-
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དུ་འཛིན་དགོས།»
སྤྱི་ཚོགས་ཞི་མཐུན་བརྟན་བརླིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་རྣལ་མ་ཞིག་ཡོང་དགོས་ན།ད་དུང་ལམ་ལུགས་ལ་བརྟེན་དགོས།རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ང་ཚོའི་ནུས་སྟོབས་ཆེན་པོ་ལ་བརྟེན་དགོས།བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ལ་བརྟེན་དགོས།དེ་ལ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ།ངེས་པར་དུ་ཁྱབ་ཁོངས་ཁག་ཀུན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།...
2024-08-28 08:03:50 མཚོ་སྔོན་པོ་དྲ་བ། 12091 -
[ཉིན་རེའི་ཞལ་གསུང་།]
«ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་དང་ཕྱོགས་བསྡོམས་གཏིང་ཟབ་བྱེད་པའི་གྲོས་ཚོགས་ཐོག་གི་གསུང་བཤད།»
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ།དེས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་བཏོད་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའང་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ།དེས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་མ་ལག་ཅན་དང་སྤྱི་ཡོངས་ཅན་གྱི་ཇུས་འགོད་ཀྱི་སྒོ་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པའི་སྒོ་མོ་ཕྱེ་བ་དང་།རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་ཡོད།ང་ཚོས་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ལ་བརྟེན་ནས་ཕྱོགས་...
2024-08-27 08:02:12 མཚོ་སྔོན་པོ་དྲ་བ། 12081 -
[ཉིན་རེའི་ཞལ་གསུང་།]
«བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»
བསྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གི་གོ་རྟོགས་རླབས་པོ་ཆེ་སད་པ་ཞིག་ཡིན་ཞིང་།གོ་རྟོགས་རླབས་པོ་ཆེ་སད་པ་འདིའི་དབང་གིས་ང་ཚོའི་ཏང་ལ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་པོ་ཆེ་བྱེད་སྐལ་བྱུང་བ་རེད།བསྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཐོག་གི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་པས།གསར་བརྗེ་རླབས་པོ་ཆེ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཕུར་མཆོང་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་ཡོད།...
2024-08-26 08:34:43 མཚོ་སྔོན་པོ་དྲ་བ། 12025 -
བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་ཐབས་བཀོད་ཅིག་ཡིན་ལ།ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གནད་འགག་གི་ཐབས་བཀོད་ཅིག་ཀྱང་ཡིན།ང་ཚོའི་ད་ལྟའི་གནད་འགག་གི་ཐབས་བཀོད་ནི་སྔར་བཞིན་བསྒྱུར་བཅོས་སྒོ་འབྱེད་ཡིན།ལག་ལེན་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐེད་མེད་པ་དང་།བསམ་བློ་བཅིངས་འགྲོལ་ལ་ནམ་ཡང་རྫོགས་མཐའ་མེད་ལ།བསྒྱུར་བཅོས་སྒོ་འབྱེད་ལའང་ནམ་ཡང་རྫོགས་མཐའ་མེད་པས།མཚམས་འཇོག་དང་ཕྱིར་བཤོལ་བྱས་ཚེ་མདུན་ལམ་མེད།ད་ལྟ།བསྒྱུར་བཅོས་ལ་འགལ་བ་མང་བ་དང་དཀའ་ཚད་ཆེ་མོད།འོན་ཀྱང་བསྒྱུར་བཅོས་མི་བྱེད་རང་བྱེད་ཡིན།ང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་...
2024-08-23 07:06:50 མཚོ་སྔོན་པོ་དྲ་བ། 11980 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་གཙོ་བོ་ལས་དོན་ཁག་དྲུག་དམ་འཛིན་བྱེད་དགོས།»
བསྒྱུར་བཅོས་སྒོ་འབྱེད་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་རླབས་པོ་ཆེ་གསར་པ་བྱས་པ་ཞིག་དང་།དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་གདམ་ག་ཞིག་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྒྱུ་མཚན་ནི་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་རྐྱེན་གྱིས་རེད།འདས་ཟིན་པའི་ལོ་ངོ༣༠ལྷག་གི་ནང་རང་རྒྱལ་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་པ་དང་།ཕྱིན་ཆད་རང་རྒྱལ་འཕེལ་རྒྱས་གཏོང་རྒྱུ་དེའང་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས་པ་རེད།བསྒྱུར་བཅོས་སྒོ་འབྱེད་ཁོ་ནས་ད་གཟོད་ཀྲུང་གོ་དང་།སྤྱི་ཚོགས་རིང་ལུགས།མར་ཁེ་སིའི་རིང་ལུགས་བཅས་འཕེལ་རྒྱས་གཏོང་ཐུབ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་...
