• སྤྱི་ལོ་2021ལོའི་ཟླ་2པའི་ཚེས་28ཉིན་མི་ཉག་མགར་ཐར་སོག་རག་སྡེ་པའི་ནང་དུ་ཡོད་པའི་གདོད་མའི་བྲག་རིས་ལ་ཐོག་མའི་རྟོག་ཞིབ་ཏུ་འགྲོ་རྒྱུའི་གོ་སྐབས་བྱུང་།...

    2021-12-20 16:16:33 མི་ཉག་འཇིགས་མེད་རྡོ་རྗེ། 25294
  • རྩོམ་འདིར་ཏུན་ཧོང་ཡིག་རྙིངI.O.750སོགས་གཞིར་བཟུང་ནས།སྤུ་རྒྱལ་བཙན་པོ་ཁྲི་སྲོང་བཙན་རིང་ལ་བརྩིགས་ཤིང་།ཁྲི་མང་སློན་མང་བརྩན་ལོ་གསུམ་དང་།ཁྲི་འདུས་སྲོང་ལོ་བཅུ་དྲུག།ཁྲི་ལྡེ་གཙུག་བརྩན་ལོ་གཅིག།ཁྲི་སྲོང་ལྡེ་བརྩན་ལོ་གཅིག་བཅས་བསྡོམས་པས་ལོ་ཉེར་གཅིག་རིང་བཞུགས་ཏེ།སྲིད་འབྱོར་རིག་གསུམ་འཕེལ་རྒྱས་བཏང་བའི་གལ་ཆེའི་ས་གནས་ཤིག་ཏུ་ཆགས་པའི་ཕོ་བྲང་ཉེན་ཀར་གྱི་གནས་ཡུལ་ལ།སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་ལུགས་མི་འདྲ་བ་གསུམ་ཡོད་པ་རྨང་གཞི་བྱས་ཏེ།དེར་དབྱེ་ཞིབ་དང་དག་མིན་བརྡར་ཤ་བཅད་ཅིང་།ལོ་རྒྱུས་ཡིག་ཚངས་རིག་པ་དང་ས་མིང་རིག་པ།ཡུལ་དངོས་སུ་རྟོག་ཞིབ་ཏུ་བསྐྱོད་པའི་ཐབས་ལམ་བཅས་ལ་བརྟེན་ནས།བཙན་པོ་ཁྲི་འདུས་སྲོང་གི་བཞུགས་གནས་ཕོ་བྲང་ཉེན་ཀར་གྱི་གནས་ཡུལ་དངོས་ནི།ད་ལྟའི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་ཤང་གི་ཁོངས་གཏོགས་འབྲོག་ཚོ་གཉིས་དང་རོང་ཚོ་དྲུག་གི་ཡ་གྱལ་ཏེ།“གཉེན་དཀར་གྲོང་ཚོ”ཡི་ཉེ་འཁོར་གྱི་བདེ་ཆེན་རྫོང་རིའི་མཁར་ཤུལ་ཡོད་ས་དེ་ཡིན་ངེས་པའི་ལྟ་ཚུལ་བཏོན་ཡོད། ...

    2021-12-17 08:29:39 ཀླུ་སྟོད་སྒྲོལ་མ་སྐྱབས། 25761
  • ཟྲྀད་ནི་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལP.T.1288པ་དངI.O.750པ་གཉིས་ཀྱི་ནང་དུ་བྱུང་བའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ས་མིང་ཞིག་ཡིན།ས་མིང་འདིའི་ཐད་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཉུང་ཁར་ཟྲྀད་ཀྱི་ཀློག་སྟངས་ཇི་བཞིན་མ་ཤེས་པའི་གནས་ཚུལ་འོགད་ཕན་ས་མིང་དེའི་ངོས་འཛིན་སྐོར་གྱི་དཔྱད་འབྲས་ཤིག་ཧ་ལམ་ཐོན་མེད།ཁོ་བོས་ཏུན་ཧོང་ཡིག་རྙིང་དུ་འཁོད་པའི་སྔར་གྱི་མིང་བརྡ་རྙིང་པ་དག་གི་འགོད་ཚུལ་དང་ཞིབ་བསྡུར་བྱས་མཐར་ཟྲྀད་ནི་ཟི་རི་ཞེས་པའི་སྐུང་ཡིག་གི་འབྲི་སྟངས་ཡིན་པ་རྟོགས་ཤིང་།མུ་མཐུད་དུ་དཔྱད་པ་བཏང་བ་བརྒྱུད།ས་ཆ་དེ་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་དབུ་རུའི་ཁོངས་ཀྱི་ཆབ་སྲིད་བསྟི་གནས་འབྲི་གུང་ཀླུང་ཤོད་ཟི་རིའི་ནང་ཡིན་པ་གསལ་རྟོགས་བྱུང་།ཕྱིས་ཀྱི་བསྟན་བཅོས་ཁག་ཏུ་ཟྲྀད་ཀྱི་སྒྲ་རིམ་གྱིས་འགྱུར་ནས་ཟི་རི་དང་ཟུ་རི།ཟུ་རེ་སོགས་ཀྱི་འབྲི་ཚུལ་བྱུང་ཡོད།བྱེ་བྲག་ཟྲིད་ཀྱི་ལྡུ་ནག་དང་ཟྲིད་མདའ་སོགས་ནི་བཙན་པོ་མང་སྲོང་མང་བཙན་ནས་ཁྲི་ལྡེ་གཙུག་བརྟན་རིང་ཀླུང་ཤོད་ཁོངས་ཀྱི་བཙན་པོའི་བཞུགས་ཡུལ་དང་ཆབ་སྲིད་ཀྱི་འདུན་མ་འཚོགས་ས་གལ་ཆེན་ཞིག་ཡིན་ལ།འབྲི་གུང་ཀླུང་ཤོད་ཟི་རིའི་ནང་དེང་སྐབས་ཀྱང་ས་མིང་དེ་དག་ངོས་འཛིན་རྒྱུ་ཡོད་དེ།དཔྱད་རྩོམ་འདིར་བཙན་པོའི་དུས་ཀྱི་ས་མིང་ཟྲྀད་ནི་དེང་གི་འབྲི་གུང་ཀླུང་ཤོད་རྩ་ཞོལ་ཡུལ་ཚོ་ཟི་རིའི་ནང་ཡིན་པའི་ལྟ་བ་བཏོན་ཡོད།...

