-
ད་ལྟའི་ཨ་མདོའི་མགོ་ལོག་ཁུལ་ལ་མགོ་ལོག་ཚོ་བ་དང་སྦྲ་ནག་ཚོ་བ་གཉིས་ཀྱི་གྲུབ་པ་ཡིན།མགོ་ལོག་ཚོ་བ་ལ་མགོ་ལོག་འབུམ་པ་ཁག་གསུམ་སྟེ།དབང་ཆེན་འབུམ་དང༌།ཨ་སྐྱོང་འབུམ།པདྨ་འབུམ་གསུམ་ཡོད།ཡང་སྦྲ་ནག་ཚོ་བ་ལའང་རྟ་བོ་གོང་ཞོལ་དང༌།དམེ་ཚང༌།གཡོན་ཞིའུ་བཅས་འདུ་བའོ།།...
2025-11-05 09:35:59 གཙང་བ་རབ་རྒྱས་པ་སངས། 2718 -
དཔའ་རིས་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན།གནའ་མིའི་བཤད་རྒྱུན་ལ།ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་ཀྱི་ཐོག་མ།ཨ་ཕྱུག་དང་།དཔའ་ཕྱུག་ཅེས་པའི་བོད་མི་སྤུན་གཉིས་ཡོད་པ་ལས།ཕུ་བོ་ཨ་ཕྱུག་གིས་བཟུང་བའི་ས་ལ་ཨ་རིག་དང་།ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ལ་དཔའ་རིས་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་།ཡང་ཕྱོགས་འདིའི་རི་རྣམས་མཐོ་ཞིང་གཟར་ལ།འཇིགས་རྔམ་ཆེ་ཞིང་།དཔའ་བོས་ཁྲབ་རྨོག་འཁོར་གསུམ་གོན་ནས་དགྲ་ལ་ཆས་པ་ལྟར་སྣང་བས།དཔའ་རི...
2025-10-22 08:39:32 དོར་ཞི་གདོང་དྲུག་སྙེམས་བློ། 3391 -
མཚོ་སྔོན་པོའི་མཐའ་འཁོར་གྱི་གནའ་བོའི་བྲག་རིས་ཀྱི་ཡི་གེའི་རང་བཞིན་ལ་དཔྱད་པ།...
2025-06-19 08:39:23 ལྷ་མོ་སྐྱབས། 11789 -
དཔོན་རབས་གཉིས་པ་གཡུ་རྔོག་བསོ་ལོ་ཡིས།།ཡབ་ཀྱི་འཁྲི་བ་ཕྲག་ཏུ་ཁུར་བྱས་ཏེ།།སོག་སེར་རྗེ་ལ་མཐུན་ལམ་དམ་དུ་བཏང་།།འཁོས་ཆུང་རུ་སྡེའི་རྐང་ལ་བརྟན་པོར་བཙུགས།།གསུམ་པ་དེའི་བུ་སྐལ་བཟང་ཁྲ་མོས་བྱས།།མཐའ་དང་བཙན་སྡེའི་དཔུང་ལ་མ་འགལ་ཞིང་།།དམ་མཁྲེགས་རུ་སྡེའི་ནང་རྫོང་མ་ཉམས་པར།།ལྗོན་ཤིང་སྐྱོང་ལ་ཆུ་ལུད་གསོས་འདེབས་ལྟར།།གཡུ་རྔོག་པ་ཡི་མི་ཕྱུགས་གཉིས་ཀ་ནི།།ཡར་ཟླའི་དཔལ་ལ་འགྲན་པ་ལྟར་བྱུང་ཞིང་།།དཔོན་འདིའི་སྦྲ་ཁ་ཚ་རྒྱུད་ཕྱི་མ་ལ།།ཆ་མོ་ཚོ་བ་ཞེས་པ་འདི་གྲགས་སོ།།དཔོན་རབས་བཞི་ལ་གཡུ་རྔོག་སེང་ཆེན་ནི།།དབུལ་བོའི་མ་ཁྱིམ་ཞིག་ཏུ་སྐྱེས་ཤིང་འཚར།།རྨི་ལམ་ངོགས་སུ་གཉན་ཆེན་རྟ་ནག་ཕེབས།།ནས་སྒྲོ་གང་དེའི་ཕྱེད་ཀ་བསང་ཕུལ་དང་།།ངས་ནི་ཁྱེད་ལ་རྟ་ཞིག་སྟེར་ཞེས་པའི།།...