2024-08-22 08:34:38 མཚོ་སྔོན་པོ་དྲ་བ། 11980 -
[ཉིན་རེའི་ཞལ་གསུང་།]
སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད།
རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས་ན་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣར་བརྟེན་དགོས་པས།ངེས་པར་དུ་མ་ལག་ཅན་དང་རིམ་པ་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་སྟེགས་བསྐྲུན་ནས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་སྔར་ལས་མང་བ་འགྲན་རེས་བྱས་ནས་ཐོན་པར་བྱེད་དགོས།རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་འཆར་གཞིས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འཐབ་ཇུས་ཀྱི་ཚན་རིག་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པ།ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣས་འགན་གཙོ་བོ་འཁུར་བ་དང་།ལས་འགན་ལྕི་མོ་འཁུར་བར་རྒྱབ་སྐྱོར་བཅས་བྱས་ཏེ།ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་དང་གསར་གཏོད་ཚོགས་པ་རྩེ་གྲ་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས།...
2024-08-21 08:03:25 མཚོ་སྔོན་པོ་དྲ་བ། 11867 -
[ཉིན་རེའི་ཞལ་གསུང་།]
«དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་མཐོ་ས་མགྱོགས་མྱུར་སྐྲུན་དགོས།»
མཁོ་གལ་ཆེ་ཞིང་ཧ་ཅང་དཀོན་པའི་དམིགས་བསལ་གྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱི་སྲིད་ཇུས་ཡོད་དགོས།གཞན་ལ་འཛོལ་མེད་སྐྱོན་བྲལ་ཡོང་རེ་བྱེད་མི་རུང་ལ།བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་མི་རུང་།ཚང་མ་ཁྲེ་ཙེ་གཅིག་གིས་བསྡུར་ཞིབ་བྱེད་མི་རུང་བར་འཇོན་ཐང་དང་ཡོན་ཏན་ངོ་མ་ལྡན་པའི་ཤེས་ལྡན་མི་སྣར་ནུས་རྩལ་འདོན་ཡུལ་ཡོད་པར་བྱེད་དགོས།ཡིད་ཆེས་རྨང་གཞིར་བྱས་པའི་ཤེས་ལྡན་མི་སྣའི་བཀོལ་སྤྱོད་ལམ་སྲོལ་བཙུགས་ཏེ།ཕམ་ཁ་བྱུང་ཆོག་པ་དང་ཕམ་ཁ་བྱུང་བར་བཟོད་སྒོམ་བྱེད་པ།ཚན་རིག་པ་རང་གནས་ཀྱི་ཚན་ཞིབ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ།ཚན་རིག་ཞིབ་འཇུག་ལས་འགན་གྱི་སྒྲུབ་འགན་ཁས་ལེན་དང་རྟ་རྒྱུག་ལམ་ལུགས་འཐུས་ཚང་དུ་གཏོང་བ།དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་པའི་དམག་བཀའ་ཁུར་ལེན་ཞུ་ཡིག་ལམ་ལུགས་ལག་བསྟར་བྱེད་པ།ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་དམག་དཔུང་ཁྲིད་ནས་གཡུལ་སར་སྐྱོད་པ་ལ་བསྔགས་སྐུལ་བྱེད་དགོས།རིགས་མི་འདྲ་བའི་ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་དགོས།ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་ཀྱི་བདག་རྐྱེན་རིན་ཐང་གང་ལེགས་མཚོན་པའི་ཁེ་ཕན་བགོ་བ...
