ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ཨ་ལག་ཤ་ངག་དབང་བསྟན་དར་གྱིས་བོད་ཀྱི་རིག་གནས་བསླབ་ཚུལ་ལ་དཔྱད་པ།
ཨ་ལག་ཤ་ངག་དབང་བསྟན་དར་གྱིས་བོད་ཀྱི་རིག་གནས་བསླབ་ཚུལ་ལ་དཔྱད་པ།
རྩོམ་པ་པོ།:ཤེས་རབ་བཟང་པོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-09-23 09:56:16
ཀློག་གྲངས།:
གཅིག བོད་སོག་རིག་གནས་སྤེལ་རེས་ཀྱི་སྔར་སྲོལ།
རྒྱ་བོད་སོག་གསུམ་གྱི་རིག་གནས་འབྲེལ་འདྲིས་ནི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་བརྒྱུད་དེ་ཕན་ཚུན་ལ་ཤན་ཤུགས་ཐེབས་པ་ལས་བྱུང་ཞིང་། འཕེལ་རྒྱས་སུ་ཕྱིན་ནས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྒྲིག་གཞི་ཞིག་གྲུབ། རིག་གནས་དེ་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཡོང་བར་རིན་བྲལ་གྱི་དགེ་མཚན་གཞན་གྱིས་བསྒྲུན་དུ་མེད། དེ་ལས་སོག་པོའི་མཁས་པས་མཛད་པའི་བོད་ཡིག་གི་བསྟན་བཅོས་དང་གསུང་རྩོམ་དག་རང་རྒྱལ་གྱི་བོད་སོག་རིག་གནས་ཀྱི་ཞིབ་འཇུག་པ་དག་ལ་མཚོན་ན་སྔོན་མེད་གསར་བཤད་མིན། བསྟན་བཅོས་དེ་དག་ལ་ནང་དོན་དང་རྣམ་པ་གཉིས་ཆ་ནས་སྣ་མང་རང་བཞིན་དང་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་ཞིང་། རིག་གནས་ཆེ་ཆུང་བཅུ་གཙོས་པའི་ལོ་རྒྱུས་སོགས་རིག་ཚན་སྣ་མང་གི་ཁྱབ་ཁོངས་ཆེན་པོ་ཞིག་གྲུབ། སོག་པོའི་མཁས་པ་ཨ་ལག་ཤ་ངག་དབང་བསྟན་དར་(1759-1831)ནི་རིག་གནས་དེའི་ཁྲོད་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་མི་སྣ་ཞིག་ཏུ་བརྩི་ཆོག་སྟེ། ཁོང་གི་གསུང་རྩོམ་མང་ཤས་བོད་ཡིག་གི་ལམ་ནས་བརྩམས་ལ། ཐོག་མའི་སྐབས་སུ་ཤིང་དཔར་གྱི་རྣམ་པས་མཚོ་སྔོན་གྱི་སྐུ་འབུམ་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་གཞི་མི་འདྲ་བ་གཉིས་ཡོད། དེ་ལས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་དཔར་ནི་བླ་བྲང་དགོན་དང་ལྷ་སའི་གཙུག་ལག་ཁང་ནང་བསྟན་གནའ་དཔེ་བསྡུ་སྒྲིག་ཁང་གིས་ལེགས་བསྒྲིགས་གནང་ཞིང་། 