བོད་ཀྱི་གསོ་རིག་སྐོར་གྱི་དེབ་གསར་གསུམ།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-08-06 15:42:55
ཀློག་གྲངས།:
«ཆུང་དཔྱད་གཅེས་བཏུས།»
དེབ་འདིའི་ནང་ཚུད་པའི་ཡིག་ཆ་དག་ནི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་དག་ལས་ཆུང་དཔྱད་སྐོར་བསྡུ་སྒྲིག་བྱས་པ་ཡིན་ལ་ཞིབ་འཇུག་བྱེད་མཁན་དག་ལ་སྔར་ལས་ལྟ་ཀློག་དང་སྤྱོད་བདེ་ཡོང་ཆེད་གོ་རིམ་ལྡན་པའི་སྒོ་ནས་རིགས་དབྱེ་དང་དཀར་ཆག་བསྒྲིགས་པ། ཡིག་རིགས་འབྲུ་ཚ་དང་དབུ་མེད་ཡིན་པ་དག་དབུ་ཅན་དུ་ཕབ་པ། གཞུང་རང་གི་ཚིག་སྦྱོར་དང་ལེའུ། ས་བཅད་སོགས་ཆད་ལྷག་ཅི་ཡོད་བཟོ་བཅོས་ཅི་ཡང་མ་བྱས་པར་རང་སོར་བཞག་ཡོད། གཞན་ཆུང་སྤྱད་གཡུ་མཐུར་གྱི་དབུ་དང་རྒྱས་པ། ཡང་དག་པར་བསྡུས་པ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆུང་དཔྱད་མུ་ཏིག་ཕྲེང་བ། རྒྱ་ནག་ཆུང་དཔྱད་བཅས་ལྔ་པོ་ནི་དེ་སྔོན་འགྲེམ་སྤེལ་བྱེད་མྱོང་མེད་པའི་བསྟན་བཅོས་རྙིང་པ་འབའ་ཞིག་ཡིན།

དེབ་འདིའི་ས་བཅད་དབྱེ་སྟངས་ལའང་སྐབས་དྲུག་ཡོད་དེ། སྐབས་དང་པོ་ནི་ཆུང་དཔྱད་ཧྲིལ་པོའི་སྐོར་ཞེས་གཙོ་བོ་གཞུང་དག་ལས་ཆུང་དཔྱད། ཆུང་སྤྱད། ཆུང་བཅོས། ཆུང་ནད་ཅེས་དཔེ་མིང་གསལ་བ་དག་ཕྱོགས་གཅིག་ཏུ་བསྡུ་སྒྲིག་དང་། སྐབས་གཉིས་པ་ནི་གསོ་རིག་བསྟན་བཅོས་དག་ལས་བཏུས་པ་དག་ཡིན། སྐབས་གསུམ་པ་ནི་བསྟན་བཅོས་དག་ལས་བྱིས་པའི་གདོན་ནད་ཁོ་ན་གསོ་བའི་ནང་དོན་རྣམས་དང་། སྐབས་བཞི་པ་ནི་བྱིས་པའི་རྣ་པྲ་དང་ཞོ་པྲ་གཙོར་བསྟན་པའི་བརྟག་ཐབས། སྐབས་ལྔ་པ་ནི་བསྟན་བཅོས་དག་ལས་ཁ་ཐོར་དུ་བསྟན་པའི་བརྟག་ཐབས་དང་བཅོས་ཐབས་དག །སྐབས་དྲུག་པ་ནི་བུ་སྲུང་ཐབས་དང་སྲིད་བཙལ་ཐབས་སོགས་བསྡུ་སྒྲིག་བྱས་ཡོད།
«ནག་ཆུའི་བོད་ལུགས་གསོ་རིག»