2024-08-20 08:16:34 མཚོ་སྔོན་པོ་དྲ་བ། 11718 -
[ཉིན་རེའི་ཞལ་གསུང་།]
«དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་མཐོ་ས་མགྱོགས་མྱུར་སྐྲུན་དགོས།»
རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་སྟེང་དུ་འཇོག་པ་དང་།ན་གཞོན་ཤེས་ལྡན་མི་སྣར་ཡིད་ཆེས་སྔར་ལས་མང་བ་དང་།རོགས་རམ་སྔར་ལས་ལེགས་པ།རྒྱབ་སྐྱོར་སྔར་ལས་ནུས་ལྡན་བཅས་བྱས་ཏེ།ན་གཞོན་ཤེས་ལྡན་མི་སྣས་གཙོ་འགན་འཁུར་བ་དང་གཙོ་འཁྲབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ན་གཞོན་ཤེས་ལྡན་མི་སྣར་ཕྱོགས་པ་དང་།རྒྱབ་སྐྱོར་བྱེད་ཁྱོན་ཆེ་རུ་གཏོང་བ།རྒྱབ་སྐྱོར་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱེད་དགོས།ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་མདུན་དུ་ལྷགས་པའི་དཀའ་ངལ་དངོས་ཐག་གཅོད་བྱེད་པར་མཐོང་ཆེན་བྱས་ཏེ།ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་ལུས་བདེ་སེམས་སྐྱིད་ངང་ལས་ལ་བརྩོན་ཐུབ་པ་བྱེད་དགོས།ཕུལ་བྱུང་གི་ན་གཞོན་ཤེས་ལྡན་མི་སྣའི་ཕྲེང་འབྲེལ་ཡོངས་ཀྱི་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།མཐོ་རིམ་སློབ་གྲྭའི་ཕུལ་བྱུང་མཐར་ཕྱིན་སློབ་མའི་རྒྱུན་མཐུད་གསོ་སྐྱོང་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་བྱེད་པ།མཐོ་རིམ་སློབ་...
2024-08-19 08:35:56 མཚོ་སྔོན་པོ་དྲ་བ། 11871 -
[ཉིན་རེའི་ཞལ་གསུང་།]
«བདག་རྐྱེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མ་རྩ་འཇོག་ཁྱོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་བོ་ཡིན་པ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་བོར་འཛིན་པའི་ཕྱོགས་སུ་མགྱོགས་པོར་སྒྱུར་དགོས།»
བསྐལ་བརྒྱའི་དོན་ཆེན་སྒྲུབ་ན་ཤེས་ལྡན་མི་སྣ་གཅེས་སུ་འཛིན་ཟེར་བ་ལྟར།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་དགོས་ན་ཤེས་ལྡན་མི་སྣ་ཇི་ལྟར་མང་ན་དེ་ལྟར་བཟང་བ་དང་།འཇོན་ཐང་ཇི་ལྟར་ཆེ་ན་དེ་ལྟར་ལེགས་པ་རེད།རང་རྒྱལ་ནི་མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ།རིག་སྟོབས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན།རང་རྒྱལ་གྱི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་ཀླད་པའི་ནང་དུ་སྦས་ཡོད་པའི་བློ་གྲོས་ཀྱི་ཐོན་ཁུངས་ནི་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན།ཤེས་བྱ་ནི་སྟོབས་ཤུགས་ཡིན་པ་དང་ཤེས་ལྡན་མི་སྣ་ནི་མ་འོངས་པ་ཡིན།...
2024-08-16 08:35:38 མཚོ་སྔོན་པོ་དྲ་བ། 11894 -
[ཉིན་རེའི་ཞལ་གསུང་།]
«འབད་བརྩོན་བྱས་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་ཆགས་པར་བྱེད་དགོས།»
ལག་ལེན་ལས་ང་ཚོར་གསལ་བཤད་ཡང་ཡང་བྱས་གསལ།འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ནི་སློང་བས་མི་ཐོབ་པ་དང་།ཉོ་བས་མི་ཁུག་པ།ཞུ་བས་མི་རྙེད་པ་ཞིག་རེད།འགག་རྩ་དང་སྲོག་ཤིང་གི་ལག་རྩལ་རང་ཉིད་ལ་དབང་བ་ཡིན་ན་གཞི་ནས་རྒཡླ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་།རྒྱལ་སྲུང་བདེ་འཇགས།བདེ་འཇགས་གཞན་དག་བཅས་རྩ་བའི་ཐོག་ནས་འགན་སྲུང་བྱེད་ཐུབ་པ་རེད།དེ་ལ་གདེང་ཚོད་བཞི་ཆེ་རུ་སྐྱེད་པ་དང་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་།མདུན་སྣེའི་སྣ་ཁྲིད་ལག་རྩལ།དེང་རབས་ཀྱི་བཟོ་སྐྲུན་ལག་རྩལ།རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བཅས་ཐོད་བརྒལ་བྱེད་ས་བྱས་ཏེ།སྔོན་རབས་པ་བསྐྱོད་མྱོང་མེད་པའི་ལམ་ཐོག་ཏུ་བསྐྱོད་ཕོད་པ་དང་།ཧུར་བརྩོན་ཆེན་པོས་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་རང་བདག་དང་ཚོད་འཛིན་ཐུབ་...
