«སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྒྲིག་ཁྲིམས་བརྩི་བ་དང་སྒྲིག་ལམ་སྲུང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-19 07:55:43 ཀློག་གྲངས།:
       ང་ཚོའི་ཏང་གི་ཏང་ནང་གི་སྒྲིག་ལམ་དེ་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་རྫོགས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་དང་བསྲུང་བྱ་རེད། ཏང་གི་སྒྲིག་ལམ་སྤྱིའི་ཁོངས་སུ་ཅི་ཞིག་ཚུད་ཡོད་དམ་ཞེ་ན། དང་པོ། ཏང་གི་སྒྲིག་ཡིག་ནི་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྤྱིའི་སྒྲིག་ཡིག་ཡིན་ལ་སྤྱིའི་སྒྲིག་ལམ་ཡང་ཡིན། གཉིས་པ། ཏང་གི་སྒྲིག་ཁྲིམས་ནི་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྡོམ་འཆིང་ཡིན་ལ། དེ་ལས་ཀྱང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་གླེང་ཕྱོགས། ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཀྱི་ཕྱོགས་སུ་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྡོམ་འཆིང་ཡིན། གསུམ་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནི་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཡིན་ལ། བཅའ་ཁྲིམས་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་གཏན་ལ་ཕབ་པ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་མིག་དཔེ་བསྟན་ནས་ལག་བསྟར་བྱེད་དགོས། བཞི་པ། ཏང་གི་དུས་ཡུན་རིང་པོའི་ལག་ལེན་ལས་བྱུང་བའི་ཕུལ་བྱུང་སྲོལ་རྒྱུན་དང་ལས་ཀའི་གོམས་སྲོལ་བཅས་ཡོད།
—«སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྒྲིག་ཁྲིམས་བརྩི་བ་དང་སྒྲིག་ལམ་སྲུང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས།» (༢༠༡༥ལོའི་ཟླ༡ཚེས༡༣ཉིན།) ཞི་ཅིན་ཕིང་གི«ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༡༩ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༨༨པ་ནས༨༩པའི་བར།
  我们党的党内规矩是党的各级组织和全体党员必须遵守的行为规范和规则。党的规矩总的包括什么呢?其一,党章是全党必须遵循的总章程,也是总规矩。其二,党的纪律是刚性约束,政治纪律更是全党在政治方向、政治立场、政治言论、政治行动方面必须遵守的刚性约束。其三,国家法律是党员、干部必须遵守的规矩,法律是党领导人民制定的,全党必须模范执行。其四,党在长期实践中形成的优良传统和工作惯例。
《加强纪律建设,把守纪律讲规矩摆在更加重要的位置》(2015年1月13日),习近平《论坚持党对一切工作的领导》,中央文献出版社2019年版,第88-89页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།