• «མའོ་ཙེ་ཏུང་དགོངས་པའི་ཉམས་མེད་བླ་སྲོག་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།»

    མང་ཚོགས་ལམ་ཕྱོགས་ནི་ང་ཚོའི་ཏང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན་པ་དང་།ང་ཚོའི་ཏང་གིས་དུས་གཏན་དུ་ལང་ཚོའི་སྐྱེ་སྟོབས་དང་འཐབ་འཛིང་གི་ནུས་སྟོབས་འཛིན་ཐུབ་པའི་ཁྱིམ་བརྒྱུད་ཀྱི་ནོར་བུ་རིན་ཆེན་ཡིན།འདས་ད་མ་འོངས་ཀུན་ཏུ་ང་ཚོས་མཐའ་གཅིག་ཏུ་ཐམས་ཅད་མང་ཚོགས་ཀྱི་དོན་དུ་ཡིན་པ་དང་།ཐམས་ཅད་མང་ཚོགས་ལ་རྒྱབ་རྟེན་བྱེད་དགོས་པ།མང་ཚོགས་ལས་བྱུང་ཞིང་མང་ཚོགས་ལ་འཇུག་པ་བཅས་རྒྱུན་འཁྱོངས་བྱས་ཏེ།ཏང་གི་ཡང་དག་པའི་འདོད་ཚུལ་ཉིད་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ལ་སྒྱུར་དགོས་པ་དང་།མང་ཚོགས་ལམ་ཕྱོགས་ཉིད་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་བྱེད་སྒོ་ཡོངས་སུ་ལག་བསྟར་མཐར་ཕྱིན་པ་བྱེད་དགོས།...

    2025-06-20 08:12:39 མཚོ་སྔོན་པོ་དྲ་བ། 4194
  • «མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»

    ཏང་གིས་སྲིད་སྐྱོང་གི་ཉམས་སད་དང་།སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད།ཚོང་རའི་དཔལ་འབྱོར་གྱི་ཉམས་སད།ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་མུ་མཐུད་དུ་ཐེག་དགོས་ན།ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས།དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ལངས་ཕྱོགས་འགྱུར་མི་ཉན་པ་དང་།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྗེད་མི་ཉན་པ།མང་ཚོགས་ནི་དཔའ་བོ་ངོ་མ་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་འདོར་མི་ཉན་པར།སྤྱི་དོན་དུ་ཏང་འཛུགས་པ་དང་།དམངས་དོན་དུ་སྲིད་སྐྱོང་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།...

    2025-06-19 08:14:17 མཚོ་སྔོན་པོ་དྲ་བ། 4287
  • «མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»

    ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོར་གསལ་བཤད་བྱས་དོན།མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་མཚོན་ཚུལ་ཡིན་ལ།ཀྲུང་གོའི་གུང་ཁྲན་ཏང་ཉིད་སྲིད་ཏང་གཞན་དག་དང་ཁྱད་པར་འབྱེད་པའི་མངོན་གསལ་མཚོན་རྟགས་ཡིན་ཞིང་།ཏང་དར་རྒྱས་གོང་འཕེལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ཡིན་པ་དང་།ཏང་གི་བྱ་གཞག་ལེགས་འགྲུབ་བྱེད་ཐུབ་མིན་དེ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་ཐུབ་མིན་ལ་རག་ལས་ཡོད།...

    2025-06-18 08:12:04 མཚོ་སྔོན་པོ་དྲ་བ། 4323
  • ༢༠༢༤ལོའི་དཔྱིད་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མགོ་རྩོམ་སྐབས་གནང་བའི་མཛུབ་སྟོན།

    རང་རྟོགས་ཀྱིས་ཏང་ལ་བློ་དཀར་ཞིང་གཞུང་དྲང་བའི་མིག་དཔེའི་ལག་ལེན་པ་ཞིག་བྱས་ཏེ།དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དང་དོད་བྱེད་ཅིང་།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རིམ་གྱིས་མཐོ་རུ་འདེགས་དགོས་ཤིང་།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་དམ་སྲུང་བྱེད་པ།སྐད་ཆ་དྲང་མོར་བཤད་པ་དང་བྱ་བ་དྲང་མོར་སྒྲུབ་པ།མི་དྲང་མོ་ཞིག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་རྒྱུན་སྲུང་བྱེད་དགོས།...

