• «རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དྲག་པོ་འཛུགས་དགོས།»

    སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་ཀ་བཞི་གདུང་བརྒྱད་གང་མགྱོགས་སྐྲུན་དགོས་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་བྱེད་དགོས།འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་དུ་སྦྲེལ་ནས་ལྗང་མདོག་དང་།རྒྱུན་འཁོར།ཐཱན་ཉུང་བཅས་ཀྱི་འཕེལ་...

    2024-10-25 07:57:26 མཚོ་སྔོན་པོ་དྲ་བ། 10569
  • «ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»

    སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་།བརྟན་བརླིང་རང་བཞིན།རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་གཏོང་དགོས།རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་།སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིགརང་བྱུང་སྲུང་སྐྱོབ་ཁུལ་སོགས་གཙོ་གནད་དུ་བཟུང་སྟེ།སྐྱེ་ཁམས་མ་ལག་འགངས་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གནད་ཆེན་ལག་བསྟར་གང་མགྱོགས་བྱེད་དགོས།རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གནད་ཆེན་ལག་བསྟར་བྱེད་དགོས།གཞི་རྒྱ་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱེད་སྒོ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་དགོས།ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུག...

    2024-10-24 09:02:48 མཚོ་སྔོན་པོ་དྲ་བ། 10520
  • «ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»

    ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་།སྦགས་བཙོག་བཅོས་སྐྱོང་།སྐྱེ་ཁམས་སྲུང་སྐྱོབ།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་།ཐཱན་གཅོག་དང་།སྦགས་འཕྲི།ལྗང་སྐྱེད།འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་།གྲོན་ཆུང་ལེགས་བསྡུས་ཞིབ་གཉེར།ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།...

    2024-10-23 07:36:08 མཚོ་སྔོན་པོ་དྲ་བ། 10497
  • ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

    རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་།སྐྱེ་ཁམས་ཀྱི་ལྟ་བ་དང་འཕེལ་རྒྱས་ཀྱི་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ།རང་བྱུང་ཁམས་ལ་གུས་ཞུམ་དང་།རང་བྱུང་ཁམས་དང་བསྟུན་པ།རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱེད་ཅིང་།གོང་འོག་སེམས་མཐུན་དང་།མཉམ་འཛིན་སྤྱི་སྒྲུབ་ཐོགརི་ཆུ་སྐྱེ་ཁམས་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་མཐའ་འཁྱོངས་བྱ་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ།སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་།གང་བྱུང་དུ་སྔོག་འདོན་བྱེད་རིགས་གཏན་འགོག་བྱས་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་དང་།སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་ལེགས་སྒྱུར།སྤྱི་ཡོངས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅ...

    2024-10-22 07:55:06 མཚོ་སྔོན་པོ་དྲ་བ། 10537
  • «མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།»

    འགན་འཁྲི་ཚང་མས་འཁུར་དགོས་ཀྱང་ཁྱད་པར་ཡོད་པའི་རྩ་དོན་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རིམས་ནད་འགོག་བཅོས་དང་།དཔལ་འབྱོར་གོང་སྤེལ།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད།ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་ཏེ།དེའི་དམིགས་བསལ་དཀའ་ངལ་དང་དོ་ཁུར་བྱ་ཡུལ་ལ་གཟིགས་སྐྱོང་བྱེད་དགོས།དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔར་ལས་ཆེ་བའི་བློ་སྟོབས་དང་བྱ་སྤྱོད་སྟོན་དགོས་པ་དང་།དུས་མཚུངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་...

    2024-10-21 07:57:13 མཚོ་སྔོན་པོ་དྲ་བ། 10663
  • «མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས།»

    མིའི་རིགས་ཀྱི་བྱེད་སྒོ་གང་མང་མང་ཞིག་གིས་རང་བྱུང་སྐྱེ་ཁམས་ཀྱི་མཐའ་མཚམས་དང་མཐའ་ཚད་ལ་རྒྱུན་ཆད་མེད་པར་ཕོག་ཐུག་བཟོ་བཞིན་ཡོད།རང་བྱུང་ཁམས་ཀྱི་ཆེད་དུ་བདེ་འཇགས་མཐའ་མཚམས་དང་མཐའ་ཚད་སྲུང་བ་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཆགས་པར་བྱེད་དགོས།འདིར་གཟུགས་ཡོད་ཀྱི་མཐའ་མཚམས་ཚུད་ཡོད་ལ་གཟུགས་མེད་ཀྱི་མཐའ་མཚམས་ཀྱང་ཚུད་ཡོད།རྒྱལ་ཁོངས་བར་སྟོང་འཆར་འ...