2024-08-14 08:22:39 མཚོ་སྔོན་པོ་དྲ་བ། 11763 -
[ཉིན་རེའི་ཞལ་གསུང་།]
«སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་ཐོག་གི་གསུང་བཤད།»
མ་འོངས་པར་ཁ་ཕྱོགས་ཚེ།ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པ་ནི་ཚོད་འཛིན་བྱེད་དཀའ་ཤོས་ཡིན་མོད།འོན་ཀྱང་ངེས་པར་དུ་ཁ་གཏད་འཇལ་དགོས་པའི་ངེས་གཏན་མེད་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན་པས།འཛིན་ཐུབ་ན་གོ་སྐབས་ཡིན་ལ།འཛིན་མ་ཐུབ་ན་འགྲན་སློང་རེད་ཅེས་བཤད་ཆོགཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཚུལ་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ་སྟེ།ལུས་རྩལ་འགྲན་སྡུར་དེ་འགྲན་ར་གསར་པ་ཞིག་ཏུ་བརྗེ་བ་ནང་བཞིན།གལ་ཏེ་ང་ཚོ་ད་དུང་སྔར་གྱི་འགྲན་རར་བསྡད་ན་སུ་གང་གི་རྗེས་ཀྱང་མི་ཆོད།ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་།འཛམ་གླིང་གི་ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་ཤེས་ཚོར་སྐྱེན་པོས་ཁོང་དུ་ཆུད་པ།རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས་པ་ལས།རེ་སྒུག་དང་།བབ་ལྟ།སྒྱིད་ལུག་བཅས་བྱེད་མི་རུང་།...
2024-08-13 07:54:41 མཚོ་སྔོན་པོ་དྲ་བ། 11735 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་རྩལ་མཐུན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་ཚོ་ཆུང་མཉམ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཀྱི་གསུང་བཤད།»
བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།ང་ཚོས་མང་ཆེ་བ་ཐོན་ཁུངས་དང་།མ་རྩ།ངལ་རྩོལ་ནུས་ཤུགས་སོགས་ཀྱི་བདག་རྐྱེན་སྤྱོད་པར་བརྟེན་ནས་དཔལ་འབྱོར་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་གཞི་ཁྱོན་རྒྱ་བསྐྱེད་པར་འདེགས་སྐྱོར་བྱས་ཡོད།བསྒྱུར་བཅོས་སྒོ་འབྱེད་འཕེལ་རྒྱས་བྱུང་ནས་ད་ལྟའི་བར་དུ་བདག་རྐྱེན་འདི་དག་གི་ཆ་རྐྱེན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པས།ད་དུང་སྔོན་ཆད་ནང་བཞིན་བདག་རྐྱེན་འདི་དག་གཏོང་འཇོག་བྱ་རྒྱུ་གཙོ་བོར་བཟུང་ནས་འཕེལ་རྒྱས་བཏང་ན།ཐོག་མ་ནང་བཞིན་གྱི་ཆ་རྐྱེན་མེད་ལ།ཐོན་ཁུངས་ཁོར་ཡུག་གིས་ཀྱང་ཐེག་དཀའ་བ་ཞིག་རེད།ང་ཚོས་ངེས་པར་དུ་བདག་རྐྱེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱེད་པ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་...
2024-08-12 08:30:12 མཚོ་སྔོན་པོ་དྲ་བ། 11725 -
སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཅན་འཐུས་སྒོ་ཚང་དུ་གཏོང་བ་དང་།རྒྱལ་ཁབ་ནི་གནད་ཆེའི་ཚན་རྩལ་གསར་གཏོད་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཡིན་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ།འཁོར་ཡུན་རིང་བ་དང་།ཉེན་ཁ་ཆེ་བ།དཀའ་ཚེགས་ཆེ་བ།མདུན་ལྗོངས་བཟང་བ་བཅས་ཀྱི་འཐབ་ཇུས་རང་བཞིན་གྱི་ཚན་རིག་འཆར་གཞི་དང་ཚན་རིག་ལས་གྲྭར་རྒྱབ་སྐྱོར།མ་ལག་ལྡན་པར་བཀོད་སྒྲིག་དང་།མ་ལག་ལྡན་པར་ཇུས་འགོད།ལས་རིགས་བརྒལ་ཏེ་འདུས་གྲུབ་བཅས་འཛིན་པ།སྲིད་གཞུང་དང་།ཚོང་ར།སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ།མ་འོངས་པའི་སྤྱི་ཆའི་དགེ་མཚན་ཆགས་པར་བྱེད་དགོས།ཕན་ནུས་ལྡན་པའི་ཚོ...
