དཔེ་རྒྱན་གྱི་ཕྲེང་བ། འཇུ་སྐལ་བཟང་།
རྩོམ་པ་པོ།:འཇུ་སྐལ་བཟང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-17 08:52:12
ཀློག་གྲངས།:
ཆོས་དཔེ།
གངས་དཀར་འདབ་མ་རྒྱས་པའི་བསིལ་ལྡན་ལྗོངས། །
གསེར་མངལ་རྩེན་པའི་གནས་བཞིན་ཡི་གར་འོང་། །
དེ་ཡི་དབུས་གྱུར་གྲུ་འཛིན་གཉིས་པ་ནི། །
གསེར་སྦྱངས་རྡུལ་མང་བརྩེགས་ལྟར་བལྟ་ན་སྡུག །
དངོས་དཔེ།
ཨ་ཆེན་གངས་དང་མདོ་ལ་རིང་མོ་ཡི། །
མཚན་གྱི་བ་དན་དཀར་པོ་རིང་བསྒྲེངས་པ། །
ཡངས་པའི་ཡུལ་གྲུ་མིག་གི་དགའ་སྟོན་འདི། །
སུམ་རྩེན་སྐྱེད་མོས་ཚལ་གྱི་དཔལ་དང་མཉམ། །
བཟློག་པའི་དཔེ།
དེ་ཡི་རྨད་བྱུང་སྣོད་ཀྱི་བཀོད་པ་བཞིན། །
དྲི་བྲལ་གཙང་བའི་འདབ་བརྒྱ་ལེགས་གྲོལ་ཞིང་། །
སྦྲང་རྩིའི་དོག་པ་འཛིན་པའི་པདྨ་དཀར། །
འདིས་ཀྱང་འདྲེན་བྱེད་ངལ་བ་འཕྲོག་པར་བྱེད། །
ཕན་ཚུན་གྱི་དཔེ།
རིན་ཆེན་རྒྱལ་པོ་ཕྲེང་བར་བརྒྱུས་པ་བཞིན། །
མུ་འབྲེལ་བསྟར་བའི་རི་ཚོགས་འདྲེན་བྱེད་དཔལ། །
མཐོན་མཐིང་ཁུ་བས་བྱུགས་པའི་རི་ཚོགས་བཞིན། །
དྲུག་དཀར་ཚར་དུ་དངར་བའི་དཔལ་དེ་མཛེས། །
ངེས་པའི་དཔེ།
མདོ་ཁམས་ས་ཡི་སྙིང་བོར་བསྔགས་པ་ཡི། །
མེས་པོ་རྨ་རྒྱལ་སྦོམ་རའི་དཔེ་ཟླ་ནི། །
ཟླ་ཤེལ་དྭངས་མས་གྲུབ་པའི་མཎྜལ་ཙམ། །
དེ་མིན་སྲིད་འདིར་འཚོལ་བ་ངལ་བའི་རྒྱུ། །
ངེས་མེད་ཀྱི་དཔེ།
འཇོ་སྒེག་རླབས་ཀྱི་འཁྲི་ཤིང་དལ་གཡོ་བའི། །
ཟབ་ཡངས་ཁྲི་ཤོར་མཚོ་འདིས་དབང་ཕྱོགས་ཀྱི། །
ཆུ་སྲིན་གྲོང་གི་དཔལ་འཛིན་དེ་ལས་གཞན། །
དཔེར་འོས་སྲིང་འདིར་མཆིས་ན་དེ་ཡང་དགོད། །
རྩྭ་ལྗང་ལོ་མའི་སྤུ་ལོང་གཡོ་བ་ཡི། །
མརྒད་སྤང་གི་གཡུ་མདངས་ཁོ་ནས་ནི། །
ཟ་འོག་གོས་ཀྱི་རྗེས་སུ་འགྲོ་མིན་ཏེ། །