    2024-10-18 07:50:41 མཚོ་སྔོན་པོ་དྲ་བ། 10599
  • «ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད»

    ངས་དཔྱད་གཞིའི་ཡིག་ཆ་ཁ་ཤས་བལྟས་པས། 2012ལོའི་ལོ་སྟོད་དུ་ཞིང་ཆེན་ག་གེ་མོ་ཞིག་གི་རྫོང་ཞིག་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་ལ་གཏན་འཁེལ་བྱས་པས་རྫོང་སྲིད་གཞུང་གིས་དྲ་ཚིགས་སུ“གཏམ་བཟང་ཤིན་ཏུ་ཆེན་པོ”ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་ཀྱིས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ནང་ཚུད་རྒྱུ་ལེགས་གྲུབ་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྟེན་འབྲེལ་ཞུས་འདུགད་དུང་དཔེ་དོན་གཅིག་ཡོད་པ་སྟེ།རྫོང་གཉིས་ཀྱིས་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་གི་ཞྭ་མོར་ཧབ་ཐོབ་བརྒྱབ་པ་དང་།མ་ཚུད་པའི་...

    2024-10-15 12:03:30 མཚོ་སྔོན་པོ་དྲ་བ། 10632
  • «ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད།»

    རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་རྒྱུ་ནི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན།རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་བྱུང་ན་གཞི་ནས་བསྒྱུར་བཅོས་དང་འཕེལ་རྒྱས་མུ་མཐུད་སྐུལ་འདེད་གཏོང་ཐུབ།...

    2024-10-14 18:58:35 མཚོ་སྔོན་པོ་དྲ་བ། 10583
  • «རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སྙེག་པར་སྐུལ་འདེད་གཏོང་དགོས།»

    སྐྱེ་ཁམས་སྲུང་སྐྱོབ་དང་སྦགས་བཙོག་འགོག་བཅོས་གཉིས་ཁ་འབྲལ་ཐབས་མེད་པ་དང་།ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་དང་།དེ་ལས་སྦགས་བཙོག་འགོག་བཅོས་བྱེད་པ་ནི་ཆ་གྲངས་ཀྱི་བུ་ཆ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་མ་ཆ་དང་འདྲ་ཞིང་།བུ་ཆར་འཕྲི་རྩིས་ཡག་པོ་བརྒྱབ་སྟེ་སྦགས་བཙོག་དངོས་པོ་ཕྱིར་འབུད་གཏོང་ཚད་ཉུང་དུ་གཏོང་བ་དང་།མ་ཆར་སྣོན་རྩིས་ཡག་པོ་བརྒྱབ་སྟེ་ཁོར་ཡུག་གི་ཤོང་ཚད་རྒྱ་སྐྱེད་བྱས་ཏེ་མཉམ་རུབ་ཀྱིས་ཤུགས་འདོན་དགོས།...

    2024-10-12 08:22:58 མཚོ་སྔོན་པོ་དྲ་བ། 10643
  • «ལྗང་མདོག་དང་བདེ་འཇགས་ཀྱི་བདེ་ཐང་ཁོར་ཡུག་སྐྲུན་དགོས།»

    ང་ཚོས་རྒྱལ་གཅེས་གཙང་སྦྲའི་ལས་འགུལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས།མང་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་དགོས་ཤིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་མུ་མཐུད་སྤེལ་བ་དང་།གྲོང་གསེབ་ཀྱི་གཞིས་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།བདེ་ཐང་ཡིན་ལ་གཞིས་སྡོད་ལ་འཕྲོད་ཅིང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན...

    2024-10-11 09:32:16 མཚོ་སྔོན་པོ་དྲ་བ། 10627
  • «མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན།»

    རང་བྱུང་ནི་ཚེ་སྲོག་གི་མ་ཡུམ་ཡིན།མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པས།མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ལ་གུས་ཞུམ་དང་།རང་བྱུང་ཁམས་ལ་བརྩི་འཇོག་དང་།རང་བྱུང་ཁམས་ལ་བསྟུན་ཤེས།རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས།ང་ཚོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་།རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འ...