2024-08-09 08:00:12 མཚོ་སྔོན་པོ་དྲ་བ། 11616 -
ཚན་རྩལ་ནི་འཕེལ་རྒྱས་ཀྱི་མཚོན་ཆ་རྣོན་པོ་ཡིན་ལ།ཉེན་ཁའི་འབྱུང་རྩར་འགྱུར་ཡང་སྲིད།ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་ཐད་ཀྱི་གདོང་ཐུག་དང་།སྤྱི་ཚོགས་ཀྱི་ཉེན་ཁ།ཚུལ་ལུགས་ཀྱི་འགྲན་སློང་བཅས་ལ་སྔོན་ཚོད་ངང་བརྡར་ཤ་གཅོད་དགོས་པ་དང་།འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་།ཚུལ་ལུགས་ཀྱི་ཞིབ་བཤེར་སྒྲིག་སྲོལ་དང་དེ་བཞིན་ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་བཅས་འཐུས་ཚང་དུ་གཏོང་དགོས།གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ལ་ཟབ་མོར་ཞུགས་པ་དང་།ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་བ།ཚན་རྩལ་དགེར་ཕྱོགས་ཀྱི་རིག་གནས་ལྟ་བ་བཞེངས་སྐྲུན་བཅས་བྱས་ཏེ།ཚན་རྩལ་གྱིས་སྔར་ལས་ལེགས་པའི་སྒོ་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་།ཀྲུང་གོའི་ཚན་རྩལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།...
2024-08-08 08:26:53 མཚོ་སྔོན་པོ་དྲ་བ། 11436 -
རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བར།ཐོག་མར་ཚན་རྩལ་གསར་གཏོད་གནད་ཆེན་སྒྲིག་འཛུགས་བྱེད་མཁན་ཡིན་པའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་།རྒྱལ་ཁབ་ཆེན་པོའི་ཚན་རྩལ་འགྲན་རྩོད་དེ་རྒྱལ་ཁབ་ཀྱི་བྱ་སྤྱོད་དུ་གྱུར་ཡོད་པས།ང་ཚོས་ངེས་པར་དུ་མ་ལག་ཅན་གྱི་འགྲན་རྩོད་སྟོབས་ཤུགས་ལ་ཤུགས་རྒྱག་དགོས།འཐབ་ཇུས་རང་བཞིན་གྱི་དགོས་མཁོའི་ཁྲིད་སྟོན་རྒྱུན་འཁྱོངས་དང་།ཚན་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་གལ་ཆེན་ནུས་ཤུགས་ཡོད་རྒུས་ཐ...
2024-08-07 08:12:48 མཚོ་སྔོན་པོ་དྲ་བ། 11462 -
རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ནི་འཕེལ་ཕྱོགས་ཆེན་པོ་ཡིན།ང་ཚོས་སྔར་བས་རང་འགུལ་ངང་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱར་མཉམ་འདྲེས་བྱས་ཏེ་སྒོ་འབྱེད་མཉམ་ལས་ཁྲོད་རང་ངོས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས།བཀག་སྡོམ་དང་གནོན་ཤུགས་ཇི་ཙམ་ཆེ་ན།དེ་ཙམ་གྱིས་རང་སྒོ་རང་རྒྱག་དང་རང་ངོས་ལོགས་བཀར་བྱེད་མི་རུང་བར།སྔར་བས་སྒོ་འབྱེད་ཁོང་ཡངས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་འཐབ་ཇུས་ལག་བསྟར་བྱེད་དགོས།ཕྱོགས་གཅིག་ནས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ཚན་རྩལ་གྱི་རང་བརྟེན་གསར་གཏོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ།དགེ་མཚན་ཡོད་པའི་ཁྱབ་ཁོངས་ཁ་ཤས་སུ"ལེབ་རིང"བཟོ་བ་བཅས་བྱས་ཏེ།རྒྱལ་སྤྱིའི་མཉམ...
