འཚོ་བཅུད་རིག་པའི་འགྱུར་དེབ་ཅིག་འགྲེམས་སྤེལ་བྱས་འདུག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-08 08:35:38
ཀློག་གྲངས།:
ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«སྐྱེས་ཐོབ་ཀྱི་གསོ་བྱེད»ཅེས་པའི་ཕྱི་དར་འཚོ་བཅུད་རིག་པའི་དེབ་གྲགས་ཅན་ཞིག་དཔར་དུ་བསྐྲུན་ཡོད་ཅིང་། དེབ་འདིའི་རྩོམ་པ་པོ་ནི་ཨ་རིའི་རྗོན·ཧོབ་ཁེན་སི་སློབ་ཆེན་གྱི་གསོ་རིག་གླིང་གི་ལུས་ཁམས་རིག་པའི་རབ་འབྱམས་པ་ཞི་འབྱམས(Dr.Xu Jia)དང་། བོད་ཡིག་ཏུ་བསྒྱུར་མཁན་དང་མཆན་འདེབས་མཁན་ལོ་ཙཱ་བ་སྒོ་ཡོན་ཡིན་འདུག

དེབ་འདིར་ཚན་རིག་ཞིབ་འཇུག་གི་རྒྱབ་རྟེན་ཡིག་ཆ་ཆིག་སྟོང་ལྷག་དང་ཚན་རིག་གི་དན་གྲངས་ཆེས་གསར་ཤོས་རྣམས་ལ་གཞི་བཅོལ་ནས། འབྲུ་རིགས་དང་། ལྡུམ་རིགས་དང་། སིལ་ཏོག་དང་། ཤ་རིགས་དང་། འོ་མ་དང་། བྱ་སྒོང་སོགས་ལ་ལྡན་པའི་འཚོ་བཅུད་སྣ་ཚོགས་ཀྱི་ངོ་བོ་དང་རང་བཞིན། འཚོ་བཅུད་དེ་རྣམས་ཀྱིས་ལུས་སེམས་དང་ཁོར་ཡུག་ལ་ཤུགས་རྐྱེན་བཟང་ངན་ཇི་ལྟ་བུ་ཐེབས་པའི་ཚུལ་ཧ་ཅང་ཞིབ་པར་བྲིས་ཡོད་ཅིང་། ལྷག་པར་དུ་ཟས་རིགས་སྤང་བླང་མ་ནོར་བའི་སྒོ་ནས་ལུས་སེམས་རང་སྟོབས་ཀྱི་ནུས་པ་ལ་བརྟེན་ཏེ་གཅིན་སྙི་དང་། ངན་སྐྲན་དང་། སྙིང་ནད་དང་། ཁྲག་ནད་དང་། ཚོ་ནད་དང་། དྲེག་ནད་དང་། པགས་ནད་སོགས་དེང་རབས་ཀྱི་ནད་ངན་པ་རྣམས་འགོག་པ་དང་བཟློག་པའི་ཐབས་གསལ་པོ་བསྟན་ཡོད་འདུག
དེབ་འདི་ནི་ལོ་ཙཱ་བས་འཚོ་བཅུད་རིག་པ་དང་། རྒྱུད་བཞག་རིག་པ(Genetics)དང་། ནད་རྐྱེན་རིག་པ(Etiology)དང་། ཆ་རྡུལ་སྐྱེ་དངོས་རིག་པ(Molecular Biology)དང་། བོད་ཀྱི«དཔལ་ལྡན་རྒྱུད་བཞི»སོགས་འབྲེལ་ཡོད་ཀྱི་དེབ་བརྒྱ་ཕྲག་ལྷག་ལ་བལྟས་ཏེ་གཟོད་བསྒྱུར་བ་ཞིག་ཡིན་པ་དང་། མ་ཟིན་བསྒྱུར་བའི་འོག་ཏུ་སྐད་ཡིག་དགེ་རྒན་བསྟེན་ནས་ཟླ་བ་གཅིག་ཕྱེད་ཀྱི་རིང་ལ་མ་ཡིག་གི་ཚིག་གོ་དཀའ་བ་རྣམས་ཀྱི་སྒྲོ་འདོགས་བཅད་པ་དང་