    2024-10-10 08:14:23 མཚོ་སྔོན་པོ་དྲ་བ། 10674
  • «སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་རང་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་རང་ཡིན།»

    རི་སྔོན་ཆུ་དྭངས་དང་གསེར་རི་དངུལ་རི་ནི་འགལ་བ་ལྟག་སྤྲོད་ཞིག་གཏན་ནས་མིན་པར།དེའི་གནད་འགག་ནི་མི་དང་བསམ་ཕྱོགས་ལ་ཐུག་ཡོད།ཅིའི་ཕྱིར་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེ་ན།“ཉ་ནི་རྩྭ་ཆུ་གང་བཟང་ཡུལ་དུ་སྡོད།བྱ་ནི་ཤིང་བཟང་ཀུན་ཏུ་གནས་ཚང་བཟོ།”ཞེས་པ་ལྟར།གལ་སྲིད་ཕྱོགས་གཞན་དག་གི་ཆ་རྐྱེན་ཡོངས་སུ་འཛོམས་ཚེ་རི་སྔོན་ཆུ་དྭངས་ཀྱི་ས་ཆར་དངུལ་འཇོག་དང་།བྱ་གཞག་གོང་སྤེལ།ལས་དོན་སྒྲུབ་པ།འཚོ་བ་རོལ་བ།ཡུལ་སྐོར་བཅས་བྱེད་པར་ཡོང་མི་འདོད་མཁན་སུ་ཞིག་ཡོད།དོན་སྙིང་འདིའི་ཐོག་ནས་བཤད་ན།རི་སྔོན་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ།སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན།...

    2024-10-09 08:28:50 མཚོ་སྔོན་པོ་དྲ་བ། 10842
  • «ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་གནད་དོན་ཆེན་པོ་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད།»

    བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པ་དང་།ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྒྱབ་རྟེན་གལ་ཆེན་ཞིག་ཡིན།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་དང་།སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ།སྤྱི་ཚོ...

    2024-10-08 08:23:33 མཚོ་སྔོན་པོ་དྲ་བ། 10659
  • ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

    དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་ནི།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས།རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ།གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས།ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས།དུས་བསྟུན་མདུན་སྐྱོད་དང་བདེན་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས།བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས...

    2024-09-29 08:26:55 མཚོ་སྔོན་པོ་དྲ་བ། 10855
  • «ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ༦༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»

    གྲོས་མོལ་དམངས་གཙོ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གོ་རིམ་ཧྲིལ་པོར་ཕྲ་བཏབ་པ་ལྟར་གཞི་ཚུགས་ཡོད།ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཡོད་ལ།ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་ཡང་འདོན་སྤེལ་བྱས་ཡོད་པ་དང་།མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱས་ཡོད་ལ།དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་འགོ་ཁྲིད་ལམ་ལུགས་དང་རྩ་འཛུགས་ཀྱི་རྩ་དོན་ཡང་ལག་ལེན་མཐར་ཕྱིན་བྱས་ཡོད།མི་དམངས་དམངས་གཙོའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་ལ་མཐུན་སྒྲིལ་དང་ཞི་མཐུན་གྱི་བླང་བྱའང་ལག་ལེན་མཐར་ཕྱིན་བྱས་ཡོད།ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོས་དམངས་གཙོའི་རྣམ་པ་གྲ་རྒྱས་ཕུན་ཚོགས་བཟོས་ཡོད་པ་དང་།དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད་ལ།དམངས་གཙོའི་གོ་དོན་ཇེ་ཟབ་ཏུ་བཏང་ཡོད།...

    2024-09-27 08:05:40 མཚོ་སྔོན་པོ་དྲ་བ། 10783
  • «རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»

    རྒྱལ་ཁབ་ཅིག་གི་ཆབ་སྲིད་ལམ་ལུགས་ནི་རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞིར་རག་ལས་པ་དང་ཆབས་ཅིག་དེས་རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞིར་ཕྱིར་ལྡོག་ནུས་པ་ཐོན་གྱི་ཡོད་ལ་ཐ་ན་ཐག་གཅོད་ཀྱི་ནུས་པ་ཐོན་གྱི་ཡོད།རྒྱལ་ཁབ་ཅིག་གི་ལམ་ལུགས་ཁག་ལས་ཆབ་སྲིད་ལམ་ལུགས་ནི་གནད་འགག་ཆེ་བའི་ལྷུ་ཚིགས་སུ་གནས་ཡོད།དེར་བརྟེན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གདེང་ཚོད་བརྟན་པོ་འཆང་དགོས་ན།ཐོག་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལ་གདེང་ཚོད་བརྟན་པོ་འཆང་དགོས་ཤིང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་དགོས་པ་རེད།...

