བ་རེས། མཚོ་མགོའི་དཔལ་རྟུལ་ཁེར་འགྲོ།

རྩོམ་པ་པོ།:གངས་ཞུན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-27 08:40:58 ཀློག་གྲངས།:
བ་རེས། མཚོ་མགོའི་དཔལ་རྟུལ་ཁེར་འགྲོ།
                              —རྩོམ་པ་པོ་བ་རེས་གཤེགས་པར་ཕུལ།
གངས་ཞུན།

མཚོ་སྔོན་པོའི་མཚོ་མགོ་ནས།
བོད་ཡིག་གི་རུ་དར་བསྒྲེངས་ཏེ།
རི་ཆུ་ལུང་གསུམ་ལ་བྱ་ར་མཛད་པ་ནི།
ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཡིན།

རྟ་མཆོག་གཡུ་འབྲུག་འདྲ་བར་བཅིབས་ཏེ།
ཚྭ་མཚོ་ཁ་ནས།
ཁེར་རྐྱང་གིས་འགྲོ་དུས།
ཁྱེད་ལ་དཔལ་རྟུལ་ཞིག་གི་མཚན་ཉིད་ཚང་ཡོད།

དེ་རིང་།
ཁྱེད་ཉིད་ཕེབས་སོང་བ་ཐོས་པས།
ཡང་བསྐྱར།
མཚོ་མགོའི་ཕྱོགས་ལ་མགོ་བོ་ལན་གསུམ་སྒུར།
དེ་ན་ཁྱེད་ཀྱི་དཔའ་རྟགས་ཁྱབ་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།