དེབ་འདིར་དཔལ་ལྡན་རྒྱུད་བཞིའི་འཆད་ཉན་གྱི་རྒྱུད་པ་ཇི་ལྟར་དར་ཚུལ་དང་། གཞི་རིམ་བོད་ལུགས་སྨན་ཁང་གཉེར་སྐྱོང་གི་ཐབས་ལམ་དང་ཁ་ཕྱོགས་ལ་དཔྱད་པ། དེ་མིན་ལས་ལྔའི་སྔོན་དུ་འགྲོ་བ་བདུད་རྩི་ལྔ་ལུམས་དང་དེའི་ཁྱད་འཕགས་ཀྱི་རིན་ཐང་གླེང་བ་སོགས་ལོ་རྒྱུས་རྣམ་ཐར་དང་སློབ་གསོ་སློབ་ཁྲིད། རིག་གཞུང་བགྲོ་གླེང་གཙོས་པའི་དཔྱད་རྩོམ་ཆེ་གྲས་བཅོ་བརྒྱད་ཀྱིས་གྲུབ་ཡོད་ཅིང་། འདིས་ཀྱང་ནག་ཆུ་ས་ཁུལ་གྱི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་དོ། །
«འབྱོར་དཔེ་ཀུན་གྱི་སྙིང་བཅུད་བཏུས་པ་རིན་ཆེན་གཏེར་སྒྲོམ»
«འབྱོར་དཔེ་ཀུན་གྱི་སྙིང་བཅུད་བཏུས་པ་རིན་ཆེན་གཏེར་སྒྲོམ»ནི་མཁར་ཡག་ངག་དབང་རྣམ་རྒྱལ་ཀྱིས་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་དུ་མཛད་པ་དང་། དཔེ་གཞུང་འདིའི་ནང་དོན་གཙོ་བོ་ནི། དཔལ་ལྡན་རྒྱུད་བཞི་སོགས་ལས་བསྟན་པའི་རླུང་མཁྲིས་བད་ཀན་གསུམ་དང་ལུས་ཟུངས་བདུན། དྲི་མ་གསུམ། གསོ་བྱ་གསོ་བྱེད་སོགས་ཀྱི་སྐོར་ཁྱད་པར་ཅན་བཤད་ཡོད། གཞུང་འདི་རང་ནས། རླུང་སློང་རྐྱེན་ནི། ཆགས་པས་དུབ་པ། གཉིད་ཆག །ལྟོ་སྟོང་དུ་དྲག་ཤུལ་གྱི་བྱ་བ། ཁྲག་མང་ཟགས་པ། ག་ཆད་དུ་ངུས་པ། འཁྲུ་སྐྱུགས་ཆེས་དྲགས་པ། མྱ་ངན་སེམས་ལས་ཆེ་བ། བཅུད་མེད་པའི་ཁ་ཟས་ཡུན་དུ་བསྟེན་དྲགས་པ་བཅས་ཀྱིས་རླུང་སྐྱེད་དོ། །

དཔེ་ཆ་འདི་ནི་གནའ་གཞུང་རྩ་ཆེན་ཞིག་ཡིན་པའི་ཆ་ནས་རྒྱུད་འགྲེལ་ཚད་ལྡན་གང་མང་ལ་ཞིབ་བསྡུར་གྱིས་དག་སྒྲིག་ཞིབ་མོ་ཞིག་བྱེད་དགོས་པ་ལོས་ཡིན་ཡང་། དཔེ་ཆ་འདི་བཞིན་རང་གི་ཁྱད་ཆོས་གསལ་བོར་མཚོན་ཕྱིར་གསེར་གྱི་ཀ་བ་ལ་འཇག་མའི་ལྷན་པ་མི་མཛེས་པའི་དཔེ་ལྟར། དཔེ་བཤུ་གནང་དུས་བྱུང་བའི་ཡིག་ནོར་མངོན་གསལ་ཅན་འགའ་རེ་བཅོས་ཡོད་པ་ཙམ་ལས། གཞན་གོ་སྐབས་དང་བསྟུན་ནས་བཅོས་སྒྱུར་མཁན་གྱི་སུག་ལས་རྙོག་དྲ་མང་བོས་གུག་རྟགས་ཡང་རྟགས་མ་རྟོགས་ལོག་རྟོགས་ཀྱི་དྲི་མས་མ་བག་པར་གསེར་མདངས་རང་འོད་འཚེར་ལེར་བཞུགས་སུ་གསོལ་ཁུལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།