ངོས་དང་པོ > སྐབས་དོན། > སྣ་ཚོགས། > མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་སྡུག་ཁྱིམ་གཞིས་བསྐྲུན་པར་འབད་བརྩོན་བྱས།
མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་སྡུག་ཁྱིམ་གཞིས་བསྐྲུན་པར་འབད་བརྩོན་བྱས།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-09-02 14:33:17
ཀློག་གྲངས།:
མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་སྡུག་ཁྱིམ་གཞིས་བསྐྲུན་པར་འབད་བརྩོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཤིང་། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གཏོད་རྒྱུ་གཙོ་གནད་དུ་བཟུང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2018ལོ་ནས2020ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་མངའ་རིས་ས་ཁུལ་ལ་བསྟུད་མར་ལོ་གསུམ་རིང་ཕུལ་བྱུང་ཐོབ་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་དང་ས་བབ་སྨི4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང”མེད་པར་བཟོ་བའི་ལས་དོན་སྤེལ་ཏེ། “ལྟེ་བ་གཅིག་དང་ཁུལ་གཉིས། རྒྱུད་བཞི། ས་ཚིགས་མང་བ”བཅས་ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་བཙུགས་ཡོད་པས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་གཙོད་དང་ནོར་ནག་སོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།