    2025-06-17 08:15:01 མཚོ་སྔོན་པོ་དྲ་བ། 4400
  • «ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།»

    ངས་རྟག་པར་ཏང་ཡོན་དང་ལས་བྱེད་པས་རྒྱན་དུ་ཏང་གི་སྒྲིག་ཡིག་དང་རང་ཉིད་ཀྱི་ཏང་ཞུགས་དམ་བཅའ།གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིར་བསྐུར་པའི་འཕྲིན་ཡིག་སོགས་བསྐྱར་སྦྱོང་བྱེད་དགོས་ཞེས་ཤོད་ཀྱིན་ཡོད།ཏང་གི་སྒྲིག་ཡིག་དེ་སྔས་འགྲམ་དུ་བཞག་སྟེ་རྒྱུན་དུ་ཚད་སྡུར་དང་ཞིབ་བཤེར་བྱས་ནས་རང་ཉིད་ཀྱིས་སྒྲིག་ཡིག་གི་ནང་དོན་དོན་འཁྱོལ་ཐུབ་ཡོད་མེད་དང་།རང་ཉིད་ལ་ཐོག་མའི་བསམ་འདུན་དང་འགལ་བའི་བྱ་སྤྱོད་ཡོད་མེད་བརྟག་དགོས།ནང་སེམས་ལ་རྒྱུན་དུ་གཙང་སྦྲ་བྱེད་པ་དང་རང་ཉིད་ལ་ལྟ་བྱེད་ཀྱི་མེ་ལོང་རྒྱུན་དུ་གཙང་མར་ཕྱིས་དགོས།རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ནམ་རྒྱུན་རང་ཉིད་ཀྱི་བསམ་བློ་ཆབ་སྲིད་ལ་བརྟག་དཔྱད་བྱེད་པ་དང་།ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་མིན་བསྡུར་བ།ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་བརྩིས་ཡོད་མེད་བརྟག་པ།མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་ཡོད་མེད་ལྟ་བ།སྔོན་གཤེགས་དཔའ་བོ་དང་སྔོན་ཐོན་དཔེ་བཟང་རྣམས་ལ་མིག་ལྟོས་བྱེད་པ་བཅས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ཡིད་ལ་ངེས་ཤིང་བརྟན་པོར་སྲུང་བ་དང་།འགན་འཁྲི་བརྟན་སྲུང...

    2025-06-16 08:34:49 མཚོ་སྔོན་པོ་དྲ་བ། 4462
  • ཀྲུང་དབྱང་ཆབ་སྲིད་ཅུའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་སྟེང་གི་གསུང་བཤད།

    ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་རྒྱུ་དེ་ངེས་སྦྱོང་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ཏེ།ཐོག་མའི་བསམ་འདུན་རྟག་ཏུ་འདྲི་བ་དང་སྲུང་སྐྱོང་བྱས་ཏེ།དུས་ཐོག་ཏུ་ཡལ་ག་དང་ལོ་མ་འབྲེག་པ་དང་།ཀལ་གསབ་རུས་གསོ་བྱེད་ཅིང་།ཕུགས་བསམ་དང་དད་སེམས་གྱི“སྤྱིའི་གཅུས་སྒོ”བརྟན་པོར་འཛིན་དགོས།ཡིན་མིན་བདེན་རྫུན་གྱི་མདུན་དུ་དར་ཆ་གསལ་བོར་སྒྲེང་བ་དང་།དཀའ་ཁག་ལ་ཉམས་སད་ཐེག་པའི་མདུན་དུ་འཇིགས་སྣང་ཅི་ཡང་མེད་པ།བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོ་བཅས་བྱས་ཏེ།གནད་འགག་གི་དུས་སུ་ཏང་གིས་ཡིད་ཆེས་ཐུབ་པ་དང་།བློ་གཏོད་ཐུབ་པ།སེམས་བདེ་ཐུབ་པ་བཅས་བྱེད་དུ་འཇུག་དགོས།...