2008ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀྲམས། སྐུ་འབུམ་དགོན་པའི་ཤིང་དཔར་པར་མ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བསྡུ་སྒྲིག་དང་ཞིབ་འཇུག་གནང་སྟེ2011ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀྲམས། གསུང་འབུམ་དེ་ལ་པོད་སྟོད་སྨད་གཉིས་དང་། དེའི་གྲུབ་ཆ་གལ་ཆེན་ཞིག་ནི་དཔྱད་རྩོམ་བཞི་བཅུ་ལྷག་བསྡུས་ཡོད། དེར་སྐད་བརྡ་རིག་པ་དང་། མཚན་ཉིད་རིག་པ། རྩོམ་རིག་སོགས་ཀྱི་ཁྱབ་ཁོངས་མི་འདྲ་བ་དུ་མ་འདུས། བརྩམས་ཆོས་དེས་སོག་པོའི་མཁས་པས་བོད་ཡིག་བསྟན་བཅོས་རྩོམ་ཚུལ་ལ་ཞིབ་འཇུག་བྱེད་པའི་ཡིག་ཆའི་ཐོན་ཁུངས་གལ་ཆེན་གྱི་གོ་གནས་ཟིན། ཨ་ལག་ཤ་ངག་དབང་བསྟན་དར་གྱི་སྙན་ངག་དང་། སྐད་བརྡ། མཚན་ཉིད་རིག་པ་སོགས་རྒྱལ་ཁབ་ཕྱི་ནང་གི་བོད་སོག་རིག་པའི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་སོང་ཞིང་། དམ་པ་ཁོང་ཉིད་ཞིབ་འཇུག་གི་མི་སྣ་གཙོ་བོར་གྱུར།
གཉིས། ཨ་ལག་ཤ་ངག་དབང་བསྟན་དར་གྱི་སློབ་གཉེར་བརྒྱུད་རིམ།
དེ་ཡང་ལེགས་བཤད་དུ་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་སུམ་ཚོགས་པའི་དཔལ་མ་ལུས། །བརྩོན་འགྲུས་ལྡན་པས་འགྲུབ་བྱས་ན། །མི་འགྲུབ་པ་ནི་གང་ཡང་མེད། །ཅེས་གསུངས་པ་བཞིན་སོག་པོའི་མཁས་པ་ཨ་ལག་ཤ་ངག་དབང་བསྟན་དར་གྱི་སྐུ་ཚེ་གང་པོར་ནང་བསྟན་རིག་གནས་སྤྱི་དང་སྒོས་སུ་སྒྲ་ཚད་སྙན་ངག་སོགས་བོད་ཀྱི་ཐུན་མོང་གི་རིག་གནས་ལ་ཐོས་བསམ་རྒྱ་ཆེར་བྱས་ཏེ་བོད་སོག་རིག་གནས་སྤེལ་རེས་ཀྱི་ཐད་ལ་མཛད་རྗེས་བླ་མེད་བཞག་ཚུལ་ཅུང་ཟད་སྤྲོས་ན། དེ་ཡང་དམ་པ་ཁོང་ཉིད་དགུང་ལོ་བདུན་པར་རང་ཡུལ་གྱི་ཨ་ལག་ཤའི་ས་སྐྱོང་དགོན་པ་སྟེ་དགེ་རྒྱས་གླིང་ཞེས་པའི་དགོན་དེ་རུ་རབ་ཏུ་བྱུང་སྟེ་རིག་པའི་གནས་རྣམས་ལ་སློབ་གཉེར་མཛད་པ་དང་།དེ་རྗེས་དགོན་ལུང་དུ་ཕེབས་ནས་ལོ་ངོ་གཅིག་ཡས་མས་ཙམ་ལ་སློབ་གཉེར་བྱས་ཤིང་། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་དང་ཐུན་མོང་རིག་གནས་ཁག་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས་ལ། དགུང་ལོ་སུམ་ཅུ་ལྷག་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་པ་དང་། དགུང་ལོ་ཞེ་གཉིས་སྟེང་ཕྱིར་རང་ཡུལ་དུ་ཕེབས་ཏེ་དགེ་རྒྱས་གླིང་གི་མཁན་པོ་དང་། ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་དུ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་བསྐྱངས། དགུང་ལོ་ང་གཅིག་པར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱམས་པ་གླིང་སོགས་སུ་ཕེབས་ཏེ་སློབ་གཉེར་ཡུན་རིང་བྱས་པས། སྐྲ་དཀར་གཉེར་མའི་དུས་སུའང་། །ཐོས་པ་གསག་པར་བྱ་བ་སྟེ། །གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་ལེགས་བཤད་ཡོད་པ་བཞིན་ཁོང་གི་སྐུ་ཚེ་གང་པོར་འཆད་རྩོད་རྩོམ་གསུམ་དང་མ་བྲལ་བ་གནང་ཡོད།
གསུམ། བོད་སོག་རིག་གནས་བརྗེ་རེས་ཐད་ཀྱི་མཛད་རྗེས།
ཨ་ལག་ཤ་ངག་དབང་བསྟན་དར་གྱིས་བོད་ཀྱི་རིག་གནས་ལ་འཆད་རྩོམ་གྱི་མཛད་པ་མང་དུ་བསྐྱངས་ཡོད་དེ། ཁོང་གི་གསུང་རྩོམ་ལ«སྐྱབས་སུ་འགྲོ་བའི་ཚུལ་ལས་བརྩམས་པའི་གཏམ་འདོད་དགུ་འཇོ་བའི་རིན་ཆེན་བུམ་བཟང» «ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་འདོད་འཇོའི་དཔག་བསམ» «རྟེན་འབྲེལ་བསྟོད་པའི་དཀའ་གནས་ལས་བརྩམས་པའི་དོན་འགྲེལ་རིན་ཆེན་ཕྲེང་བ» «ཤེས་རབ་སྙིང་པོའི་འགྲེལ་བ་དོན་གསལ་ནོར་བུའི་འོད» «རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་འགྲེལ» «ཇ་མཆོད་འགྲེལ་བ» «སློབ་སྤྲིངས་ཀྱི་འགྲེལ་བ» «སོ་ཐར་གྱི་སྡོམ་པ་འབོག་ཆོག་གི་ལྷན་ཐབས» «མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་བཤད་པ» «སྒྲོལ་བསྟོད་མཁས་པའི་གཙུག་རྒྱན་གྱི་འགྲེལ་བ» «མཁས་གྲུབ་ཆོས་རྗེས་མཛད་པའི་རྗེ་བདག་ཉིད་ཆེན་པོའི་བསྟོད་པ་དད་པའི་རོལ་མཚོའི་འགྲེལ་བ» «བློ་སྦྱོང་དོན་བདུན་མའི་གཏམ་ཐེག་མཆོག་ཉེ་ལམ» «འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག» «མདོ་ཚིག་འགའ་ཞིག་གི་འགྲེལ་བ» «སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་གཏམ་བདེ་ཆེན་ཁང་བཟང» «གཅིག་དུ་བྲལ་གྱི་རྣམ་གཞག» «རྣམ་འགྲེལ་རྩོམ་འཕྲོ» «རྟགས་རིགས་ཀྱི་དཀའ་བའི་གནས་ལ་ཕན་པའི་ཟིན་བྲིས་གསར་བཤད་ཉི་མའི་འོད་ཟེར» «མ་དམིགས་པའི་རྟགས་ཀྱི་གོ་དོན་མདོར་བསྡུས» «ཕྱོགས་གླང་གིས་མཛད་པའི་ཕྱོགས་ཆོས་འཁོར་ལོ་ཞེས་པའི་བསྟན་བཅོས་གསར་བར་བྱེད་པའི་རིན་ཆེན་སྒྲོན་མེ» «རང་མཚན་སྤྱི་མཚན་གྱི་རྣམ་གཞག་རྩོམ་འཕྲོ» «དམིགས་པ་བརྟག་པའི་འགྲེལ་བ་མུ་ཏིག་ཕྲེང་མཛེས» «ཆོས་ཀྱི་གྲགས་པས་མཛད་པའི་རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་འགྲེལ་བ་མཁས་པའི་ཡིད་འཕྲོག» «དཔེ་