སྣ་ཚོགས་མེ་ཏོག་གཅལ་དུ་བཀྲམ་པས་ཀྱང་། །
ཕུལ་བྱུང་གི་དཔེ།
དམིགས་མེད་ཡོན་ཆབ་རྨ་ཀླུང་གསེར་ལྡན་མ། །
ངོ་མཚར་ཞིང་འདིར་ཀྱ་ཀྱུའི་གོམ་སྒྱུར་ཞིང་། །
དགུ་ཚིགས་ཞགས་པ་དེ་ཀོ་མཐོངས་དབྱིངས་ཀྱི། །
རྒྱུ་སྐར་ལམ་ན་སྣང་འདི་འབྱེད་པའི་ཆོས། །
རབ་བཏགས་ཀྱི་དཔེ།
ནམ་མཁའི་མེ་ལོང་ཟུང་གིས་མཚན་པ་ཡི། །
ས་འཛིན་ཁྱད་ཆོས་རྫོགས་པ་ང་ཙམ་ཞེས། །
འབིགས་བྱེད་རི་ཁྱོད་དྲེགས་པ་འཆང་མི་འཚལ། །
གླང་ཆེན་འགྱིང་བའི་རི་ཡང་དེ་དང་མཚུངས། །
རྨད་བྱུང་གི་དཔེ།
རིན་ཆེན་མཆོང་ལས་གྲུབ་པའི་ཀ་བ་ཞིག །
མཐོན་མཐིང་ཆུ་མཐོངས་གུར་ཁང་འདེགས་བྱེད་ན། །
མདོ་སྨད་ཙོང་ཁའི་སྐྱེས་རི་མཐོན་པོ་ཞེས། །
སྙན་པའི་བ་དན་ཅན་དེའི་རྗེས་སུ་འགྲོ། །
རྨོངས་པའི་དཔེ།
དྲི་བཞོན་ལག་པས་རླབས་རིས་འགོད་པ་འདི། །
ཞི་བདེ་ཆུ་གཏེར་ཆེན་པོའི་ཀློང་ལ་བརྟགས། །
ངོ་མཚར་ཚང་ཚིང་ཚལ་དེར་འཇུག་འདོད་པས། །
གོམ་པའི་འདེགས་འཇོག་མཚོ་ལ་འདོར་བར་རྩོམ། །
ཐེ་ཚོམ་གྱི་དཔེ།
ཨེ་མ་འདི་ཀོ་ཚངས་ཆེན་རྩེན་པའི་གནས། །
རྨད་བྱུང་འཕྲུལ་གྱི་བཀོད་པས་མཛེས་སམ་ཅི། །
ཡང་ན་མདོ་ཁམས་སྨད་ཀྱི་ལྗོངས་ཡངས་པོ། །
རང་བྱུང་བཀོད་པས་བརྒྱན་ནམ་ཡིད་གཉིས་འཛིན། །
གཏན་འབེབས་ཀྱི་དཔེ།
དཔྱད་ན་ལྷ་ཡི་མདུན་ས་མ་ལགས་ཏེ། །
དེས་ནི་རྣམ་སད་པ་དག་མ་ལགས་པར། །
འདོད་དོན་དངོས་གྲུབ་སྩོལ་བའི་སྐབས་མ་མཆིས། །
དེས་ན་ཞིང་འདིའི་ཕུན་ཚོགས་དཔལ་གྱི་སྣོད། །
སྦྱར་བའི་དཔེ།
མདོ་རྒྱུད་བཤད་སྒྲུབ་སྤེལ་བའི་རྒྱལ་མཚན་སྒྲེང་། །
བདེ་གཤེགས་བསྟན་པ་བརྟན་པའི་སྙིང་བོར་གྲུབ། །
དགེ་འདུན་བྱེ་བའི་འདུ་གནས་བྱམས་པ་གླིང་། །
དབུས་འགྱུར་རྡོ་རྗེ་འཆང་གི་དཔལ་དང་མཉམ། །