    2025-06-13 08:31:10 མཚོ་སྔོན་པོ་དྲ་བ། 4626
  • ཞི་ཅིན་ཕིང་གི«ཏང་གི་རང་ངོས་གསར་བརྗེ་གླེང་བ»

    ཏང་ལ་ལྷག་བསམ་རྣམ་དག་བྱ་དགོས་ན།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་ཆེས་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་བཅས་བྱས་ཏེ།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་ནན་པོ་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལངས་ཕྱོགས་དང་།ཆབ་སྲིད་ཁ་ཕྱོགས།ཆབ་སྲིད་རྩ་དོན།ཆབ་སྲིད་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བྱ་དགོས།...

    2025-06-12 08:11:29 མཚོ་སྔོན་པོ་དྲ་བ། 4703
  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཁྲུན་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས་ཀྱི་གསུང་བཤད།

    དོན་དག་ཆུང་ཆུང་དང་གནད་དོན་ཆུང་ཆུང་ནི་མེ་ལོང་ཞིག་ཡིན།དོན་དག་ཆུང་ཆུང་དང་གནད་དོན་ཆུང་ཆུང་གི་ནང་དུ་ཏང་གཤིས་དང་།རྩ་དོན།མི་གཤིས་བཅས་ཡོད།“དོན་ཆུང་ཡིན་ཡང་མ་གཟབ་ན།དོན་ཆེན་འབྱུང་བའི་རྐྱེན་དུ་འགྱུར”ཞེས་པའི་གནའ་བོའི་བསླབ་བྱ་བློ་ལ་བརྟན་པོར་བཟུང་སྟེ།དོན་དག་ཆུང་ཆུང་དང་གནད་དོན་ཆུང་ཆུང་གི་ཐོག་ནས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཕྲན་ཚགས་ཀྱི་ཐོག་ནས་རང་ཉིད་འཐུས་ཚང་དུ་གཏོང་བ་དང་།བློ་སྦྱོང་ནན་པོ་དང་།སེམས་པ་འདྲོ...

    2025-06-11 10:16:33 མཚོ་སྔོན་པོ་དྲ་བ། 4729
  • «ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བཟོས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས»

    དུས་ཡུན་རིང་པོའི་ལག་ལེན་ལས་ར་སྤྲོད་བྱུང་དོན།གཟབ་ནན་ཏན་ཏིག་གི་ཏང་ནང་གི་ཆབ་སྲིད་འཚོ་བ་ནི་ང་ཚོའི་ཏང་གིས་ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་དང་།སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་།ཏང་ནང་གི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན་ཞིང་།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་པའི“བཞུ་ཐབ་ཆེན་པོ”ཡིན་པ་དང་།ཏང་སྲོལ་དྭངས་གཙང་གི“གཙང་བཟོའི་ཡོ་བྱད”ལྟ་བུ་ཡིན།...

    2025-06-10 08:13:26 མཚོ་སྔོན་པོ་དྲ་བ། 4741
  • «བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ»

    ང་ཚོ་ཀྲུང་ཁྲན་ཏང་མི་ལ་མཚོན་ནས་བཤད་ན།སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་ནི་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་།སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས།ཏང་དང་མི་དམངས་ཀྱི་ལྷག་བསམ་བཅས་ལ་ཚད་འཇལ་བའི་འཇལ་ཆས་ཤིན་ཏུ་གལ་ཆེན་ཞིག་ཡིན།ང་ཚོས་ལྕགས་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་ངོས་སྣ་ཚོགས་ཀྱི་སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་བཅོས་སྐྱོང་བྱེད་དགོས་པར་མ་ཟད།དེ་བས་ཀྱང་མིག་ཟུང་ཆེ་རུ་བགྲད་ནས་སྤྱོད་ཚུལ་མི་ལེགས་པའི“འགྱུར་བ་དོན་གཉིས”ལ་བརྟེན་ནས།དེ་ཕྱིར་ཕྱུང་ནས་ཅི་ཙམ་ཡོད་ན་དེ་ཙམ་ཐག་གཅོད་བྱེད་དགོས།སྤྱོད་ཚུལ་འཛུགས་སྐྲུན་ལེགས་འཛིན་བྱ་ན་རང་ཆོས་སོར་ལོག་དང་རྨང་བརྟན་ཟུང་སྐྱེད་བྱེད་དགོས་པ་དང་།ཏང་གཤིས་གསོ་སྐྱོང་བྱེད་པར་ཤུགས་སྣོན་པའི་དུས་མཚུངས་སུ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།...