རྒྱན་གྱི་སྒོ་ནས་བླ་མ་ལ་བསྟོད་པ» «སྙན་ངག་མེ་ལོང་གི་ལེའུ་གསུམ་གྱི་དཔེར་བརྗོད» «གངས་ཅན་གྱི་བརྡའ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན»སོགས་དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས་བརྒྱན་པའི་བསྟན་བཅོས་དུ་མ་སྐྱེ་དགུའི་དཔལ་དུ་བསྐྲུན།
ཕྱོགས་གཞན་ཞིག་ནས་གླེང་ན་ཨ་ལག་ཤ་ངག་དབང་བསྟན་དར་མཆོག་ནི་རིག་པའི་གནས་བཅུ་ལ་མཁྱེན་རྒྱ་ཡངས་ཤིང་། བོད་སོག་གཉིས་ཀྱི་སྐད་ཡིག་ལ་ནང་བྱན་ཆུད། གཞན་ཁོང་ནི་ཀུན་སྤྱོད་གཙང་ཞིང་། སྤྱོད་པ་ཚུལ་དང་མཐུན་ལ། ཁེངས་སྐྱུང་གྲོན་ཆུང་དང་བབ་ཆགས་ཀྱི་འཚོ་བར་མཉེས་པའི་བཟང་སྤྱོད་འབའ་ཞིག་གིས་མཛེས་པར་བརྒྱན་པས། རྗེས་རབས་པ་ལ་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་དང་། བོད་ཀྱི་སྐྱེས་ཆེན་ཞིག་གི་ཀུན་སྤྱོད་ཀྱི་ཚད་ལྟར་ཀུན་གྱི་མིག་ལྟོས་སུ་གྱུར་པས། མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅན་མཁྱེན་པར་འགྲོ། །ཞེས་གསུངས་པ་ལྟར་ཁོང་གི་བསླབ་པ་སློབ་གཉེར་གནང་བའི་བྱས་འབྲས་ལ། བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་བསྟན་བཅོས་མང་དུ་མཛད་པ་དང་བོད་སོག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་དུ་མཛད་རྗེས་མི་དམན་པ་བཞག་ཡོད།དེ་བས། ཨ་ལག་ཤ་ངག་དབང་བསྟན་དར་མཆོག་ནི་བོད་སོག་སྐད་གཉིས་ཀྱི་ལོ་ཙཱ་བ་དང་། བརྡ་སྤྲོད་སྨྲ་བ། སློབ་གསོ་བ།མཚན་ཉིད་སྨྲ་བ་བཅས་ཡིན་པས། དམ་པ་གང་གི་སྐུའི་ཡོན་ཏན་དང་བསམ་བློའི་སྙིང་སྟོབས་ནི་ཡི་གེ་ཉུང་ངུ་ཙམ་གྱིས་བརྗོད་པར་དཀའ་ཡང་། ཁོང་གི་ཐོས་བསམ་སྒོམ་གསུམ་གྱི་མཛད་པས་བགྲང་བྱ་ཉིས་བརྒྱའི་ཡུན་ལ་ནུབ་པ་མེད་པར་ཕྱི་རབས་པ་ལ་བསམ་བློའི་ཤན་ཤུགས་ངེས་ཅན་ཐེབས་པའི་ཚུལ་ནི། ཇི་སྐད་དུ། བརྩེ་བས་ལེགས་བཤད་དགའ་སྟོན་འགྲོ་ལ་སྩོལ། །མཛད་པས་རྒྱལ་བ་མཉེས་པ་འབའ་ཞིག་སྒྲུབ། །ཅེས་གསུངས་པ་ལྟར་རྗེ་ཁོང་ཉིད་ནི་དུས་རབས་བཅུ་དགུ་པའི་ནང་དུ་བོད་སོག་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། མི་རིགས་མཉམ་འདྲེས།རིག་གནས་སྤེལ་རེས་སོགས་ཀྱི་བྱ་གཞག་ལ་རང་གི་སྐུ་ཚེ་གང་པོ་བསྟིམས་པའི་སྐྱེས་ཆེན་ཞིག་གོ །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།