2025-06-11 10:43:04 མཚོ་ལྷོ་ལྗང་མྱུག 12082 -
ན་ཧོང་ཡིག་རྙིང»B.M8212(187)དུ།དབྱར་བཙན་པོ:ཕོ་བྲང་ཟུ་སྤུགྀ།ཕོ་བྲང་སྡྀང་སྣ་བཞུགས།དབྱར་འདུན་མལ་ཏྲོའྀ:། བརྫེན་ཐང་དུ་འདུས།།མདོ་སྨད་གྱྀ་། དབྱར་འདུན་ཉས་གྱྀ་ཞོ་ཐང་དུ་འདུས།།དགུན་ཕོ་བྲང་བྱར་གྱྀ་ལྕང་བུ་ན་བཞུགས:།།དགུན་འདུན་སྐྱྀ་བུར་དུ་འདུས།།མདོ་སྨད་གྱྀ་དགུན་འདུན་གཙེ་ནམ་ཡོར་དུ་འདུས་ཏེ་བློན་སྐྱེས་བཟང་ལས་སྩོགས་པས།།ཁར་ཙན་བ་མགོ་དང་ཀེའུ་ཤན་གཉིས་ཕབ།།ཞང་སྟོང་རྩན་གྱིས་ཟོང་ཅུ་དང་ཟངས་ཀར་གཉྀས་ཕབ་པར་ལོ་གཅྀག་།།།ཅེས་འཁོད་པ་ལས།“ཁར་ཙན་བ་མགོ་”ཟེར་བ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་ངམ་ལིན་ཐན་རྫོང་གི་མཁར་ནུབ་ནས་ཧ་ལམ་སྤྱི་ལེ་༧དང་ཕྱེད་ཙམ་གྱིས་ཆོད་པའི་གུར་ཆེན(古战镇)གྲོང་རྡལ་གུར་ཆེན་སྡེ་བ་དང་ཅོ་ནེ་རྫོང་ཨ་གཟིགས་ཐང་ངམ་ཨ་ཚེ་ཐང(阿子滩)གྲོང་རྡལ་ཨ་ཚེ་ཐང་སྡེ་བའི་བར་གྱི་རི་རྒྱུད་ཅིག་གི་ཐེམ་ཐོག་ཏུ་མཆིས་ཤིང་།དེ་ལ་རྒྱ་སྐད་དུ“牛头城”ཞེས་ཟེར་རོ།།...
2025-04-02 08:22:16 སྔོ་དེའུ་སྒོམ་པ་བཀྲ་ཤིས། 14276 -
སྟོད་ལུང་བདེ་ཆེན་རྫོང(ད་ཆ་རྫོང་ནས་ཆུས་སུ་བསྒྱུར་ཟིན)ནི་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་།སྟོད་ལུང་ཞེས་པ་ནི་སྟོད་ལུང་གི་མ་ཆུ་སྟེ་སྐྱ་བ་ཆུ་ཟེར་བའི་ཆུ་གཞུང་གི་སྟོད་དུ་ལུང་པ་ཆགས་པས་ན་སྟོད་ལུང་ཞེས་ཟེར།དེའང་ཐོག་མར་ད་ལྟའི་མཚོ་སྨད་ཤང་ཁོངས་ཚལ་པོ་ཞེས་ཤིང་གླ་བའི་ཚལ་ཡོད་ས་ཞིག་ཏུ་སྟོད་ལུང་ཚལ་པོ་རྫོང་ཞེས་ཡོད་ཅིང་།ཕྱིས་སུ་བདེ་ཆེན་དགོན་གྱི་ཤུལ་དུ་རྫོང་དེ་སྤོས་པ་ནས་བཟུང་བདེ་ཆེན་རྫོང་ཞེས་མིང་ཐོགས།...
