ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི༢༠༢༥ལོའི་ལོ་ཚོགས་ཟི་ལིང་ནས་བསྡུས་པ།
མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི༢༠༢༥ལོའི་ལོ་ཚོགས་ཟི་ལིང་ནས་བསྡུས་པ།
རྩོམ་པ་པོ།:ཡེ་ཤེས་སྒྲོལ་མ། ཤ་མོ་འཚོ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-11-28 08:50:00
ཀློག་གྲངས།:
ཉེ་སྔོན། མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིང་གི་རྒྱབ་སྐྱོར་འོག་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2025ལོའི་ལོ་ཚོགས་ཟི་ལིང་དུ་བསྡུས་ཤིང་། དེ་དང་འབྲེལ་གེ་སར་རིག་གནས་བཤམས་སྟོན་ཁང་དང་རྗེ་ཙོང་ཁ་པ་རིག་གནས་ཞིབ་འཇུག་ལྟེ་གནས་གཉིས་ཀྱི་ནང་གི་བཀོད་པའི་ཐད་ལ་ཆེད་མཁས་པ་རྣམས་ཀྱིས་བགྲོ་གླེང་མཛད།

ཐེངས་འདིའི་ཚོགས་འདུར་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལས་ཚབ་ཚོགས་གཙོ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། སི་ཁྲོན་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སེར་ཤུལ་ཁྲི་བ་རིན་པོ་ཆེ་མཆོག་གིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་། ཚོགས་གཙོ་སྨོན་ལམ་རྒྱ་མཚོས་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2025ལོའི་བྱ་བར་སྤྱི་བསྡོམས་དང་ལོ་རྗེས་མའི་བྱ་བར་བཀོད་སྒྲིག་གནང་།
ཐེངས་འདིའི་ཚོགས་འདུའི་སྟེང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་སྟག་འབུམ་ཐར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་རིག་གནས་ལོ་རྒྱུས་ཁང་གི་ཚགས་གཉེར་པ་ཤེར་འཚོ། སི་ཁྲོན་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སེར་ཤུལ་ཁྲི་བ་རིན་པོ་ཆེ། མཚོ་སྔོན་དགེ་འོས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱི་དགེ་རྒན་ཆེན་མོ། དགོན་སྡེ་ཁག་ནས་ཕེབས་པའི་དགེ་བཤེས་བཅས་མི50ལྷག་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་གཅིག་གི་བྱ་བར་སྤྱི་བསྡོམས་དང་ལོ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་པ་དང་། གེ་སར་རིག་གནས་བཤམས་སྟོན་ཁང་དང་རྗེ་ཙོང་ཁ་པ་རིག་གནས་ཞིབ་འཇུག་ལྟེ་གནས་གཉིས་ཀྱི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། བོད་ཀྱི་བླ་སྦྲུལ་དང་མཁས་པ་རྣམས་གེ་སར་རིག་གནས་བཤམས་སྟོན་ཁང་དང་རྗེ་ཙོང་ཁ་པ་རིག་གནས་ཞིབ་འཇུག་ལྟེ་གནས་གཉིས་ཀྱི་འཛུགས་སྐྲུན་ཡུལ་དངོས་ལ་ལྟ་སྦྱོང་དུ་སོང་སྟེ། བཤམས་སྟོན་ཁང་དང་ཞིབ་འཇུག་ལྟེ་གནས་གཉིས་ཀྱི་ནང་གི་བཀོད་པའི་ཐད་བགྲོ་གླེང་བྱས།
རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་དང་གེ་སར་རིག་གནས་བཤམས་སྟོན་ཁང་གཉིས་ནི2015ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ལ་རིམ་པ་བཞིན་རེ་ཞུ་བྱས་པ་བརྒྱུད། 2019ལོར་དངོས་སུ་ལས་མགོ་བརྩམས་པ་དང་། ལོ་ངོ་དྲུག་གི་འབད་པ་བརྒྱུད། སའི་རྒྱ་ཁྱོན་ལ་མུའུ40དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ40044.5ཅན་གྱི་ལས་གཞི་ཆེན་པོ་འདི་ཡོངས་སུ་ལེགས་འགྲུབ་བྱུང་།

ཞིབ་འཇུག་ཚོགས་པ་འདིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྗེ་ཙོང་ཁ་པ་མཆོག་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐོར་ནས་གནང་བའི་གསུང་བཤད་ཀྱི་སྙིང་བོ་གཞིར་བཟུང་སྟེ། ཏང་གི་མི་རིགས་རིག་གནས་འཛུགས་སྐྲུན་གྱི་ཆབ་སྲིད་ལམ་ཕྱོགས་དངོས་འབེབས་མཐར་ཕྱིན་བྱས་པའི་ཞོར་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་སྟངས་ལ་གཡོ་བ་མེད་པར་མཚོ་སྔོན་ས་གནས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཕྱོགས་ལ་ནུས་པ་ལེགས་པོ་བཏོན། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་འདི་བཙུགས་པ་ནས་བཟུང་། མཚོ་སྔོན་ལ་གཞི་བཙུགས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ། རིག་གནས་ཀྱི་བྱེད་སྒོ་སྣ་མང་འདོན་སྤེལ་བྱས་ནས་ཀུན་ལ་མངོན་དུ་རུང་བའི་གྲུབ་འབྲས་མང་པོ་ཞིག་བླངས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དང་རིག་གནས་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号