    2025-06-09 08:22:26 མཚོ་སྔོན་པོ་དྲ་བ། 4775
  • «ཀྲུང་དབྱང་ཆབ་སྲིད་ཅུའི“ནན་གསུམ་དྲང་གསུམ”ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གི་གསུང་བཤད»

    ང་ཚོས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་སྐབས།“དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་དགོས”ཞེས་གསུངས་མྱོང་།ཚད་གཞི་དང་གོ་གནས་འདི་འདྲ་ལྟར་བློ་སྦྱོང་དང་།དབང་སྤྱོད།རང་གཅུན།དོན་གཉེར།ལས་གཏོད།མི་བྱ་རྒྱུ་བཅས་བྱས་ན་ང་ཚོས་ད་གཟོད་མི་ཡག་པོ་བྱེད་ཐུབ་པ་དང་དཔོན་ཡག་པོ་བྱེད་ཐུབ།...

    2025-06-06 08:50:36 མཚོ་སྔོན་པོ་དྲ་བ། 4917
  • «ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤྱི་བསྡོམས་ཚོགས་ཆེན་སྟེང་གི་གསུང་བཤད»

    ཏང་ཡོན་དང་ལས་བྱེད་པའི་ངོས་ནས་བཤད་ན།བསམ་བློའི་ཐད་ཀྱི་ཉམས་ཞན་ནི་ནད་འགྱུར་ཚབས་ཆེ་ཤོས་ཤིག་ཡིན་ཞིང་།“སྤྱིའི་གཅུས་སྒོ”དམ་པོར་མ་གཏན་པ་དང་།གཞུང་སྒེར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་མི་ཐུབ་པ།ཡང་དག་པའི་ཡིན་མིན་གྱི་ལྟ་བ་དང་།བདེན་ཁེའི་ལྟ་བ།དབང་ཆའི་ལྟ་བ།ལས་དོན་གྱི་ལྟ་བ་བཅས་མེད་པས།ལམ་ཁ་ཡག་པོར་མི་སྐྱོད་ཅིང་མི་ལེགས་པའི་ཆ་བརྡོལ་བར་གཡོལ་ཐབས་མེད་པ་རེད།བསམ་བློའི་ཐད་ཚུན་གང་ལྷོད...

    2025-06-05 08:50:41 མཚོ་སྔོན་པོ་དྲ་བ། 4950
  • «ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད»

    སྤྱོད་ཚུལ་གྱི་གནད་དོན་མང་པོ་ཞིག་གཞུང་སྒེར་གྱི་འབྲེལ་བ་ལེགས་སྒྲིག་མ་བྱས་པའི་རྐྱེན་གྱིས་བྱུང་བ་རེད།སྤྱོད་ཚུལ་གྱི་གནད་དོན་འགའ་ཤས་ཤིག་བལྟས་ན་ཆེ་རྒྱུ་མེད་དེ།ཟས་ཐུན་འགའ་དང་།ཆང་ཕོར་འགའ།བྱང་བུ་འགའ་བཅས་ཡིན་མོད།འོན་ཀྱང་ཚང་མ་གཞུང་སྒེར་གྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་།ཚང་མ་གཞུང་དངུལ་དང་སྤྱི་དབང་དང་འབྲེལ་བ་ཡོད་པ་རེད།གཞུང་དངུལ་གྱི་རུས་མིང་སྤྱི་ཡིན་པས།སྐར་མ་གཅིག་ཀྱང་གང་བྱུང་དུ་གཏོང་མི་རུང་།སྤྱི་དབང་ནི་མི་དམངས་ཀྱི་ཆེད་དུ་ཡིན་པས།སྤུ་ཙམ་ཡང་སྒེར་སྤྱོད་བྱེད་མི་ཆོག...