2025-03-24 09:32:25 མཚོ་སྔོན་པོ་དྲ་བ། 14403 -
ཆིང་སྲིད་གཞུང་གིས་སྟོང་དཔོན་དང་བརྒྱ་དཔོན་གྱི་གོ་ཐོབ་བསྩལ་རྐྱེན་ལ་དཔྱད་པ།མཚོ་སྔོན་ས་ཆའི་བོད་ཀྱི་སྟོང་དཔོན་དང་བརྒྱ་དཔོན་དཀྱུས་སུ་བཟུང་ནས་བཤད་པ།...
2025-03-19 10:11:29 བཀྲ་གོ། 14838 -
སེང་གེ་གཤོང་ནི་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་རེབ་གོང་གསེར་མོ་ལྗོངས་ཀྱི་སྡེ་བ་བྱེ་བྲག་ཅིག་གི་མིང་ཡིན་ལ།རོང་སྟོན་བརྒྱད་པ་ཆེན་པོས“རིག་འབྱུང་རིག་པའི་སྐྱེད་ཚལ་ཡངས་པོ་འདིར།།སྣ་ཚོགས་བཟོ་རིག་རིག་པའི་དཔལ་འབར་ཡང་།།སེང་གཤོང་བཟོ་རིག་རིག་པའི་སྒྱུ་རྩལ་འདིའི།།སྙན་པ་འཛམ་གླིང་ཟླུམ་པོའི་མཐའ་ལ་ཁྱབ།།”ཞེས་གསུངས་པ་ལྟར།ཁྱེད་ལ“སེང་གཤོང་ལྷ་རིས་སྒྱུ་རྩལ”ཞེས་པའི་བྲིས་འབུར་གཉིས་ཀའི་བཟོ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་དང་སྙན་གྲགས་ལ་མཐོང་ཐོས་གང་འཚམ་ཡོད་སྲིད་ཀྱང་།སེང་གེ་གཤོང་ཞེས་པའི་སྡེ་བ་འདི་ལ་ཆ་རྒྱུས་ཡོད་པའི་ངེས་པ་མེད་ཅིང་།ཅིས་ཀྱང་ཡོད་དགོས་པའི་རྒྱུ་མཚན་ནི་དེ་ལས་ཀྱང་མེད། སྡེ་བ་འདི་ཉིད་རེབ་གོང་རོང་བོ་དགོན་ཆེན་དང་རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་དྲུག་གིས་ཆོད་པའི་མཚམས།...
2025-01-06 09:20:38 སེང་གཤོང་སྙིང་བྱམས་རྒྱལ། 17708 -
འདིར་མགོ་ལོག་ཏུ་གྲགས་ཆེ་བའི་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གི་ས་མིང་བསྡུས་འགྲེལ་དང་།གེ་སར་སྒྲུང་ལས་མངོན་པའི་རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོའི་བརྡ་དོན་རྩད་ཞིབ་བྱས་ཏེ་དོན་ངོ་མར་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གང་དག་ཡིན་པ་རགས་ཙམ་བརྗོད་ཡོད།...
2025-01-02 08:13:09 ཡེ་ཤེས་འབུམ། 17263 -
ད་ལྟ་བྷན་ད་ཧོར་གྱི་སྒོམ་གྲྭའི་ཤུལ་ཙམ་ལས་མཐོང་རྒྱུ་མེད་ལ་གནས་ཆུང་རྒྱལ་བོའི་བླ་རི་རྩེར་ལྷ་ཁང་ཆུང་ཞིག་དང་ལབ་རྩེ་སོགས་ཡོད།ལོ་རེར་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་རྒྱབ་རྩེ་ཚོ་བས་བླ་རི་བསྟོད་པ་དང་།དྲུག་པའི་ཚེས་གཅིག་ཉིན་ཚོ་བ་གཞན་པ་ཚོ་དང་མཱ་ཐིས་དགོན་པའི་བླ་གྲྭ་ཡོངས་ཀྱིས་གནས་ཆུང་རྒྱལ་པོའི་བླ་རི་བསྟོད་པའི་ཉིན་ཡིན།བླ་རིའི་འོག་ན་རྒྱབ་རྩེ་ཚོ་བའི་མཆོད་རྟེན་ཞིག་བཞེངས་ཡོད།...
2024-11-18 13:59:08 སུའུ་ནན་བཀྲ་ཤིས་བཟང་། 19608

















青公网安备63252102000006号