མཉམ་ཉིད་ཀྱི་དཔེ།
ཚྭ་འདམ་གསེར་གཞུང་རིང་མོའི་ངོ་མཚར་ནི། །
ཤེས་བྱའི་ནོར་གྱིས་ཕྱུག་པའི་སློབ་དཔོན་བཞིན། །
འདོད་དོན་ཇི་བཞིན་སྩོལ་བའི་དཔལ་འབྱོར་བ། །
གཞན་གྱི་དོ་ཟླས་ཀུན་ནས་དབེན་ཕྱིར་རོ། །
སྨད་པའི་དཔེ།
རྣམ་རྒྱལ་ཁང་བཟང་མཛེས་ཀྱང་ལྐོག་གྱུར་གནས། །
དྲི་ཟའི་གྲོང་ཁྱེར་མཚར་ཀྱང་སྒྱུ་མའི་གཟུགས། །
བྱིན་ཆགས་ཟི་ལིང་གྲོང་གི་ངོ་མཚར་ནི། །
མིག་སྟོང་སྤྲུལ་ནས་བལྟས་ཀྱང་ཆོག་མི་ཤེས། །
བསྟོད་པའི་དཔེ།
མཐོ་རིས་ཚལ་གྱིས་ཚངས་ཆེན་དགྱེས་པ་སློངས། །
ཁྲི་བརྟན་གླིང་ཁས་མི་དབང་སྐྱོ་བ་བསངས། །
དེ་དག་ཉིད་དང་གྲོང་ཁྱེར་ལྡུམ་ར་འདི། །
རྣམ་པ་ཀུན་ནས་མཚུངས་པའི་སྣང་བ་སྐྱེས། །
བརྗོད་འདོད་ཀྱི་དཔེ།
སྙན་པའི་རྒྱན་ནམ་ཉམས་པའི་སྐྱོན་དུ་འགྱུར། །
ངེས་པ་མེད་ཀྱང་འཕྲུལ་གྱི་སྦྱོར་བ་ལས། །
བྱུང་པའི་སྒྲ་འདི་འབྲུག་སྟོང་ལྡིར་བ་དང་། །
མཚུངས་པར་བརྗོད་པའི་མོས་པ་དག་ལ་སྐྱེས། །
འགལ་བའི་དཔེ།
ཆུ་མཐོངས་དབྱིངས་ན་བཀྲ་བའི་རྒྱུ་སྐར་ཕྲེང་། །
རིན་ཆེན་གླིང་ན་བརྡལ་བའི་མུ་ཏི་ཀཱ། །
མརྒད་སྤང་ན་རྩེན་པའི་རྐང་བཞིའི་ཁྱུ། །
འདི་དག་རྣམ་པ་ཐ་དད་ཙམ་དུ་ཟད། །
དགག་པའི་དཔེ།
རྡུལ་སྙིགས་ཕུང་བོར་སྤུངས་པ་སྙིང་བོས་སྟོང་། །
གནའ་བོའི་ཨེ་འཇིབ་གསེར་གྱི་མཆོད་རྟེན་དེས། །
འབྲུ་ལྔ་ཕྱུར་བུར་གཏམས་པའི་བང་མཛོད་འདིར། །
དོ་ཟླར་བྱེད་པའི་གོ་སྐབས་ཤིན་ཏུ་ཕྲ། །
མཛེས་པའི་དཔེ།
རྣམ་སྲས་བང་མཛོད་བསོད་ནམས་ཚོགས་ལས་གྲུབ། །
ལྗོངས་འདིའི་འབྱོར་བ་འབངས་ཀྱི་རྩོལ་བས་བསྐྲུན། །
དེ་ལྟ་ནའང་ལོངས་སྤྱོད་དཔལ་ཡོན་ནི། །
གཉིས་སུ་མེད་པ་འདི་ཀོ་སུ་ཞིག་བསྙོན། །