    2025-06-04 08:05:27 མཚོ་སྔོན་པོ་དྲ་བ། 4982
  • «མགོ་ཁྲིད་ལས་བྱེད་པས་ཡིད་རྟོན་ལ་དང་དོད་དང་། སྒྲིག་ལམ་རྟོགས་པ། སྒྲིག་ཁྲིམས་སྲུང་པ་བཅས་བྱེད་དགོས»

    སྤྱོད་ཚུལ་གྱི་གནད་དོན་ནི་རྩ་བའི་ཐོག་ནས་ཏང་གཤིས་ཀྱི་གནད་དོན་ཡིན།སྤྱོད་ཚུལ་གྱིས་མཚོན་པ་ནི་སྣང་བརྙན་དང་བྱང་ཚད་ཡིན་པ་དང་།དེ་ལས་མངོན་པ་ནི་ཏང་གཤིས་ཡིན་ལ།ཐག་གཅོད་ཀྱི་ནུས་པ་ཐོན་པའང་ཏང་གཤིས་ཡིན།ང་ཚོས་སྤྱོད་ཚུལ་ལེགས་བཅོས་བྱེད་སྐབས།སྟབས་བདེའི་སྒོ་ནས་དོན་དག་ལ་གཞིགས་ནས་དོན་དག་གླེང་པས་མི་ཆོག་ཅིང་།མིག་མདུན་དུ་གནས་པའི་སྤྱོད་ཚུལ་གྱི་གནད་དོན་དེ་ཕྱི་ངོས་ནས་ཐག་བཅད་པ་ཙམ་གྱིས་བྱ་བ་ཐམས་ཅད་བདེ་བླག་ཡོང་བསམ་མི་རུང་བར།གཅིག་དཔེ་བརྒྱ་འགེལ་དང་།ཀུན་སྤྱོད་ལ་བརྟེན་ནས་ཏང་གཤིས་ལ་ལྟ་བ།སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་པའི་རྨང་གཞིའི་ཐོག་ཏང་གཤིས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།འདི་ནི་སྤྱོད་ཚུལ་ལེགས་སྒྱུར་གྱི་གཞི་ཚུགས་ས་གལ་ཆེན་ཞིག་ཡིན།...

    2025-06-03 07:58:40 མཚོ་སྔོན་པོ་དྲ་བ། 5039
  • «ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད»

    དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྟེང་།ངེས་པར་དུ་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས།ཧུར་ཐག་གིས་ཕན་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འ...

    2025-05-30 08:05:33 མཚོ་སྔོན་པོ་དྲ་བ། 5230
  • «ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བ་སྐོར་གྱི་སྙན་ཞུ»

    ཏང་གི་སྤྱོད་ཚུལ་དང་སྣང་བརྙན་ནི་ཏང་གི་གསར་གཏོད་ནུས་པ་དང་།གཅིག་སྒྲིལ་ནུས་པ།འཐབ་འཛིང་གི་ནུས་པ་བཅས་དང་འབྲེལ་ཡོད་པས།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད།...

    2025-05-29 08:03:21 མཚོ་སྔོན་པོ་དྲ་བ། 5232
  • «ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»

    ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ནན་བཤད་བྱས་དོན།“ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་།མི་རིགས་ཀྱི་གདུང་འདེགས་ཀ་བ་ལྟ་བུ་ཆགས་དགོས་པ་དང་།ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆགས་དགོས་ན།རང་ཉིད་ཐོག་མཐའ་བར་གསུམ་དུ་བཀན་མོ་ཡིན་དགོས་པ་རེད།”ཇི་ལྟར་བྱས་ན་ད་གཟོད་བཀན་མོར་བརྩི་བ་ཡིན་ཞེ་ན།རང་ངོས་གསར་བརྗེ་བྱེད་ཕོད་པ་དང་།གྲི་ཁ་ནང་ལ་གཏོད་ཕོད་པ།རུས་འབྲད་དུག་སེལ་བྱེད་ཕོད་པ།དཔའ་བོས་དཔུང་པ་དུག་ཅན་གཅོད་ཕོད་པ་བཅས་བྱས་ཏེ་རྐྱེན་ངན་ནང་ནས་མི་ཡོང་བར་བྱེད་དགོས།འདི་ནི་ང་ཚོའི་ཏང་གིས་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་དགོས་པའི་རྩ་བའི་དོན་སྙིང་ཡིན།...

    2025-05-28 08:08:31 མཚོ་སྔོན་པོ་དྲ་བ། 5274
  • «བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས།»

    དུས་རབས་གསར་པར་ཏང་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་ནི།ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་དུས་ཡུན་རིང་བོར་སྲིད་དབང་སྐྱོང་བའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་།སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དེ་གཙོ་ཐིག་བྱེད་པ་དང་།ཏང་གི་ཆབ་སྲི...

