དེབ་གསར། «གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད།»
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-04-28 08:37:03
ཀློག་གྲངས།:
ཉེ་ཆར། རྩོམ་པ་པོ་སྒུ་རུ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བརྩམས་པའི་དེབ་གསར«གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནང་པར་སྐྲུན་འགྲེམས་སྤེལ་བྱས།

དེབ་འདི་ཉིད་ནི་རྩོམ་པ་པོས་ལོ་ངོ་དྲུག་གི་རིང་ལ་གངས་ཅན་ཡུལ་གྱི་རི་ཀླུང་ཐང་གསུམ་གཙོ་བོ་རྣམས་ཁོམ་སྐབས་དང་བསྟུན་རྟོག་ཞིབ་བགྱིས་ཤིང་། བསྡོམས་པས་རི་ཆུ་མཚོ་གསུམ་གྱི་གྲངས་ཀ་བཞི་བརྒྱ་ཙམ་ཟིན་ཐོར་བཀོད་ཡོད་པ་དང་། སྤྱི་དོན་ཆེན་པོ་དྲུག་ཏུ་དབྱེ་ཡོད་དེ། ལེའུ་དང་པོའི་ནང་དུ་རི་ཀླུང་རིག་གནས་སྤྱིར་གླེང་བ་དང་། གཉིས་པ། རི་དང་རི་རྒྱུད། གསུམ་པ། ཆབ་དང་ཆུ་བོ། བཞི་བ། མཚོ་དང་མཚེའུ། ལྔ་བ། གནས་དང་གནས་ལག དྲུག་པ། ཐང་རོང་ཤོད་གསུམ་བྱེ་བྲག་ཏུ་བཤད་པ་བཅས་ལེ་ཚན་ཉིས་བརྒྱ་དང་གྱ་ལྔ་ཕྱེས་ནས་བོད་ཀྱི་རི་ཀླུང་རིག་གནས་ཀྱི་རིགས་དབྱེ་རགས་པར་བྱས་ཏེ་མཚམས་སྦྱོར་བྱས་ཡོད་པར་མ་ཟད། རི་ཀླུང་རིག་གནས་གྲུབ་ཚུལ་དང་རྣམ་པ་སོགས་གནའ་དེང་ཟུང་གིས་མཚོན་པའི་རི་ཀླུང་གི་བཀོད་པ་རྒྱ་ཆེ་གཏིང་ཟབ་གང་ལེགས་མཚོན་ཡོད།
དེབ་འདིའི་བརྗོད་བྱ་ནི་སྔ་རབས་བོད་ཀྱི་མེས་པོ་ཚོའི་བཤད་རྒྱུན་གཞིར་བཟུང་ནས་དམངས་ཁྲོད་ན་གྲགས་པའི་བཤད་པ་ངག་གི་གཏམ་རྒྱུན་རྣམས་ཤེས་རྟོགས་བྱ་རྒྱུ་དེ་ཡིན། རིག་གནས་མིའི་རིགས་རིག་པ་དང་སྣོད་བཅུད་མིའི་རིགས་རིག་པའི་རྩ་མང་མཐོང་ཟུར་སྤྱད་དེ་མདོ་དབུས་གང་སར་འགྲིམས་ནས་མཐོང་ཐོས་མྱོང་གསུམ་བརྒྱུད་རི་ཀླུང་ཐང་གསུམ་གྱི་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། དེའི་ཕྱིར་དེབ་འདིར་རྩ་ཆེའི་རི་ཀླུང་གི་བཤད་རྒྱུན་རྣམས་གང་ཐུབ་གྱི་བཀོད་ཡོད་པར་མ་ཟད། དེའི་རྒྱབ་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད། བཤད་པ་དང་ལོ་རྒྱུས། དེ་བཞིན་སྐྱེ་ཁམས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་རགས་པར་བཤད་ཡོད། དེབ་འདིར་བོད་ཀྱི་རི་ཀླུང་རིག་གནས་རྩ་ཟབ་སྡོང་བརྟན་དང་གསོན་ཤུགས་རབ་ཏུ་རྒྱས་པའི་ཚོར་སྣང་ཟབ་མོ་སྟེར་ངེས་ལ། རི་དང་ཀླུང་ནི་རང་བྱུང་གི་ཐོན་དངོས་ཤིག་ཡིན་པར་མ་ཟད། སྤྱི་ཚོགས་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་ཕྱིའི་བཀོད་པ་མཚོན་བྱེད་ཅིག་ཀྱང་ཡིན། དེའི་བོད་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་ཚེ་སྲོག་ལ་བརྩི་འཇོག་བྱེད་པ་དང་དེ་བཞིན་བསམ་པའི་འཇིག་རྟེན་ལ་བརྩོན་ལེན་ལྷོད་མེད་བྱེད་པའི་དཔང་པོ་བྱས་ཡོད་པར་མ་ཟད་ཁོང་ཚོའི་གཏམ་རྒྱུད་དང་བློ་གྲོས་ནི་དེབ་འདིའི་བླ་སྲོག་ལྟ་བུ་ཡིན།

རྩོམ་པ་པོ་ངོ་སྤྲོད།

དངོས་མིང་ལ་སྒུ་རུ་བཀྲ་ཤིས་དོན་གྲུབ་དུ་འབོད། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་མཇུག་ཏུ་མགོ་ལོག་རྨ་ཆེན་གངས་འདབས་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སྤྱི་ལོ༢༠༠༦ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན། མགོ་ལོག་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་སུ་སྲིད་པའི་ཟོ་དོར་ཆེན་པོ་ཨ་མྱེས་རྨ་ཆེན་གྱི་བྱུང་བ་བརྗོད་པ«སྲིད་པའི་རྨ་རབས»དང་། བོད་ཀྱི་ལྷ་གཉན་ཆེན་པོ་རྨ་ཆེན་གྱི་མཆོད་བསྟོད«རྨ་རྒྱལ་དཔང་བསྟོད» «ཡུལ་མགོ་ལོག་གི་རི་ཆུའི་རིག་གནས་སྲིད་པ་གཏམ་གྱི་བང་མཛོད»སོགས་པར་དུ་བསྐྲུན་མྱོང་། ད་ལྟ་མགོ་ལོག་ཁུལ་རིག་ལས་ཡུལ་སྐོར་རྒྱང་བརྙན་ཅུས་གེ་སར་རིག་གཞུང་ཞིབ་འཇུག་ལྟེ་གནས་སུ་ལས་ཞུགས་བྱེད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།