དེ་ཉིད་བརྗོད་པའི་དཔེ།
འདི་ནི་མེ་ཁམས་ཤུགས་ཀྱིས་སྐྱོད་པའི་གྲུ། །
ལགས་ཀྱི་གཡུ་འབྲུག་ས་ལ་རྒྱུ་བ་མིན། །
ཆར་ལྡན་སྤྲིན་གྱི་སྒྲ་དབྱངས་མ་ལགས་ཀྱི། །
དེ་ཡི་ལྷུ་ལག་འཕྲུལ་གྱིས་འཁོར་བའི་སྒྲ། །
ཐུན་མོང་མིན་པའི་དཔེ།
ཁྱུང་ཆེན་མཁའ་ལ་ལྡིང་བའི་ངོ་མཚར་ལས། །
རིང་དུ་འདས་པ་འཕྲུལ་འདེགས་ནམ་མཁའི་གྲུ། །
ཚན་རྩལ་དྭངས་མ་འདི་ལ་རང་ཉིད་ལས། །
གཞན་པའི་དཔེ་ཟླ་ཁོ་བོས་རྙེད་མ་གྱུར། །
བྱུང་མིན་གྱི་དཔེ།
སྲིད་གསུམ་ཤེས་བྱའི་དངོས་པོ་མ་ལུས་ཀུན། །
གཅིག་ཏུ་བསྡུས་འདྲའི་ལྔ་ཟུང་རིག་པའི་གཞུང་། །
འཆད་སྤེལ་སྐྱོང་བའི་དགེ་མཚན་ངོམ་པ་འདི། །
མི་རིགས་སྲིད་ཇུས་གསར་བའི་དཔལ་ལས་བྱུང་། །
སྲིད་མིན་གྱི་དཔེ།
བཟང་དྲུག་སྨན་སྦྱོར་ལས་ནི་སྦྱར་དུག་དང་། །
འོ་ཆུ་འདྲེས་པའི་མདངས་ལས་ཁྲག་མདོག་བཞིན། །
འདི་ན་ཐ་དད་རིགས་མང་འདུས་པ་ལས། །
མཛའ་བ་ལྷོད་པའི་ངང་ཚུལ་འབྱུང་མི་སྲིད། །
མང་བའི་དཔེ།
མཁར་ཉལ་མདུན་ས་ཆུ་ལྷའི་གྲོང་ཁྱེར་དང་། །
མ་དྲོས་དུང་སྐྱོང་ནོར་རྒྱས་ལ་སོགས་པའི། །
འབྱོར་བའི་དཔལ་ལ་འཁུ་བའི་མཁོ་རྒུའི་ཟོང་། །
འབེལ་ཁ་རྫོགས་པའི་ཚོང་ར་འདི་དག་རྨད། །
རྣམ་འགྱུར་གྱི་དཔེ།
དབུས་གྱུར་གྲོང་གི་གར་གྱི་དོ་ར་ནི། །
བྱེད་པོ་ཚངས་པའི་བློ་ལས་བྱུང་བ་བཞིན། །
སྒེག་པའི་ཉམས་འགྱུར་རྫོགས་པའི་གླུ་དང་གར། །
དྲི་ཟའི་གྲོང་ཁྱེར་ས་ལ་འཕོས་པ་བཞིན། །
ཕྲེང་བའི་དཔེ།
ནོར་འཛིན་བུ་མོས་ཆུ་སྐྱེས་པདྨ་བཞིན། །
དེ་ཡི་ཟིལ་མངར་ཇི་བཞིན་སྦྲང་རྩིས་ཀྱང་། །
འཁོར་འགྲོ་བཞིན་དུ་ཕུན་ཚོགས་གསོ་རིགས་འདིས། །
སྐྱེ་དགུའི་ཚེ་ལ་དཔལ་སྦྱིན་འདི་ཡང་དགེ །
ངག་དོན་ལས་བཞིན་སྒྲ་གཅིག་པའི་དཔེ།
