རེབ་གོང་ཐང་ག པིར་སྨྱུག་གིས་རི་ཆུ་བཞེངས་ཤིང་། བཟོ་རྩལ་ལོ་ངོ་སྟོང་ལ་བརྒྱུད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2025-10-31 07:02:39 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་གནས་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་། ཐང་ག་ལྟེ་བར་བཟུང་སྟེ་ཐོན་ལས་འཕེལ་རྒྱས་མངོན་འགྱུར་བྱུང་ནས་མཐོ་སྒང་རིག་གནས་དར་སྤེལ་གྱི་ལམ་བུ་ཞིག་བཏོད། གནས་འདིར“འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སྒྱུ་རྩལ་ཕ་ས”ཞེས་པའི་འཛམ་གླིང་གི་ཟིན་ཐོ་དཔང་བདེན་ར་སྤྲོད་བྱས་ཤིང་། རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་ཟློས་གར་གཉིས་ལ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁས་ལེན་ཐོབ་ཡོད། སེང་གེ་གཤོང་སྡེ་བའི“ཁྱིམ་རེ་ནི་ལྷ་རིས་ཁང་རེ་དང་། མི་རེ་ནི་ལྷ་རིས་པ་རེ་ཡིན”ཞེས་པའི་རྣམ་པ་ནི་རིག་གནས་ཀྱི་མིང་བྱང་དུ་གྱུར།
       “མངོན་མིན་རིག་གནས་ཤུལ་བཞག+གྲོང་གསེབ་དར་སྤེལ”ཞེས་པ་གཞི་འཛིན་སར་བྱས་ཏེ། ཐུན་རིན་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གསོ་སྦྱོང་ལྟེ་གནས100དང་། གྲོང་ཁྱེར་རིམ་པའི་ཐོན་ལས་འཁོར་ཁང20བསྐྲུན་ཅིང་། མི་ཁྲི2.4ལྷག་འབྲེལ་ཡོད་ཐོན་ལས་ནང་ཞུགས་ཡོད། རེབ་གོང་རིག་གནས་ཐོན་ལས་གླིང་ཁུལ་དང་ཐང་གའི་སྒྱུ་རྩལ་གྲོང་རྡལ་གྱིས་སྒུལ་བྱེད་ཟུང་གྲུབ་ཅིང་། ལྷ་རིས་ཁེ་ལས་བརྒྱ་ཕྲག་འདུས་ནས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རིགས50ལྷག་གསར་སྤེལ་བྱས་ཏེ། 2023ལོར་རིག་གནས་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར5.95ཟིན། ས་གནས་ཀྱི་ཚད་གཞི་གཏན་འབེབས་དང་རྩ་གཉིས་ཨང་རིས་ཀྱི་ཁུངས་འདེད་པ། ཁུལ་ལེབ་ཕྲེང་སྦྲེལ་གྱི་རྫུན་བཟོ་འགོག་པ་བཅས་བརྒྱུད། “རེབ་གོང་ཐང་ག”དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སུ་གྱུར།
       2025ལོའི་ཟླ10པའི་ཚེས24ཉིན། ཐུན་རིན་གྲོང་ཁྱེར་གྱི2025ལོའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི(རྒྱལ་ས་པེ་ཅིན)ངོ་སྦྱོར་ཚོགས་འདུ་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་བའི་ཐོག་ཁང་དུ་འཚོག་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་ཐོན་སློབ་ཞིབ་ཀྱི་སྟོབས་ཤུགས་མཉམ་དུ་བསྡུས་ནས་ཡིད་རྟོན་མིང་བྱང་གི་ཐོན་ལས་གསང་གྲངས་མངོན་པར་བྱས་ཤིང་། ཡུལ་དངོས་སུ་ཐང་གའི་སྒྱུ་རྩལ་དང་སྐྱེ་ཁམས། ཚན་རྩལ་བཅས་མཉམ་འདྲེས་ཀྱི་ཐབས་ལམ་གསར་བའི་མདུད་རྒྱ་བཀྲོལ་ཏེ། “བཟོ་རྩལ་ཐོན་རྫས”དེ“སྒྱུ་རྩལ་དངོས་རྫས་མཐོ་གྲས”སུ་རིམ་འཕེལ་བྱུང་བའི་གྲུབ་འབྲས་བདེན་དཔང་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།