ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ནག་ཆུ་གྲོང་ཁྱེར་གྱི་ལོ་ངོ༦༠ཡི་རྩོམ་རིག་གསར་རྩོམ་གྲུབ་འབྲས་ཀྱི་བགྲོ་གླེང་དང་དེབ་གསར་འགྲེམ་སྤེལ་ཚོགས་འདུ་འཚོགས་པ།
ནག་ཆུ་གྲོང་ཁྱེར་གྱི་ལོ་ངོ༦༠ཡི་རྩོམ་རིག་གསར་རྩོམ་གྲུབ་འབྲས་ཀྱི་བགྲོ་གླེང་དང་དེབ་གསར་འགྲེམ་སྤེལ་ཚོགས་འདུ་འཚོགས་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2025-11-11 08:23:02
ཀློག་གྲངས།:
ནག་ཆུ་གྲོང་ཁྱེར་གྱི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་རྩོམ་རིག་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་མ་གཏོང་ཆེད། ཟླ11ཚེས7ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་དང་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། ནག་ཆུ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས་གཉེར་འགན་འཁུར་བའི་ནག་ཆུ་གྲོང་ཁྱེར་གྱི་ལོ་ངོ60ཡི་རྩོམ་རིག་གསར་རྩོམ་གྲུབ་འབྲས་ཀྱི་བགྲོ་གླེང་དང་དེབ་གསར་འགྲེམ་སྤེལ་ཚོགས་འདུ་ལྷ་སའི་གནས་ཚང་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

འགྲེམ་སྤེལ་ཚོགས་འདུར་བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུས་ཤིས་ཚིག་བསྒྲོན་པ་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྷག་པ་ཚེ་རིང་གིས་ཉེ་ལམ་ལོ་ཤས་རིང་གི་ནག་ཆུ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་ཤིང་། ཁོང་གིས། ད་ཐེངས་ཀྱི་འགྲེམ་སྤེལ་ཚོགས་འདུའི་ཐོག་ནག་ཆུར་ཕྱག་ལས་གནང་མུས་ཀྱི་གྲགས་ཅན་རྩོམ་པ་པོ་མང་པོ་ལྷན་དུ་འཛོམས་པ་མ་ཟད། ནག་ཆུའི་རྩོམ་རིག་བྱ་གཞག་ལ་འབད་བཞིན་པའི་གཞོན་སྐྱེས་རྩོམ་པ་པོ་དུ་མ་སླེབས་ཡོད། དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་བྱ་བ་ཞིག་རེད། ནག་ཆུ་གྲོང་ཁྱེར་གྱི་ལོ་ངོ60ཡི་རིང་གི་རྩོམ་རིག་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ད་ཐེངས་ཀྱི་འགྲེམ་སྤེལ་ཚོགས་འདུར་གཞོན་སྐྱེས་རྩོམ་པ་པོ་ཚེ་བརྟན་རྡོ་རྗེའི«ཆུ་རྡོ»དང་། དཔལ་ལྡན་ཆོས་སྐྱོང་གི«ཁ་བ་ལྷ་མོ» བློར་བརྩོན་པའི«ང་ཡི་ཕ་དམ་པ» སྐལ་བཟང་རྡོ་རྗེའི«ཟླ་བའི་མར་སྒམ» སྨྲི་ཏི་མཚན་འབར་གྱི«ཁྲུང་ཁྲུང»སོགས་དཔེ་དེབ་གསར་པ12འགྲེམ་སྤེལ་བྱས་ཤིང་། བགྲོ་གླེང་གནང་སྐབས་རྩོམ་པ་པོ་རྣམ་པས་རང་ཉིད་ཀྱི་གསར་རྩོམ་མྱོང་བ་ལྷུག་པོར་གླེང་བཞིན། སླད་ཕྱིན་རྩོམ་རིག་གསར་རྩོམ་གྱི་ལམ་བུར་མུ་མཐུད་བརྩོན་པ་ལྷུར་དུ་ལེན་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号