«གསོ་རིག་རྒྱུད་བཞིའི»ཚན་རིག་རང་བཞིན་དང་སྨན་བཅོས་རིན་ཐང་འཛམ་གླིང་གིས་ཁས་ལེན་བྱས་པ།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-09-01 08:27:25 ཀློག་གྲངས།:
       2023ལོའི་ཟླ5པའི་ཚེས28ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོར«བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་པོགསོ་རིག་རྒྱུད་བཞིདེའཛམ་གླིང་དྲན་ཤེས་མིང་གཞུང»དུ་བདམས་པའི་གསར་འགྱུར་བཀོད་ཡོད། «གསོ་རིག་རྒྱུད་བཞིའི»སྤྱི་ལོ་དུས་རབས8པ་ནས12པའི་བར་བརྩམས་ནས་འགྲུབ་པ་དང་། དེ་ནི་བོད་ཀྱི་གསོ་རིག་གི་རྨང་རྡོ་ལྟ་བུའི་བརྩམས་ཆོས་ཡིན། ཡིག་ཚགས་ནང་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་ཕྱོགས་ཡོངས་ནས་མཚོན་ཡོད་པ་མ་ཟད། བོད་ཀྱི་གསོ་རིག་ཁྱབ་སྤེལ་དང་འཕེལ་རྒྱས་ཐད་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད། 
       2014ལོར་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་ཉར་ཚགས་བྱས་པའི་དུས་སྐབས་མི་འདྲ་བའི«གསོ་རིག་རྒྱུད་བཞིའི»དཔར་གཞི་མི་འདྲ་བ་ལྔ«ཀྲུང་གོའི་ཤུལ་བཞག་ཡིག་ཚགས་མིང་གཞུང»སྐོར་བཞི་བའི་ནང་ཡིག་ཐོག་སྙན་ཞུ་བྱས་པ་ནས་བཟུང་། བོད་ཀྱི་གསོ་རིག་གི་ཆེས་ཚད་ལྡན་དང་ཆེས་ཤུགས་རྐྱེན་ཆེ་བའི་སྲོལ་རྒྱུན་གསོ་རིག་བསྟན་བཅོས་འདི་མི་རིགས་ས་ཁོངས་ནས་འཛམ་གླིང་ཕྱོགས་སུ་སྐྱོད་མགོ་བརྩམས། 2015ལོར«ཀྲུང་གོའི་ཤུལ་བཞག་ཡིག་ཚགས་མིང་གཞུང»ནང་བདམས་པ་དང2018ལོར«འཛམ་གླིང་དྲན་ཤེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་གཞུང»ནང་བདམས་པ། 2023ལོའི་ཟླ5པའི་ཚེས24ཉིན་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་ནས«འཛམ་གླིང་དྲན་ཤེས་མིང་གཞུང»ནང་བདམས་ཐོན་བྱུང་། ལོ་ངོ་བཅུའི་ལོ་ཟླར་ཕྱིར་མིག་གིས་བལྟས་ན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་འོག «གསོ་རིག་རྒྱུད་བཞིའི»འོད་འདུས་གློག་སྒྲོན་འོག་ཏུ་འགྲེམ་སྟོན་བྱེད་ཐེངས་རེར་བོད་ཀྱི་གསོ་རིག་རིག་གནས་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ཕྱིར་མངོན་ཡོད།
       ངོ་སྤྲོད་བྱས་པ་ལྟར་ན། «གསོ་རིག་རྒྱུད་བཞིའི»བསྡོམས་པས་རྩ་རྒྱུད་དང་བཤད་རྒྱུད། མན་ངག་རྒྱུད། ཕྱི་མའི་རྒྱུད་བཅས་དུམ་བུ་བཞི་ཡོད་ཅིང་། དེའི་ནང་ནད་གཞི་ངོས་འཛིན་སྟངས་དང་སྨན་བཅོས་བྱེད་ཐབས1616དང་སྨན་ཐོ2258གྱི་སྡེབ་སྦྱོར་དང་བཀོལ་སྤྱོད་ཐོ་འགོད་བྱས་ཡོད་པས། བོད་ཀྱི་གསོ་རིག་གི་ཤེས་བྱ་ཀུན་འདུས་ཆེན་མོ་ཞེས་འབོད་ཆོག་ཆོག་ཡིན། ཆེད་མཁས་པས་བཤད་རྒྱུར། «གསོ་རིག་རྒྱུད་བཞིའི»དེ«འཛམ་གླིང་དྲན་ཤེས་མིང་གཞུང»དུ་བདམས་པ་ཡིས་བོད་ཀྱི་གསོ་རིག་དང་དེའི་ཐེག་པའི་བོད་ཀྱི་རིག་གནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་སུ་སྐྱོད་པ་དང་། བོད་ཀྱི་གསོ་རིག་གིས་སེམས་ཅན་སྐྱོབ་པ་དང་ཀུན་ལ་ཕན་པའི་སྙིང་སྟོབས་ཁྱབ་སྤེལ་དང་ལག་ལེན་ལ་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད་པ་དང་། བོད་ཀྱི་གསོ་རིག་ལ་འཛམ་གླིང་གི་ཁས་ལེན་ཐོབ་པ། བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ནད་བརྟག་སྨན་བཅོས་རིན་ཐང་གི་ཚན་རིག་རང་བཞིན་དང་འཕྲོད་མཐུན་རང་བཞིན་ལ་དྲིལ་བསྒྲགས་བྱས་པ་མཚོན་ཡོད་ཟེར།
       མ་འོངས་པའི་འཕེལ་རྒྱས་གླེང་བའི་ཚེ། བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པས་བཤད་རྒྱུར། «གསོ་རིག་རྒྱུད་བཞིའི»འདི་ཉིད་བོད་ཀྱི་གསོ་རིག་གཅེས་ནོར་ཡིན་པའི་ཆ་ནས་གསོ་རིག་ཁྱབ་ཁོངས་སུ་རིན་ཐང་ཆེན་པོ་ལྡན་པ་མ་ཟད། ད་དུང་རིག་གནས་རྒྱུན་འཛིན་དང་རྒྱལ་སྤྱིའི་སྤེལ་རེས་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། དུས་རབས་གསར་བར་བོད་ཀྱི་གསོ་རིག་རིག་གནས་ལ་སྲུང་སྐྱོང་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་གསོ་རིག་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རྩ་ཆེའི་ཤུལ་བཞག་རིག་གནས་འདི་ག་རྒྱལ་སྤྱིའི་གར་སྟེགས་ཐོག་སྔར་བས་བཀྲག་མདངས་འཚེར་བར་བྱེད་དགོས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།