2024-08-06 08:10:53 མཚོ་སྔོན་པོ་དྲ་བ། 11443 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད།»
ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་དགོས།ད་ལྟ།ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བདེ་བླག་མིན་པའི་གནད་དོན་འབུར་ཐོན་ཡིན་པའི་གནད་འགག་གལ་ཆེན་ཞིག་ནི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བཀག་སྡོམ་དང་རང་ངོས་ནས་རེས་འཁོར་བྱེད་ཚུལ་ཅུང་ཚབས་ཆེན་ཡིན་པས།ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ་དང་།ཐོན་ལས་མུ་ཕྲེང་ལ་དམིགས་ནས་གསར་གཏོད་མུ་ཕྲེང་བཀོད་སྒྲིག་བྱས་ཏེ་ཚན་རྩལ་གསར་གཏོད་ཁྲོད་ཀྱི"ཁེར་ཆགས་གླིང་ཕྲན་གྱི་སྣང་ཚུལ"མེད་པ་བཟོ་དགོས།ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་དམ་ཚགས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བར་དོ་སྣང་བྱས་ཏེ།གསར་གཏོད་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་ར...
2024-08-05 07:55:56 མཚོ་སྔོན་པོ་དྲ་བ། 11396 -
[ཉིན་རེའི་ཞལ་གསུང་།]
«བདག་རྐྱེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མ་རྩ་འཇོག་ཁྱོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་བོ་ཡིན་པ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་བོར་འཛིན་པའི་ཕྱོགས་སུ་མགྱོགས་པོར་སྒྱུར་དགོས།»
ངེས་པར་དུ་ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་ཚན་རྩལ་གསར་གཏོད་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འགལ་རྐྱེན་དང་ལམ་ལུགས་ཀྱི་བཀག་རྒྱ་ཐམས་ཅད་སེལ་དགོས་པ་དང་།སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ།ཚན་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་།ཚན་རྩལ་སྟོབས་ཤུགས་ཆེ་བ་ནས་ཐོན་ལས་སྟོབས་ཤུགས་ཆེ་བ་དང་།དཔལ་འབྱོར་སྟོབས་ཤུགས་ཆེ་བ།རྒྱལ་ཁབ་སྟོབས་ཤུགས་ཆེ་བ་བཅས་སུ་འགྱུར་བའི་རྒྱུག་ལམ་གཤོང་དགོས་པ་དང་།བསྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་ཀྱི་སྐྱེ་སྟོབས་སྐྱེད་དགོས་ལ།རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གང་མྱུར་འཐུས་ཚང་བཙུགས་ནས་གསར་གཏོད་ཀྱི་འབྱུང་ཁུངས་ཐམས་ཅད་ཆུ་གཏེར་རྒྱས་པ་ལྟར་ཐོན་དུ་འཇུག་དགོས།...
2024-08-02 08:09:09 མཚོ་སྔོན་པོ་དྲ་བ། 11406 -
[ཉིན་རེའི་ཞལ་གསུང་།]
«བསམ་བློ་ཆབ་སྲིད་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན།»
དུས་རབས་གསར་པར་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པའི་ཚེ།མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་འཁྱོངས་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན།སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས།ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ།སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་བར་ཞབས་འདེགས་ཞུ་རྒྱུ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་བར་ཞབས་འདེགས་ཞུ་རྒྱུ།བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་...
2024-08-01 07:45:50 མཚོ་སྔོན་པོ་དྲ་བ། 11583 -
[ཉིན་རེའི་ཞལ་གསུང་།]
«སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་དགོས།»
ང་ཚོས་རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་།སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་གསོ་དྲང་སྙོམས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་སློབ་གསོ་སྲིད་ཇུས་བྱེད་དགོས་པ་དང་།སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་དང་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།མི་ཚེ་གང་པོ་དང་འགྲོགས་པའི་སློབ་གསོ་གང་མགྱོགས་སུ་བསྐྲུན་ནས་སློབ་སྦྱོང་བྱ་རྒྱུ་དེ་མི་ཚང་མའི་འཚོ་བའི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་པ་དང་།མི་ཚང་མས་སློབ་སྦྱོང་བྱེད་པ་དང་།གང་སར་སློབ་སྦྱོང་བྱེད་ཐུབ་པ།དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཐུབ་པ་བཅས་ཡོང་བ་བྱེད་དགོས།མི་ཚང་མ་འདྲ་མཉམ་དུ་འཛིན་པའི་སློབ་གསོ་གང་མགྱོགས་སུ་འཛུགས་སྐྲུན་བྱས་ཏེ།ཕོ་མོ་དང་།གྲོང་ཁྱེར་དང་གྲོང་གསེབ།ས་ཁོངས།དབུལ་ཕྱུགམི་རིགས་བཅས་ཀྱི་དབྱེ་བ་མེད་པར་ཚང་མར་སློབ་གསོ་བཟང་པོ་ཐོབ་གང་ཐུབ་བྱེད་དགོས།མི་རེ་རེར་འཚམ་པའི་སློབ་གསོ་གང་མགྱོགས་སུ་འཛུགས་སྐྲུན་བྱས་ཏེ།གཤིས་རྒྱུད་དང་བསྐོས་ཐང་དང་།དགའ་ཕྱོགས་དང་ཁྱད་ནུས།བྱང་ཚད་དང་བག་ཉལ་སྟོབས་ཤུགས་བཅས་མི...