    2021-12-09 13:59:54 མགར་རྩེ་ཡི་དམ་ཚེ་རིང་། 26755
  • <strong>༄༅། །མགོ་ལོག་ཁག་གསུམ་གྱི་ངོས་འཛིན་ཚུལ་ལ་དཔྱད་པ།</strong>

    དཔྱད་རྩོམ་འདིར་མགོ་ལོག་ཅེས་པའི་མིང་གི་ཐོགས་ཚུལ་ལ་འགྲེལ་བརྗོད་དང་བཅས།མགོ་ལོག་ཁག་གསུམ་ཞེས་པའི་བསྟན་དོན་ནི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འདྲ་མཚུངས་མིན་ཚུལ་བརྗོད་ཡོད་དེ།དེ་ཡང་འབུམ་སྐྱབས་དང་འབུམ་དགེ།འབུམ་ཡག་གསུམ་གྱི་དུས་སྐབས་ནི་མགོ་ལོག་ཁག་གསུམ་དུ་འབོད་པའི་དུས་རིམ་ཐོག་མ་དང་།རྡོ་རྗེ་འབུམ་དང་པདྨ་འབུམ།པདྨ་ཡག་གསུམ་གྱི་དུས་སྐབས་ནི་དུས་རིམ་བར་མ།པདྨ་འབུམ་དང་དབང་ཆེན་འབུམ།ཨ་སྐྱོང་འབུམ་གསུམ་གྱི་དུས་སྐབས་ནི་དུས་རིམ་མཐའ་མ་ཡིན་ཚུལ་བཅས་བསྒྲུབས་ཡོད་པ་མ་ཟད།རོང་ཕྱོགས་ནས་འབྲོག་ཕྱོགས་ཏེ།སྨར་འཛི་སྒེག་གསུམ་ནས་རྨ་ཆུའི་སྟོད་རྒྱུད་དང་རྨ་ཆེན་གངས་རིའི་མཐའ་སྐོར་དུ་ཡུལ་ཁོངས་རྒྱ་བསྐྱེད་གཏོང་བའི་བརྒྱུད་རིམ་ཁྲོད།དཔོན་རབས་རིམ་བྱོན་གྱི་སྲིད་འཛིན་ལམ་ལུགས་ཀྱང་སྔ་མའི་དབང་ཆ་གཅིག་སྡུད་ནས་ས་བགོས་དབང་སྤྲོད་དང་ཚོ་ཤོག་མནའ་འབྲེལ་དུ་གྱུར་ཚུལ་ཡང་རིམ་པར་བསྟན་ཡོད།...

    2021-12-07 10:55:20 བསོད་ནམས་དོན་འགྲུབ། 21753
  • གོང་གུ་རྨེ་རུ་ནི་བོད་བཙན་པོའི་དུས་ཀྱི་བོད་ཐང་བར་གྱི་ས་མཚམས་འབྱེད་བྱེད་ཀྱི་གནས་གལ་ཆེན་ཞིག་ཡིན་ལ།དེང་སྐབས་བོད་རིག་པའི་སྡེ་ན་གནས་འདི་ངོས་འཛིན་ཚུལ་ལ་བཞེད་པ་མི་མཐུན་པ་རེ་འགའ་ཡོད།...

    2021-11-22 14:52:38 སེང་ཁྲི་བློ་གྲོས། 26610
  • དཔྱད་རྩོམ་འདིར།འབྲེལ་ཡོད་བོད་རྒྱའི་ལོ་རྒྱུས་ཡིག་ཚང་སྐོར་དང་རང་གི་ལྟ་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཏེ།མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་སྒོ་མེ་དཀར་བརྗིད་ཅེས་པའི་སའི་མིང་གི་ཐོགས་ཚུལ་ལ་གསར་དུ་དཔྱད་ཡོད།...

    2021-10-18 08:24:48 རྐྱང་རྩེ་རྡོར་ལྷུན།  27671
  • པདྨ་རྫོང་ཡར་ཐང་ཡུལ་ཚོའི་སྡེར་ནང་གྲོང་ཚོའི་ནག་ཐར་དཔོན་ཚང་གི་མཁར་ཤུལ།མཚོ་སྔོན་ཞ...

    2021-08-17 14:43:36 མི་གསལ། 26104
  • ༄༅།།བོད་ལྗོངས་ན་ཡོད་པའི་པོ་ཏཱ་ལ་རྣམ་གསུམ།...

    2021-06-01 09:08:35 མི་གསལ། 27240
  •  གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་སུ་ཡོད་ཅིང་།རྒྱལ་ཡོངས་ཀྱི་ཁག་དང་པོའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཞིག་ཡིན་པ་དང་།ད་ལྟའི་བར་ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན།...

    2021-04-30 09:28:37 མི་གསལ། 27245

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།