འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་རྟོག་ཞིབ། དུས་ཚོད།:2025-02-21 10:18:40 ཀློག་གྲངས།:
       2025ལོའི་ཟླ2པའི་ཚེས19ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་སྒྲུབ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་འགན་སྒྲུབ་བྱས་པ་ལྟར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་རིག་པའི་གླེང་སྟེགས་སུ(2025ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་བའི་ཚོགས་འདུ)པེ་ཅིན་དུ་འཚོགས།
       2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་གདམ་གསེས་བྱས་པའི་ཁྲོད་སི་ཁྲོན་འབར་ཁམས་གྲོང་ཁྱེར་ཁོ་ནོ་གྲོང་ཚོའི་རྗེས་ཤུལ་དེ2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་བདམས་བཀོད་ཐུབ་ཡོད། གནའ་རྫས་ཀྱི་རྗེས་ཤུལ་འདི་ནི་སི་ཁྲོན་ནུབ་རྒྱུད་ས་ཁུལ་ནས་ད་བར་རྙེད་པའི་ལོ་རབས་སྔ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཉར་ཚགས་ཡག་ཤོས་ཡིན་པ་མ་ཟད། རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་ཡང་ཡིན་པས། མཚོ་བོད་མཐོ་སྒང་ཤར་རྒྱུད་དུ་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་བྱེད་པར་དཔྱད་གཞི་གསར་པ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
       ཁོ་ནོ་གྲོང་ཚོའི་གནའ་ཤུལ་ནི་འབྲི་ཆུའི་ཆུ་ལག་གལ་ཆེན་ཏེ་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད་ལ། བྱང་རྒྱུད་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་ལྷོ་དང་མཚོ་སྔོན་ས་ཁུལ་དང་ཐག་ཉེ་ཡོད། གནའ་ཤུལ་དུ་ཡོད་པའི་སྔ་མོའི་རིག་གནས་རྣམ་པ་དང་རྨ་ཆུའི་དབུས་རྒྱུད་ས་ཁུལ་ལས་ཏ་ཏི་ཝན་གྱི་དུས་རིམ་བཞི་པའི་སྐབས་ཀྱི་དབྱང་ཧྲའོ་དུས་མཇུག་གི་གནའ་དངོས་དང་རིག་གནས་ཁྱབ་ཁོངས་གཅིག་གི་ཁོངས་སུ་གཏོགས་པས། འབྲི་ཆུའི་རྒྱུད་དང་རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་གནའ་བོའི་རིག་གནས་སྤེལ་རེས་དང་འབྲེལ་འདྲིས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
       ཁོ་ནོའི་གནའ་ཤུལ་ནས་ཐོན་པའི་གནའ་རྫས་ཀྱི་པར་འདི་རྣམས་ནི་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།