“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི”རིམ་སྤེལ་འགྲེམས་སྟོན་པེ་ཅིང་དུ་སྤེལ་མགོ་བརྩམས་པ།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-09-03 09:07:17 ཀློག་གྲངས།:
“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི”རིམ་སྤེལ་འགྲེམས་སྟོན་པེ་ཅིང་དུ་སྤེལ་མགོ་བརྩམས་པ།
   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། མི་རིགས་རིག་གནས་ཕོ་བྲང་གིས་གཙོ་སྒྲུབ་བྱས་པའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི་རིམ་སྤེལ་འགྲེམས་སྟོན”པེ་ཅིང་དུ་དངོས་སུ་སྤེལ་མགོ་བརྩམས། དེའི་ནང“མི་རིགས་ཀྱི་མཆོག་ནོར—མི་རིགས་རིག་གནས་ཕོ་བྲང་ནང་གི་བོད་ཀྱི་རིག་དངོས་རྩ་ཆེན་འགྲེམས་སྟོན”དང་། “མི་རིགས་སོ་སོའི་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ—ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣར་ཕུལ་བའི་ཕྱག་རྟགས་འགྲེམས་སྟོན” “སྔར་འབྱུང་ཤེས་རྟོགས་ཐུབ་པ—ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིང་གི་མི་རིགས་ལས་དོན་གྱི་ཡིག་ཚགས་དམིགས་བསལ་འགྲེམས་སྟོན”སོགས་རིམ་སྤེལ་འགྲེམས་སྟོན་ཚུད་པ་དང་སྤྱི་དམངས་ལ་དངོས་སུ་སྒོ་འབྱེད་པ་རེད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ8པར་འཚོགས་པའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྟེང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ། ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་དགོས་པ་ནན་གྱིས་བསྟན། མི་རིགས་རིག་གནས་ཕོ་བྲང་གིས་རིག་དངོས་རྩ་ཆེན་ཁྲི5ལྷག་དང་། གནའ་དཔེ་ཁྲི20ལྷག དཔེ་དེབ་གཞན་དག་ཁྲི40ལྷག དེ་བཞིན་ཡིག་རིས་སྒྱུ་རྩལ་གྱི་བརྩམས་ཆོས3000བཅས་ཀྱི་ཁྲོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་གང་ལེགས་མཚོན་པའི་རིག་དངོས་རྩ་ཆེན་དང་། གནའ་དཔེ། ཡིག་ཚགས་རྒྱུ་ཆ་བཅས400ལྷག་བདམས་ཏེ། རིག་དངོས་དང་ལོ་རྒྱུས། རིག་གནས་བཅས་ལ་བརྟེན་ནས་ཏང་གི་ལོ་ངོ་བརྒྱའི་རིང་གི་མི་རིགས་ལས་དོན་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་། རང་རྒྱལ་གྱི་མི་རིགས་སོ་སོ་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མཛེས་སྡུག་ལྡན་པའི་རྣམ་པ། མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་མཉམ་དུ་བརྟན་པོར་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་བརྗོད་དོན་ཟབ་མོ་བཅས་མཚོན་ཡོད།
    “མི་རིགས་སོ་སོའི་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ—ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣར་ཕུལ་བའི་ཕྱག་རྟགས་འགྲེམས་སྟོན”ནང་ལོ་རྒྱུས་ཀྱི་རིན་ཐང་དང་ཚན་རིག་གི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་བཅས་ལྡན་པའི་རིག་དངོས་རྩ་ཆེན100ལྷག་བདམས་པ་བརྒྱུད། མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་གྱི་བརྩེ་སེམས་གཅིག་བསྡུས་ངང་མངོན་པ་དང་། མི་རིགས་སོ་སོའི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ཕན་ཚུན་ལག་གདང་སྦྲེལ་ནས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་བཅས་མཚོན་ཡོད།
   “སྔར་འབྱུང་ཤེས་རྟོགས་ཐུབ་པ—ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིང་གི་མི་རིགས་ལས་དོན་གྱི་ཡིག་ཚགས་དམིགས་བསལ་འགྲེམས་སྟོན”ནང་ཚན་རྩལ་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚད་ལྡན་ཡིག་ཆ་རྩ་ཆེན་དང་ཡིག་ཚགས། པར་རིས་བཅས་བསྡོམས་པས200ལྷག་ཇི་མ་ཇི་བཞིན་གྱིས་འགྲེམས་སྟོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིང་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ལས་དོན་སྤེལ་བའི་འབད་འཐབ་ཀྱི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད།
    “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི་རིམ་སྤེལ་འགྲེམས་སྟོན”2020ལོའི་ཟླ8པར་ཐོག་མར་སྤེལ་བ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་ནས་རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་སློབ་གསོ་སྤེལ་ཡུལ་དང་པོར་གྱུར་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་བྱ་གཞག་སྡེ་ཚན་གྱི་ཏང་ཀྲི་པུའུ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བའི་གནས་མཆོག་ཏུ་གྱུར་ཡོད།
རྒྱུས་ལོན་ལྟར་ན། འགྲེམས་སྟོན་དེ་མི་རིགས་རིག་གནས་ཕོ་བྲང་གི་ཐོག་ཁང་གཙོ་བོའི་ཤར་ངོས་སུ་དུས་ཡུན་རིང་པོའི་ནང་འགྲེམས་སྟོན་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་ལ་རིན་མེད་ངང་སྒོ་འབྱེད་རྒྱུ་རེད།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།