ཀ་རྩོམ་བྱིས་པའི་འོ་ཆུ།
རྩོམ་པ་པོ།:གངས་མྱུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-03 08:26:26
ཀློག་གྲངས།:
ཀ་རྩོམ་བྱིས་པའི་འོ་ཆུ།
གཅེས་ཕྲུག་བསྟན་འཛིན་སྨོན་ལམ་སློབ་གྲྭར་སྐྱེལ་ཁར་གངས་མྱུག་གིས།
ཀ་ཁའི་བྲོ་བ་ཀ་ར་ལས་ཀྱང་ཞིམ།།
ཁ་ཁོག་མེད་པར་ཞིམ་པའི་ཚེ་རིལ་འདྲ།།
ག་ལེར་ཇི་ལྟར་འཐུང་ན་དེ་ལྟར་ཞིམ།།
ང་ཡི་གཅེས་ཕྲུག་མི་འཐུང་མི་ཟེར་རོགས།།
ཅ་དག་སློབ་ཁང་བྱིས་པའི་བློ་དང་འཚམ།།
ཆ་རྐྱེན་གང་ལེགས་བྱིས་པའི་ཡུལ་ལ་མཛའ།།
ཇ་ཐུན་རེ་ཡི་ཟས་སྤྱོད་ཁྲིགས་སེ་ཡིན།།
ཉ་ཉོག་མ་བཤད་རང་གི་ཁྱིམ་ལྟར་སོང་།།
ཏ་ལེན་ཐེད་པའི་རྟ་ཞོན་ཡིན་ཡང་ཆོག།
ཐ་དད་རིགས་རུས་མི་འབྱེད་གྲལ་རིམ་མེད།།
ད་ལྟ་ལོ་རིམ་གཅིག་དང་སློབ་སྟེགས་གཅིག།
ན་གེ་ནོག་གེ་མ་བཤད་གོ་སྐབས་ཟུངས།།
པ་སངས་ལྟར་དཀར་ལྷག་བསམ་དཀར་པོ་ཅན།།
ཕ་མས་ཡོད་ཚད་བཅོལ་སའི་དགེ་རྒན་ལགས།།
བ་སོ་ལྟར་དཀར་ཁ་སེམས་སྤྱོད་པ་དཀར།།
མ་ལོའི་ཚབ་ཏུ་བཟུང་ནས་མདུན་ལ་སོང་།།
ཙ་གེ་ཙིག་གེ་ཟེར་བཞིན་ཀུ་ཡངས་ངང་།།
ཚ་ཚ་འུར་འུར་གླིང་དུ་འཁྲིད་པ་མང་།།
ཛ་ཏི་རླུང་ལ་ཕན་བཞིན་རྒན་གྱི་གསུང་།།
ཝ་ལེར་སེམས་ལ་འཛིན་བཞིན་སློབ་སྦྱོང་བྱོས།།
ཞ་བོ་ཞ་ར་མིན་པའི་ལུས་བཟང་ལ།།
ཟ་མ་གང་འཚམ་སྦྱིན་པའི་ལས་ཅན་ཁྱོད།།
འ་ཅག་སྐད་ཡིག་གཙོ་བའི་སློབ་གྲྭ་འདིར།།
ཡ་ཆུང་གངས་དཀར་སེམས་ནས་དགའ་ན་འགྲིག།
ར་སྐོར་གཅིག་ལ་འཛོམས་པའི་སློབ་གྲོགས་ཚོ།།
ལ་ལུང་གང་ནས་ཡོང་བ་མི་གཙོ་ལ།།
ཤ་སྟག་མཁས་པའི་རིགས་འཕྲུལ་ལྡེ་མིག་དེ།།
ས་ལ་བཞག་པ་ལྟ་བུར་སུ་ལ་དབང་།།
ཧ་ཧ་ཨེ་བདེན་རང་གིས་བསམ་བློ་ཐོངས།།
ཨ་ཕ་ཨ་མས་ཡུལ་དུ་བསྒུག་ནས་འདུག།
༢༠༢༥ལོའི་ཧོར་ཟླ༧པའི་ཚེས༣ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།