    2025-05-27 08:20:06 མཚོ་སྔོན་པོ་དྲ་བ། 5323
  • «མི་དམངས་ཀྱིས་རེ་སྨོན་བྱེད་པའི་དགའ་སྐྱིད་ཀྱི་འཚོ་བ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན»

    གནས་བབ་གསར་པའི་འོག་ང་ཚོའི་ཏང་གི་མདུན་དུ་འགྲན་སློང་དྲག་པོ་མང་པོ་ཞིག་ལྷགས་ཡོད་པ་དང་།ཏང་ནང་ཁུལ་དུ་ཐག་གཅོད་གང་མགྱོགས་བྱ་རྒྱུར་ཐུག་ཡོད་པའི་གནད་དོན་མང་པོ་ཞིག་གནས་ཡོད།ལྷག་པར་དུ་ཏང་ཡོན་ལས་བྱེད་པ་ཁག་ཅིག་གི་ཁྲོད་དུ་བྱུང་བའི་ལྐོག་ཟ་རུལ་སུངས་དང་།མང་ཚོགས་དང་ཁ་བྲལ་བ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་སོགས་པའི་གནད་དོན་ནི་ངེས་པར་དུ་ཤུགས་ཆེན་པོ་བརྒྱབ་སྟེ་ཐག་གཅོད་བྱེད་དགོས་ཀྱི་ཡོད།ཏང་ཡོངས་ངེས་པར་དུ་རྨོངས་གཉིད་ལས་སད་དགོས་ཀྱི་ཡོད།ལྕགས་རྡུང་བར་ཐོ་བ་སྲ་དགོས།ང་ཚོའི་འགན་འཁྲི་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་དང་ལྷན་དུ་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།རང་ཉིད་ལ་གནས་པའི་མངོན་ག...

    2025-05-26 08:06:29 མཚོ་སྔོན་པོ་དྲ་བ། 5350
  • «ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད།»

    ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་དང་།མི་སེམས་ཀྱི་ཁ་ཕྱོགས།ཏང་གི་ཤི་གསོན་བཅས་དང་འབྲེལ་བ་ཡོད།...

    2025-05-23 08:38:35 མཚོ་སྔོན་པོ་དྲ་བ། 5482
  • «ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྲོག་ཤིང་ནི་ཏང་གི་འགོ་ཁྲིད་ལ་ཤུགས་རྒྱག་རྒྱུ་དེ་ཡིན།»

    “བཅའ་ཁྲིམས་དང་འགལ་བའི”ཏང་ཡོན་མཐའ་དག་ནི་དང་པོར“སྒྲིག་ཁྲིམས་དང་འགལ་བ”འབའ་ཞིག་ཡིན་པ་གྱོད་དོན་མང་པོའི་ཐོག་ནས་ར་འཕྲོད་བྱུང་བ་རེད།སྒྲིག་ཁྲིམས་སྔོན་འགྲོ་བྱས་ཏེ་སྒྲིག་ཁྲིམས་ནི་བཅའ་ཁྲིམས་ལས་ནན་མོ་དང་།སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱས་ན།གཞི་ནས“སྒྲིག་ཁྲིམས་དང་འགལ་བ་དེ་དོན་དག་ཆུང་ཆུང་ཁོ་ན་ཡིན་པ་དང་།བཅའ་ཁྲིམས་དང་འགལ་བ་ན་གཞི་ནས་ཐག་གཅོད་བྱེད་པ”ཡི་རྒྱུན་ལྡན་མ་ཡིན་པའི་གནས་མི་འབྱུང་བར་བྱས་ཏེ།སྒྲིག་ཁྲིམས་ཀྱིས་ཏང་ཡོན་ཡོངས་གཅུན་སྡོམ་ཐུབ་པར་བྱེད་དགོས།...

