དེབ་གསར། «དམངས་ཁྲོད་གཏམ་དཔེ་ཕྱོགས་སྒྲིག་སྲིད་པ་གཏམ་གྱི་སྒྱུ་རྩལ»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-09-02 15:45:02 ཀློག་གྲངས།:
       ཉེ་ཆར། ལྕང་མ་ཆོས་འགྲུབ་ཀྱིས་འཚོལ་བསྡུ་དང་ཕྱོགས་བསྒྲིགས་བྱས་པའི་དེབ་གསར«དམངས་ཁྲོད་གཏམ་དཔེ་ཕྱོགས་སྒྲིག་སྲིད་པ་གཏམ་གྱི་སྒྱུ་རྩལ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       གཏམ་དཔེ་ནི་བོད་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་དང་། གནའ་སྔ་མོ་ནས་ངག་ནས་ངག་ཏུ་བརྒྱུད་པའི་ངག་ཐོག་རྩོམ་རིག་ཅིག་ཀྱང་ཡིན་ལ། དེའི་ནང་དུ་བསྟོད་པ་དང་སྨད་པ། ཡང་ན་མིའི་སེམས་ཀྱི་འཁྱེར་སོ་དང་ངག་གི་སྨྲ་བརྗོད། ལུས་ཀྱི་སྤྱོད་ལམ་སོགས་ཇི་བཞིན་དུ་མཚོན་ཐུབ་པར་མ་ཟད། ཚིག་ཉུང་ལ་དོན་འདུས་པ། གོ་སླ་ཞིང་རྣར་འཇེབས་པ་ཞིག་ཡིན་པས། སྔོན་བོད་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བ་ཞིག་ཡིན་ནའང་། ད་སྐབས་བོད་ཀྱི་གཏམ་དཔེ་ལ་མཁས་པའི་རྒན་པ་ཕལ་ཆེར་འདས་ཟིན་ལ། གཞོན་སྐྱེས་པའི་ཁྲོད་དུ་གཏམ་དཔེ་ཤེས་མཁན་ཉུང་པས། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ཉམས་རྒུད་འགྲོ་བའི་སྐབས་ལ་ཐུག་ཡོད། འདིར་སྒྲིག་པ་པོས་བོད་དམངས་ཁྲོད་རྩོམ་རིག་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་སྤེལ་གྱི་ཀུན་སློང་གཙང་མས་འབད་པ་ལྷུར་བླངས་ཏེ། མི་ལོ་བཅུ་ཕྲག་མང་པོའི་རིང་གཞི་རིམ་དུ་སོང་ནས་ཕ་ཡུལ་མགོ་ལོག་གི་རྒན་རབས་པ་རྣམས་ཀྱི་ངག་ནས་བཏུས་ཤིང་ཡིག་ཐོག་ཏུ་ཕབ་སྟེ་དེབ་གཟུགས་སུ་པར་དུ་བསྐྲུན་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།