    2024-09-26 08:12:28 མཚོ་སྔོན་པོ་དྲ་བ། 10825
  • «རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»

    རྒྱལ་ཁབ་ཅིག་གི་ཆབ་སྲིད་ལམ་ལུགས་དེ་དམངས་གཙོ་དང་ནུས་ལྡན་ཡིན་མིན་ལ་གདེང་འཇོག་བྱེད་ཚེ།གཙོ་བོ་རྒྱལ་ཁབ་དེའི་འགོ་ཁྲིད་རིམ་པ་ཁྲིམས་ལྟར་སྲོལ་ལུགས་ལྡན་པའི་ངང་བརྗེ་སྒྱུར་ཐུབ་མིན་དང་།མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་།སྤྱི་ཚོགས་ཀྱི་ལས་དོན།དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་བཅས་ལ་དོ་དམ་བྱེད་ཐུབ་མིན།མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གྱི་དགོས་མཁོ་ལྷུག་པོར་བརྗོད་ཐུབ་མིན།སྤྱི་ཚོགས་ཀྱི་ཕྱོགས་ཚང་མ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ནུས་ལྡན་ངང་ཐེ་ཞུགས་བྱེད་ཐུབ་མིན།རྒྱལ་ཁབ་ཀྱི་ཐབས་ཇུས་གཅོད་སྟངས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་ཐུབ་མིན།ཕྱོགས་གང་ཅིའི་ཤེས་ལྡན་མི་སྣ་དྲང་སྙོམས་འགྲན་རྩོད་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དོ་དམ་མ་ལག་ཏུ་ཞུགས་ཐུབ་མིན།སྲིད་སྐྱོང་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྒྱལ་ཁབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཐུབ་མིན།དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཐེབས་ཐུབ་མིན་བཅས་ལ་བལྟ་དགོས་པ་རེད།...

    2024-09-25 08:12:00 མཚོ་སྔོན་པོ་དྲ་བ། 10866
  • «རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཉིད་སྤེལ་འཐུས་པ་དང་།སྐྱེ་སྟོབས་ཆེ་བ།ལས་ཆོད་ཆེ་བ་བཅས་ཡིན་པའི་རྒྱུ་རྐྱེན་ནི་དེ་ཉིད་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་ཞིང་གཤིན་པོ་ལས་སྐྱེས་ཤིང་འཚར་ལོངས་བྱུང་བའི་རྐྱེན་གྱིས་རེད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ནི་ཐོག་མ་ཉིད་ནས་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་ཞིང་གཤིན་པོའི་ནང་དུ་སྐྱེས་ཡོད་ཅིང་།འབྱུང་འགྱུར་མུ་མཐུད་ནས་འཚར་ལོངས་ཡོང་དགོས་ན་ངེས་པར་དུ་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་ཞིང་གཤིན་པོའི་ཐོག་རྩ་བ་ཟབ་མོར་ཚུགས་དགོས་པ་རེད།...

    2024-09-24 08:24:39 མཚོ་སྔོན་པོ་དྲ་བ། 10846
  • «ཕུའུ་ཏུང་སྔར་ལས་ཆུ་ཚད་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་འབྱེད་གདོང་ལེན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།»

    ཆུ་ཚད་མཐོ་བའི་ལམ་ལུགས་ཀྱི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས།ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཡིན་པས།དུས་ནམ་ཡིན་ཡང་གཡོ་འགུལ་གཏོང་མི་རུང་།ད་ལྟའི་དུས་རབས་འདིར་སྟངས་སྒོ་བརྒྱབ་ནས་འཛུགས་སྐྲུན་བྱེད་པའི་བསམ་ཚུལ་དང་།གཞན་དག་རྩ་བ་ནས་དང་དུ་མི་ལེན་པའི་བྱེད་སྟ...

    2024-09-19 10:20:39 མཚོ་སྔོན་པོ་དྲ་བ། 11009
  • «ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ལ་བབ་བརླིང་ངང་སྐུལ་འདེད་གཏོང་དགོས།»

    ཏང་ཀྲུང་དབྱང་གིས་ཧའེ་ནན་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པར་རྒྱབ་སྐྱོར་དང་།ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་རིམ་བཞིན་འཚོལ་ཞིབ་དང་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ལས་རིམ་དང་དུས་རིམ་བགོས་ནས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་འཛུགས་རྒྱུའི་གྲོས་ཐག་བཅད་པ་རེད།འདི་ནི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཤིང་།ཞིབ་འཇུག་གཏིང་ཟབ་དང་།གཅིག་འདོམས་ཀྱིས་བསམ་གཞིགཚན་རིག་དང་མཐུན་པར་ཇུས་འགོད་བཅས་བྱས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ།རང་རྒྱལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བའི་ཆོད་སེམས་མཚོན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།...