    2025-05-22 07:57:38 མཚོ་སྔོན་པོ་དྲ་བ། 5512
  • «སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་དགུ་པའི་ཐོག་གི་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་དོན་གཙང་སྐྱོང་གི་ཚད་གཞི་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱེད་སྐབས་ཀྱི་གསུང་བ

    སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བཅོས་ཐབས་ཇུས་ཤིག་ཡིན།ང་ཚོའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་ལྕགས་ལྟར་བཙན་པའི་སྒྲིག་ཁྲིམས་དམ་ནན་དང་སྒྲིག་ཁྲིམས་ལ་བརྟེན་ནས་སྒྲིག་འཛུགས་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ཞིང་།རྩ་འཛུགས་དམ་ནན་དང་སྒྲིག་ཁྲིམས་དམ་ནན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན་ལ།ང་ཚོའི་སྟོབས་ཤུགས་གནས་ས་ཡང་ཡིན།...

    2025-05-21 08:12:39 མཚོ་སྔོན་པོ་དྲ་བ། 5541
  • «སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྒྲིག་ཁྲིམས་བརྩི་བ་དང་སྒྲིག་ལམ་སྲུང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས།»

    སྒྲིག་ལམ་ཁག་ཅིག་ནི་ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཡིན།སྒྲིག་ཁྲིམས་ནང་ཞིབ་ཏུ་བཀོད་མེད་པའི་སྒྲིག་ལམ་ཁག་ཅིག་ནི་ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཡིན།སྒྲིག་ཁྲིམས་ནི་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཡིན་ལ།སྒྲིག་ཁྲིམས་ནང་ཞིབ་ཏུ་བཀོད་མེད་པའི་སྒྲིག་ལམ་ནི་རང་གཅུན་བྱེད་སྤྱད་ཀྱི་སྒྲིག་ཁྲིམས་ཡིན།ཏང་ནང་གི་སྒྲིག་ལམ་མང་པོ་ཞིག་ནི་ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ལས་བྱུང་བའི་ཕུལ་བྱུང་སྲོལ་རྒྱུན་དང་ལས་ཀའི་གོམས་སྲོལ་ཡིན་པ་དང་།...

    2025-05-20 08:08:20 མཚོ་སྔོན་པོ་དྲ་བ། 5551
  • «སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྒྲིག་ཁྲིམས་བརྩི་བ་དང་སྒྲིག་ལམ་སྲུང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས།»

    ང་ཚོའི་ཏང་གི་ཏང་ནང་གི་སྒྲིག་ལམ་དེ་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་རྫོགས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་དང་བསྲུང་བྱ་རེད།ཏང་གི་སྒྲིག་ལམ་སྤྱིའི་ཁོངས་སུ་ཅི་ཞིག་ཚུད་ཡོད་དམ་ཞེ་ན།དང་པོ།ཏང་གི་སྒྲིག་ཡིག་ནི་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྤྱིའི་སྒྲིག་ཡིག་ཡིན་ལ་སྤྱིའི་སྒྲིག་ལམ་ཡང་ཡིན།གཉིས་པ།ཏང་གི་སྒྲིག་ཁྲིམས་ནི་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྡོམ་འཆིང་ཡིན་ལ།དེ་ལས་ཀྱང་...

    2025-05-19 07:55:43 མཚོ་སྔོན་པོ་དྲ་བ། 5613
  • «ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས།»

    གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ནི་ལག་བསྟར་བྱེད་དགོས་པ་ཡིན།“སྒྲིག་མེད་ན་སྲོལ་མི་ཆགས”ཞེས་པ་དང“ཤིང་གི་ཡོ་འཁྱོག་སྲང་ན་དྲང་།།ལྕགས་ཀྱི་སོ་ཁ་བརྡར་ན་རྣོ།།”ཞེས་པས་གནས་ལུགས་འདི་བསྟན་ཡོད།ཏང་གི་སྒྲིག་ལམ་དེ་ཏང་རྩ་འཛུགས་དང་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་ངེས་པར་དུ་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པ་ལས།དམིགས་བསལ་བྱེད་པ་དང་ཁྱད་པར་འབྱེད་པ་བྱེད་མི་རུང་།ཏང་རྩ་འཛུགས་རིམ་པ་ཁག་གིས་དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱས་ནས་སྒྲིག་ཁྲིམས་དེ་དངོས་འབྲེལ་གློག་ཡོད་པའི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་བ་བྱེད་དགོས།...

    2025-05-16 07:59:13 མཚོ་སྔོན་པོ་དྲ་བ། 5706

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།