དེབ་གསར། «ཤེས་རིག་གི་འབྱུང་ཁུངས། —ལྷ་སྒྲུང་དང་བྲོ་དང་ཆོ་ག་ལ་དཔྱད་པ»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-20 09:38:31 ཀློག་གྲངས།:
       ཉེ་ལམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བན་དེ་ལྷུན་འགྲུབ་ལགས་ཀྱི་རིག་གཞུང་ཞིབ་འཇུག་དེབ་གསར«ཤེས་རིག་གི་འབྱུང་ཁུངས།—ལྷ་སྒྲུང་དང་བྲོ་དང་ཆོ་ག་ལ་དཔྱད་པ»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
ནང་དོན་གནད་བསྡུས།
       ལྷ་སྒྲུང་དང་བྲོ། ཆོ་ག་གསུམ་ནི་བོད་མིའི་ཤེས་རིག་གི་འབྱུང་ཁུངས་གཙོ་གྲས་གསུམ་སྟེ། དང་པོ་ལྷ་སྒྲུང་ནི། བོད་མིའི་མེས་པོ་རྣམས་ཀྱིས་ཕྱིའི་རང་བྱུང་ཁམས་ལ་ཐོག་མའི་ངོས་འཛིན་པའི་གདོད་མའི་དད་མོས་ལ་འབྲེལ་ཞིང་། ཐུན་མོང་གིས་གསར་རྩོམ་དང་མི་རབས་ནས་མི་རབས་སུ་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་པས། ངག་ཐོག་རིག་གནས་ཀྱི་ས་བོན་ལྟ་བུ་རུ་འདྲེན་ཆོག གཉིས་པ་བྲོ་ནི་སྒྱུ་རྩལ་ཀུན་གྱི་མ་ཡུམ་ལྟ་བུར་བགྲངས་ཡོད་པ་ནང་བཞིན། དེ་རུ་བོད་མིའི་མེས་པོ་དག་གི་ཐོན་སྐྱེད་ངལ་རྩོལ་དང་། དད་མོས་མཆོད་འབུལ། མཛེས་རྟོག་གི་ལྟ་ཚུལ། བསམ་བློའི་རེ་སྙེག་སོགས་མངོན་པར་མཚོན་ཡོད། གསུམ་པ་ཆོ་ག་ནི་བོད་མིའི་མེས་པོ་ཚོས། ཕྱི་རོལ་ཡུལ་ལ་མག་མོག་རབ་རིབ་ཀྱི་ངོས་འཛིན་ནམ་སྟབས་བདེའི་བསྒྱུར་བཀོད་བྱེད་པའི་ཐོག་མའི་དུས་སུ་བྱུང་བ་སྟེ། དད་མོས་དང་ཆབ་སྲིད། རོལ་རྩེད། སྒྱུ་རྩལ་སོགས་རིག་གནས་སྲོལ་རྒྱུན་ཀུན་གྱི་སྣོད་ཆས་ལྟ་བུར་གྲུབ་ཡོད། དེབ་འདི་རུ་ལྷ་སྒྲུང་དང་བྲོ། ཆོ་ག་གསུམ་དང་འབྲེལ་བའི་རིག་ཚན་དག་གི་ལོ་རྒྱུས་དང་གཞུང་ལུགས། ཐབས་ལམ་སྐོར་ངོ་སྤྲོད་དང་། སྒོས་སུ་མི་རྗེ་ལྷ་ཡིས་མཛད་པའི་ལྷ་སྒྲུང་། གར་བྲོ་དང་ལྷ་བྲོའི་གནའ་བོའི་སྒྱུ་རྩལ་རིན་ཐང་། རྒྱལ་གཤེན་བསྟན་པ་མཉམ་ཆགས། བོད་ཡུལ་གྱི་ཆོ་གའི་རིགས། ལྷ་སྒྲུང་དང་བྲོ། ཆོ་ག་གསུམ་གཅིག་འདུས་ཀྱི་ངོ་བོ་ཅན་བོན་གྱི་གཟེ་མ་དགུ་འཆམ་དང་སྲིད་པ་སྒོང་གྲོལ། བན་བོན་འཆམ་གྱི་འབྱུང་ཁུངས་སོགས་ལ་དཔྱད་པ་ཅུང་ཟད་བགྱིས་པ་འདིས་ཀྱང་། འབྲེལ་ཡོད་ཞིབ་འཇུག་ལ་ཕན་ཅུང་ཟད་རེ་ཐོགས་པར་སྨོན།
དེབ་ཀྱི་དཀར་ཆག
རྩོམ་པ་པོ་ངོ་སྤྲོད།
       བན་དེ་ལྷུན་འགྲུབ། མཚོ་སྔོན་རེབ་གོང་ཚོ་བཞི་རུ་སྐྱེས། 2020ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཆེད་ལས་ཀྱི་འབུམ་རམས་པའི་སློབ་མཐར་ཕྱིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
       མཚོན་བྱེད་བརྩམས་ཆོས་ལ«མདོ་སྨད་རེབ་གོང་ཡུལ་གྱི་སྒྲུང་གི་རིག་གནས་ལ་དཔྱད་པ»དང«ཉེར་མཁོའི་རྩ་བ་བློ་གྲོས་ཀུ་མུ་ཏའི་ཁ་འབྱེད» «གེ་སར་སྒྲུང་ལས་འཕྲོས་པའི་དམངས་ཁྲོད་རིག་གནས་ལ་དཔྱད་པ»སོགས་མཆིས། སྔ་ཕྱིར«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»གཙོས་འབྲེལ་ཡོད་ཀྱི་རིག་གཞུང་དུས་དེབ་དག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ20ལ་ཉེ་བ་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།