ་གླིང་ཧྲིལ་པོས་གོ་ལའི་ཡང་རྩེ་རུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།2020ལོའི་ཟླ12པའི་ཚེས8ཉིན།ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན་གསར་ལྟར་ན།ཇོ་མོ་གླང་མའི་མཐོ་ཚད་གསར་པ་ནི་སྨི8848.86ཡིན་པ་དང་།2005ལོར་གཞལ་བའི་མཐོ་ཚད་ལས་སྨི4.43གྱིས་མཐོ་རུ་ཕྱིན་ཡོད་པ་རེད།...

    2020-12-09 11:21:25 མི་གསལ། 6921
  • སང་དར་ལུང་འགོའི་བང་སོ་ཡིས་གནའ་དུས་ཀྱི་བོད་ལྗོངས་ནུབ་རྒྱུད་ཀྱི་སྤྱི་ཚོགས་རྣམ་པ་དང་།འཚོ་བ་སྐྱེལ་སྟངས།དེ་བཞིན་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས།ཤིན་ཅང།ཀྲུང་ཡོན་སོགས་དང་འགྲོ་འོང་ཡོད་པའི་ཐད་ལ་དཔྱད་གཞི་གསར་པ་ཞིག་མཁོ་འདོན་བྱས་ཡོད།...

    2020-12-08 09:34:15 མི་གསལ། 17159
  • ཉེ་ཆར།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་རྫོང་ཉེ་འཁོར་གྱི་གསེར་ཆེན་ཐང་པད་མ་གཏེར་ཆུ་འཛུགས་སྐྲུན་ཁུལ་དུ་ཀེང་རུས་ཤིག་རྙེད་པ་དེ་གནའ་བོའི་བང་སོ་དང་འདྲ།མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་ཆེད་མཁས་པས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད།གནས་དེར་དཔེ་མཚོན་ཅན་གྱི་རྡོའི་པུར་སྒམ་དུར་འཇུག་བྱས་ཡོད་པ་གཏན་འཁེལ་བྱས།པུར་སྒམ་དེའི་འགྲམ་དུ་ཀེང་རུས་ཞིག་ཉལ་ཡོད།ཀེང་རུས་ཀྱི་ལོགས་གཉིས་སུ་རྡོ་ལེབ་མང་པོ་ཡོད་པ་དང་དུར་རྫས་མེད།གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ལ་འགན་ལེན་ཡང་དག་བྱ་ཆེད།གནའ་རྫས་རྟོག་ཞིབ་མི་སྣས་རྡོའི་པུར་སྒམ་གྱི་སྨི20ཡི་ཚངས་ཕྱེད་ཁྱབ་ཁོངས་ནང་ས་ངོས་བཤུ་སློག་བྱས་ཀྱང་རྡོའི་པུར་སྒམ་གསར་པ་གསར་རྙེད་བྱུང་མེད།...

    2020-11-30 10:20:10 མི་གསལ། 16833

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།