མཚོ་ལྷོའི་རྩོམ་པ་པོ་ཁོང་གཉིས་ལ་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-13 09:55:44 ཀློག་གྲངས།:
       ཟླ༡༡པའི་ཚེས༨ཉིན། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པ་སྤྲོད་པའི་མཛད་སྒོ་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ནི་རང་རྒྱལ་གྱི་བོད་ཡིག་རྩོམ་རིག་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཆེད་ལས་བྱ་དགའ་ཞིག་ཡིན། དེ་བཞིན་དགའ་འོས་པ་དང་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ལ་ཕ་ཡུལ་མཚོ་ལྷོ་ཁུལ་ནས་ཡིན་པའི་རྩོམ་པ་པོ་གཉིས་ལའང་བྱ་དགའ་འདི་རེག་ཡོད་པ་རེད།
►སྙན་ངག་སྐོར་གྱི་བྱ་དགའ་ཐོབ་མཁན་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀ་ལགས།
       དཔལ་ལྡན་རྒྱ་མཚོ། པིར་མིང་ལ་མདོ་སྨད་ཧེ་རུ་ཀ་རུ་འབོད། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མི། རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་ཡིན། སྔ་ཕྱིར«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «ཟླ་ཟེར» «གངས་དཀར་རི་བོ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «གངས་ལྗོངས་རིག་གནས» «མཚོ་སྔོན་བོད་ཡིག་གསར་འགྱུར» «ཁྲིམ་ལུགས་ཚགས་པར»བཅས་བོད་ཁུལ་གྱི་དུས་དེབ་སོ་སོའི་སྟེང་ལ་སྙན་ངག་དང་ལྷུག་རྩོམ། དཔྱད་བརྗོད།  སྒྲུང་གཏམ་སོགས་ཆིག་སྟོང་ལྷག་སྤེལ།དེར་བརྟེན«བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད》དང་། «ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ།-བོད་ཀྱི་དེང་རབས་སྙན་ངག་མྱོང་དཔྱད» «ཉི་ཟླའི་སྒོ་དར་ཁྲ་ཁྲ» «རྩོམ་རིག་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས» «སྙན་ངག་གསར་བའི་ཞིབ་རྟོག» «སྙན་ངག་གསར་པའི་མྱོང་བཀྲོལ་དང་དཔྱད་པ» «དབྱངས་གསལ་གན་མཛོད། སྙན་ངག་ཆིག་སྟོང་རྩ་གཅིག་མ»སོགས་ཆེད་དེབ་དྲུག་དང་བསྒྱུར་དེབ་གཅིག སྒྲིག་དེབ་གཉིས་བཅས་པར་དུ་བསྐྲུན་ཡོད། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དང་ཨེ་པ་ཚང་རྩོམ་རིག་བྱ་དགའ། གངས་རྩེ་རྟགས་མའི་བྱ་དགའ། 2021ལོར་མཚོ་སྔོན་ཉིན་རེ་ཚགས་པར། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་གསར་འཕྲིན་རྩོམ་བྲིའི་བྱ་དགའ། རྒྱལ་ཡོངས་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་སོགས་ཐོབ།
བྱ་དགའི་རྟགས་མ་དང་དཔང་ཡིག
►སྒྲུང་འབྲིང་སྐོར་གྱི་བྱ་དགའ་ཐོབ་མཁན་གཡུ་རྔོག་ཚེ་བཀྲ་ལགས།
       གཡུ་རྔོག་ཚེ་བཀྲ། མཚོ་ལྷོ་འབའ་རྫོང་གི་མི། རྩོམ་པ་པོ་དང་ལོ་ཙཱ་བ། སྔ་ཕྱིར་མཚོ་སྔོན་མི་རིགས་སློབ་ཆེན་དང་། ཨ་རིའི་ཝིར་ཅི་ཉི་ཡཱ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་བཅས་སུ་སློབ་གཉེར་བྱས་ཏེ། རབ་འབྱམས་པའི་བསླབ་གནས་དང་འབུམ་རམས་པའི་བསླབ་གནས་བླངས། རིག་གཞུང་དཔྱད་རྩོམ་དང་འགྱུར་རྩོམ།
       གསར་རྩོམ་བཞི་བཅུ་ལྷག་དུས་དེབ་ཁག་ཏུ་བཀོད་མྱོང་ཞིང་། 2016ལོར«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཀྱི་ལོ་འཁོར་སྒྲུང་གཏམ་བྱ་དགའ་ཐོབ། 2019ལོར། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་བྱ་དགའ་ཨང་དང་པོ་ཐོབ། 2023ལོར། སྒྲུང་ཐུང་དེབ«སྦས་ཡུལ»པར་དུ་བསྐྲུན་ཞིང་། «ཟླ་ཟེར»དུས་དེབ་ཀྱིས་ལོ་འཁོར་སྒྲུང་གཏམ་བྱ་དགའ་ཐོབ། 2024ལོར། «སྦྲང་ཆར»སྨྱུག་གསར་བྱ་དགའ་ཐོབ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་མིང་ཙམ་འཛིན་མུས་དང་ལས་ཞོར་དུ“སྦས་ཡུལ”འཚོལ་མུས་སུ་མཆིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།