2024-07-31 08:21:27 མཚོ་སྔོན་པོ་དྲ་བ། 11436 -
[ཉིན་རེའི་ཞལ་གསུང་།]
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཨང་དང་པོའི་གོ་ལ་ཧྲིལ་པོའི་གྲོས་འགོའི་བྱ་སྤྱོད་སྤེལ་ནས་ལོ་གཅིག་འཁོར་བའི་དྲན་གསོའི་བྱེད་སྒོའི་ཐོག་སྤེལ་བའི་བརྙན་ལམ་གྱི་ཤིས་ཚིག
ཀྲུང་གོས་བློ་རྩ་བརྟན་པོས་ཚན་རྩལ་དང་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་པ།རྒྱུན་ཆད་མེད་པར་གཏོང་སྒོ་ཆེ་རུ་གཏོང་བ།དམངས་ཡོངས་ཀྱི་སློབ་གསོ་དང་ཚེ་གང་སློབ་གསོ་གོང་སྤེལ་ཧུར་ཐག་གཏོང་བ།སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་ནས།ཕྲུ་གུ་ཚང་མར་སློབ་གསོ་མྱོང་བའི་གོ་སྐབས་རག་པར་འབད་བརྩོན་དང་།མི་དམངས་དུང་ཕྱུར༡༣ལ་སྔར་བས་ལེགས་པ་དང་སྔར་བས་འདྲ་མཉམ་གྱི་སློབ་གསོ་མྱོང་རྒྱུ་ཡོད་པར་འབད་བརྩོན་བྱས་ཏེ།རང་ཉིད་ཡར་རྒྱས་ཡོང་བ་དང་།སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ།མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ནུས་པ་ཐོབ་ཏུ་འཇུག་དགོས།...
2024-07-30 08:07:49 མཚོ་སྔོན་པོ་དྲ་བ། 11507 -
[ཉིན་རེའི་ཞལ་གསུང་།]
«དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཆགས་པར་སྐུལ་འདེད་གཏོང་དགོས།»
རང་རྒྱལ་གྱི་དཔལ་འབྱོར་ནི་མྱུར་ཚད་མགྱོགས་པའི་འཕར་སྣོན་གྱི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་འཕེལ་འགྱུར་བྱུང་ཡོད་པས།ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་རྒྱུར་བླང་བྱ་གསར་པ་བཏོན་ཡོད།དཔལ་འབྱོར་འཕེལ་རྒྱས་ཡོང་བའི་ཐད་ལ་སླ་བཅོས་ངང་ས་ཁུལ་ཁག་གི་ཆ་རྐྱེན་ལ་གཞིགས་ནས་ཚད་གཅིག་གི་སྟེང་དུ་སླེབས་དགོས་པའི་བླང་བྱ་འདོན་མི་རུང་བར་ས་ཁུལ་ཁག་གི་ཆ་རྐྱེན་ལ་གཞིགས་ནས་ལས་བགོས་ལུགས་མཐུན་དང་འཕེལ་རྒྱས་ལེགས་སྒྱུར་བྱེད་པའི་ལམ་དུ་སྐྱོད་དགོས།པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་།འབྲི་ཆུའི་ཟུར་གསུམ་གླིང་།ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ས་ཁུལ་ཆེན་པོ་གསུམ་དང་།དེ་བཞིན་གྲོང་ཁྱེར་ཁྱུ་ཚོགས་གལ་ཆེན་དུ་མས་གཙོས་པའི་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་ཁག་ཅིག་ཆགས་པར་བྱེད་དགོས།དོ་མཉམ་མིན་པ་ནི་ཡོངས་ཁྱབ་ཏུ་གནས་ཡོད་པ་ཞིག་ཡིན་ལ་འཕེལ་རྒྱས་ཡོང་རིམ་ནང་དུ་བལྟོས་ས་ལྟོས་འཇོག་གི་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས།འདི་ནི་ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་རྩོད་སྒྲུབ་རིག་པ་ཡིན།...