མཛེས་སྡུག་འབྱོར་བ་རྒྱས་པའི་ཡུལ་གྲུ་འདི། །
མཉམ་མེད་ཏང་གིས་བརྩེ་བས་སྐྱོང་བ་ནི། །
དྲི་མེད་ཟིལ་མངར་སྨིན་པའི་པདྨ་དཀར། །
ཉིན་བྱེད་སྣང་བའི་དཔལ་གྱིས་འཁྱུད་པ་བཞིན། །
བཞིན་སྒྲ་དུ་མའི་དཔེ།
སྦྲང་རྩིའི་རྒྱལ་མཚན་ཇི་བཞིན་མཚོ་སྔོན་ཞིང་། །
སྦྲང་རྩི་སྨིན་པའི་དཔལ་བཞིན་ལོངས་སྤྱོད་རྒྱས། །
སྦྲང་རྩིའི་བུ་ཡིས་འཐུང་བཞིན་ཀུན་སྤྱོད་ཅིང་། །
སྦྲང་འཐུང་མགྲིན་སྒྲ་བཞིན་དུ་སྐྱིད་གླུ་ལེན། །
ཟླ་བོ་དངོས་དཔེ།
ས་ཆེན་ཁྱོན་འདིར་སྐྱིད་པའི་ཞིང་མང་ཡང་། །
བདག་ཡུལ་མཚོ་སྔོན་ཞིང་འདིར་མཉམ་པ་མེད། །
ཚང་ཚིང་རྐང་འཐུང་བགྲང་གིས་དབེན་ན་ཡང་། །
འདོད་འཇོ་དཔག་བསམ་ལྗོན་དབང་གཉིས་པ་གང་། །
མཚུངས་སྦྱོར་གྱི་དཔེ།
ཚན་རིག་ལྟེ་བའི་གྲོང་ཁྱེར་དབང་ཕྱོགས་དང་། །
ལྗོངས་འདི་མེས་པོའི་ཁབ་གྱི་ནུབ་ན་ཆགས། །
དེས་ནི་ལྗོངས་འདིར་འཕྲུལ་གྱི་དངོས་གྲུབ་དང་། །
འདིས་ཀྱང་འཛད་མེད་གཏེར་གྱི་དགའ་སྟོན་འགྱེད། །
རྒྱུའི་དཔེ།
མཛེས་ལྗོངས་བལྟ་ན་སྡུག་པས་དགའ་ཚལ་དང་། །
ལོངས་སྤྱོད་འབྱོར་བ་རྒྱས་པས་གནོད་སྦྱིན་གྲོང་། །
བདེ་སྐྱིད་ཕུན་སུམ་ཚོགས་པས་བདེ་ལྡན་དང་། །
གཉིས་མེད་མཚོ་སྔོན་ཞིང་ལ་འདི་སྐད་བསྟོད། །
ཨེ་མ་ངོ་མཚར་ལྗོངས་འདིའི་ཕུན་ཚོགས་དཔལ། །
བརྗོད་ལ་དབྱངས་ཅན་ལྗགས་ཀྱང་ངལ་བ་ན། །
ཤེས་བྱའི་ནོར་གྱི་སྐལ་བས་ཕོངས་པ་ཡི། །
མགྲིན་བཟང་སྨྱུ་གུ་འཛིན་པའི་ལས་མ་ཡིན། །
འོན་ཀྱང་ལྷག་བསམ་དཀར་པོས་བསླངས་པ་ན། །
ཡིད་འོང་སྣོད་བཅུད་སྒེག་མོའི་མགྲིན་པ་རུ། །
འདྲེན་བྱེད་ཡོན་ཏན་དཔེ་ཡི་དོ་ཤལ་ཞིག །
འགོད་ལ་རིངས་པས་ངལ་བ་འདི་བྱས་སོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།