    2024-09-13 08:23:17 མཚོ་སྔོན་པོ་དྲ་བ། 11078
  • «དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།»

    ད་ལྟ་རང་རྒྱལ་དང་འཛམ་གླིང་བར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གྱུར་ཞིང་།རང་རྒྱལ་གྱི་དཔལ་འབྱོར་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཚུལ་དང་།འཛམ་གླིང་གི་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཚུལ་ཚང་མ་སྔར་བྱུང་མྱོང་མེད་པ་ཞིག་ཡིན།དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བའི་ཆ་རྐྱེན་འོགང་ཚོས་སྒོ་བརྒྱ...

    2024-09-12 08:06:22 མཚོ་སྔོན་པོ་དྲ་བ། 11207
  • «ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»

    དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས༢༡པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པ་ནི།ཏང་ཀྲུང་དབྱང་གིས་ཆབ་སྲིད་དང་།ཕྱི་འབྲེལ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་བཅས་སྤྱི་ཡོངས་ལ་གཅིག་འདོམས་བྱས་ནས་བཏོན་པའི་འཐབ་ཇུས་ཀྱི་ཇུས་གཞི་གལ་ཆེན་ཞིག་དང་།རེབ་གསར་པའི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།མཐའ་འཁོར་གྱི་ཁོར་ཡུག་ལ་ཕན་པའི་བྱེད་ཐབས་ག...

    2024-09-11 08:17:12 མཚོ་སྔོན་པོ་དྲ་བ། 11484
  • «ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་འཛིན་གྲྭར་གནང་བའི་གཏམ་བཤད།»

    ལེ་དབར་བརྒྱ་ལ་ལུགས་མི་འདྲ།།ལེ་དབར་སྟོང་ལ་སྲོལ་མི་འདྲ།།རྒྱལ་ཁབ་ཅིག་གིས་བཅོས་སྐྱོང་མ་ལག་གང་འདྲ་ཞིག་གདམ་གསེས་བྱ་རྒྱུ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་སྲོལ་རྒྱུན་དང་།རིག་གནས་སྲོལ་རྒྱུན།དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆུ་ཚད་བཅས་ཀྱིས་ཐག་གཅོད་ཀྱི་ཡོད་པ་དང་།རྒྱལ་ཁབ་རང་རྒྱལ་གྱི་ལོ་རྒྱུས་སྲོལ་རྒྱུན་དང་།རིག་གནས་སྲོལ་རྒྱུན།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་བཅས་ཀྱི་རྨང་གཞིའི་ཐོག...

    2024-09-10 07:53:15 མཚོ་སྔོན་པོ་དྲ་བ། 11575
  • «ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།»

    བསྒྱུར་བཅོས་ལ་སྐུལ་འདེད་གཏོང་སྐབས་བསམ་བློའི་ཐབས་ཤེས་ཡང་དག་དང་རྩོད་སྒྲུབ་རིག་པ་རྒྱུན་འཁྱོངས་བྱས་ཏེ།བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བར་གྱི་འབྲེལ་བ་དང་།སྤྱི་ཡོངས་ནས་སྐུལ་འདེད་དང་གཙོ་གནད་ཐོད་བརྒལ་བར་གྱི་འབྲེལ་བ།ཁྱོན་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ།རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རབ་བརྒལ་བའི་འབྲེལ་བ།སྤོབས...

    2024-09-09 08:02:47 མཚོ་སྔོན་པོ་དྲ་བ། 11445
  • «ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།»

    བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་ངོས་འཐུས་ཚང་དང་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་པར་བྱ་རྒྱུ་དེ་ཡིན།དེའི་ནང་སྲོག་ཤིང་དུ་གྱུར་པ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ལེགས་བཅོས་བྱ་རྒྱུ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན།དེ་ལས་འཛོལ་ན་ལམ་གོལ་དུ་སོང་བ་ཡིན།...

    2024-09-06 08:22:47 མཚོ་སྔོན་པོ་དྲ་བ། 11133

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།