2024-07-29 08:36:26 མཚོ་སྔོན་པོ་དྲ་བ། 11155 -
[ཉིན་རེའི་ཞལ་གསུང་།]
«ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།»
ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མིག་སྔར་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་གང་ལེགས་བྱེད་དགོས།“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་སྤོ་སྒྱུར་མངོན་འགྱུར་བྱུང་བས།མི་ཤུགས་ཀྱི་གཏོང་ཆ་དང་།དངོས་ཤུགས་ཀྱི་བཀོད་སྒྲིགནོར་ཤུགས་ཀྱི་འགན་སྲུང་བཅས་ཚང་མ་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་སྤོ་སྒྱུར་བྱེད་དགོས།ལས་དོན་འདི་འགོ་བརྩམས་མ་ཐག་པ་ཡིན་པས།དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ད་དུང་རྗེས་སུ་ཡོད་ཅིང་།ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ་འགྲོ་ལམ་དེ་བས་ཀྱང་བརྗེ་མི་རུང་།སྤྱིའི་བླང་བྱ་ནི་སྔར་བཞིན་ཐོན་ལས་དང་།ཤེས་ལྡན་མི་སྣ།རིག་གནས།སྐྱེ་ཁམས།རྩ་འཛུགས་བཅས“དར་སྤེལ་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།“དར་སྤེལ་ལྔ”ནི་ཕན་ཚུན་འབྲེལ་བ་དང་།ཕན་ཚུན་འདེགས་སྐྱོར།ཕན་ཚུ...
2024-07-26 07:16:49 མཚོ་སྔོན་པོ་དྲ་བ། 11490 -
རང་རྒྱལ་འཕེལ་རྒྱས་ཀྱི་དོ་མི་མཉམ་པ་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་།གང་ལེགས་མ་བྱུང་བ་ཆེ་ཤོས་ནི་གྲོང་གསེབ་འཕེལ་རྒྱས་གང་ལེགས་མ་བྱུང་བ་དེ་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ང་ཚོས་བཟོ་ཞིང་བར་གྱི་འབྲེལ་བ་དང་།གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ལེགས་སྒྲིག་བྱ་རྒྱུའི་སེམས་ཐག་བཅད་དེ།ཐབས་རྣམ་རབ་དང་རིམ་པར་བརྟེན་ནས་བཟོ་ལས་ཀྱིས་ཞིང་ལས་ལ་དྲིན་ལན་འཇལ་བ་དང་།གྲོང་ཁྱེར་གྱིས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པ་ལ་སྐུལ་འདེད་བཏང་ཡོད།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ལུགས་བཏོན་པ་དེ་ནི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཟོ་ཞིང་བར་གྱི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་སྟངས་འཛིན་དང་ཐག་གཅོད་བྱེད་པའི་ཆེད་དུ་རེད།...
2024-07-25 07:21:00 མཚོ་སྔོན་པོ་དྲ་བ། 11013 -
[ཉིན་རེའི་ཞལ་གསུང་།]
«འཕེལ་རྒྱས་ཀྱི་དུས་རིམ་གསར་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་ན་ངེས་པར་དུ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་དགོས།»
དཔལ་འབྱོར་བྱེད་སྒོ་ནི་འགུལ་རྣམ་གྱི་ཡང་སྐོར་བསྐྱར་སྐོར་གྱི་རེས་འཁོར་བརྒྱུད་རིམ་ཞིག་ཡིན།གཏིང་རྩའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་བརྒྱབ་ནས་དཔལ་འབྱོར་རེས་འཁོར་ལ་ཚོད་འཛིན་ཐེབས་པའི་འགག་གནས་ནུས་ཤུགས་ཡོད་རྒུས་སེལ་དགོས།རྒྱལ་ནང་གི་དགོས་མཁོ་བསྐང་རྒྱུ་གཞི་རྩའི་རྐང་འཛུགས་སར་བྱེད་དགོས་ཤིང་།ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ།འདོན་སྤྲོད་མ་ལག་དེ་རྒྱལ་ནང་གི་དགོས་མཁོར་འཚམ་པའི་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་།དགོས་མཁོས་འདོན་སྤྲོད་སྣེ་ཁྲིད་དང་།འདོན་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་གྱི་འགུལ་རྣམ་དོ་མཉམ་ཆགས་པར་བྱེད་དགོས།...
2024-07-24 08:11:27 མཚོ་སྔོན་པོ་དྲ་བ། 10951

































青公网安备63252102000006号