། སླར་ཡང་རྫས་འགྱུར་དང་ནུབ་ལུགས་གསོ་རིག་གི་ཆེད་ལས་མཁས་པ་གཉིས་ཀྱི་ཞབས་ལ་གཏུགས་ནས་ཟླ་བ་གཉིས་ཀྱི་རིང་ལ་རྫས་འགྱུར་དང་གསོ་རིག་གི་བརྡ་དོན་ཟབ་མོ་རྣམས་ཕུ་ཐག་བཅད་པ་དང་། དེ་ནས་རྩོམ་པ་པོ་སྐུ་དངོས་ཀྱི་ཉེ་སར་བཏུད་དེ་ཟླ་བ་ལྔའི་རིང་ལ་ལེགས་བཅོས་བྱས་ཤིང་། རྩོམ་པ་པོ་དང་སྒྱུར་མཁན་གཉིས་ཀྱིས་གྲོས་མོལ་མང་པོ་བྱས་ཏེ། མ་ཡིག་ཁྲོད་དུ་མེད་པའི་དོན་གལ་ཆེན་འགའ་ཞིག་གསར་སྣོན་དང་མ་ཡིག་ཏུ་དོན་བསྡུས་པ་རྣམས་བུ་ཡིག་ཏུ་ཁ་གསལ་པོ་བྱས་ཏེ་བྲིས་ཡོད་པས། དེབ་འདི་ཉིད་མ་ཡིག་ལས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཡོད་པར་འདུག

ད་དུང་དེབ་འདི་ནི«དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད»ཀྱི་ཐ་སྙད་རྣམས་གཙོ་བོར་བཀོལ་ནས་བསྒྱུར་པ་ཞིག་ཡིན་ཞིང་། དེབ་འདིར་བོད་སྐད་དུ་སྔར་མ་གྲགས་པའི་བརྡ་ཆད་དང་ཐ་སྙད་གསར་པ་ཆིག་སྟོང་ཙམ་བྱུང་བ་ཐམས་ཅད«དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད»ཀྱི་རྩོམ་སྒྲིག་པ་རྣམ་པའི་སྐུ་མདུན་དུ་ཕུལ་ནས་གཏན་ལ་ཕབ་པ་རེད། དེ་བཞིན་དུ། དེབ་འདིའི་ནང་གི་རྒྱའི་ཡུལ་དང་མིའི་མིང་རྣམས་རྒྱ་སྐད་ལྟར་དང་། ཉི་ཧོང་གི་ཡུལ་དང་མིའི་མིང་རྣམས་ཉི་སྐད་ལྟར་དང་། ནུབ་ཕྱོགས་ཀྱི་ཡུལ་དང་མིའི་མིང་རྣམས་དབྱིན་སྐད་ལྟར་བསྒྱུར་ཡོད་པ་དང་། བརྗོད་བྱ་དམིགས་བསལ་བ་དང་བརྡ་ཆད་གསར་པ་རྣམས་ལ་ཟུར་མཆན་ཆིག་སྟོང་ལྷག་བཏབ་འདུག
དེ་ལྟར། དེབ་འདི་ཉིད་ལོ་ཙཱ་བས་ལོ་ངོ་གཉིས་ལྷག་གི་རིང་ལ་ཆེད་དུ་བསྒྱུར་ཅིང་གཏན་ལ་ཕབ་པ་སྟེ། འདིའི་མ་ཡིག་དང་བུ་ཡིག་ཕན་ཚུན་ཐེངས་ལྔ་བསྡུར་བ་དང་། མ་ཡིག་གི་སེམས་ཀྱི་ས་བཀྲ(Mind Map)དང་བུ་ཡིག་ཕན་ཚུན་ཐེངས་གཉིས་བསྡུར། བུ་ཡིག་རྐྱང་པ་ཐེངས་བཅོ་ལྔ་ལ་ཞུ་དག་དང་བཟོ་བཅོས་བྱས་ནས་ལེགས་པར་གྲུབ་པ་ཞིག་ཡིན་འདུག་གོ །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།