-
[ཉིན་རེའི་ཞལ་གསུང་།]
ཟླ༨ཚེས༢༧དང༢༨ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས...
2024-12-02 09:12:45 མཚོ་སྔོན་པོ་དྲ་བ། 5846 -
[ཉིན་རེའི་ཞལ་གསུང་།]
«ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།»
རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་སྟོབས་དང་ལྡན་པའི་རྒྱབ་རྟེན་ཡིན།སྲ་བརྟན་གྱི་རྒྱལ་སྲུང་ཞིག་མེད་པ་དང་།སྟོབས་དང་ལྡན་པའི་དམག་དཔུང་ཞིག་མེད་ན།ཞི་བའི་འཕེལ་རྒྱས་ཡོང་བར་འགན་སྲུང་ཡོད་པ་མ་རེད།ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་།ང་ཚོས་རྒྱལ་སྲུང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་།འགག་རྩའི་དུས་སུ་རལ་གྲི་འཕྱར་ཕོད་པ་བྱས་པས།ད་གཟོད་ཕྱི་རོལ་ནས་ཡོང་བའི་གནོན་ཤུགས་སྣ་ཚོགས་ཐེག་ནས་རྒྱལ་ཁབ་ཀྱི་རང་བཙན་དང་།རང་བདག།བདེ་འཇགས།ལ་རྒྱ་བཅས་སྲུང་སྐྱོང་བྱས་ཡོད།ད་ལྟ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་དང་གདམ་གསེས་ཇེ་མང་དུ་སོང་ཞིང་།ང་ཚོས་སྟབས་བསྟུན་བེད་སྤྱོད་དང་ཕར་ཕྲལ་ཚུར་འདུམ་བྱས་ཀྱང་ཆོག་མོད།འོན་ཀྱང་དམག་དོན་གྱི་བྱེ...
2024-11-29 08:30:19 མཚོ་སྔོན་པོ་དྲ་བ། 5886 -
[ཉིན་རེའི་ཞལ་གསུང་།]
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།
སྤྱི་ཚོགས་བཅོས་སྐྱོང་འཕེར་པོ་དང་སྤྱི་ཚོགས་སྒྲིག་ལམ་བཟང་པོ་ཆགས་པ་བྱས་ནས།སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་།མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་།ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་ལས་ཕུན་སུམ་ཚོགས་པ་དང་།སྔར་ལས་འགན་སྲུང་ཡོད་པ།སྔར་ལས་རྒྱུན་མཐུད་རུང་བ་བཅས་བྱེད་དགོས།སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་གསར་གཏོད་བྱས་ཏེ།ཐོན་ཁུངས་དང་།ཞབས་ཞུ།དོ་དམ་བཅས་གཞི་རིམ་དུ་འཇོག་པ་དང་།གཞི་རིམ་བཅོས་སྐྱོང་དེ་གཞི་རིམ་གྱི་ཏང་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ།ཕྱི་ནས་ཡོང་བའི་མི་འབོར་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་དང་བྱེད་སྟངས་རྒྱ་སྐྱེད་བཏང་ནས།སྤྱི་ཚོགས་བཅོས་སྐྱོང་ཐད་མི་ཚང་མ་ཞུགས་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་མགྱོགས་པོར་ཆགས་པ་བྱེད་དགོས།...
2024-11-28 08:12:50 མཚོ་སྔོན་པོ་དྲ་བ། 6098 -
སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་ནི་ཚན་རིག་ཅིག་ཡིན་པས།དོ་དམ་བྱ་རྒྱུ་དམ་དྲགས་ནས་འཁྱིལ་ཆུའི་རྫིང་བུ་ལྟ་བུ་བྱེད་མི་རུང་བ་དང་།དོ་དམ་བྱ་རྒྱུ་ལྷོད་དྲགས་ནས་རྦ་རླབས་དགུང་དུ་འཕྱུར་བ་ལྟ་བུ་ཡང་བྱེད་མི་རུང་།རྩོད་སྒྲུབ་རིག་པར་དང་དོད་བྱས་ནས་གསོན་ཤུགས་དང་སྒྲིག་ལམ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་།ཕྱོགས་ཡོངས་ནས་སྤྱི་ཚོགས་བརྟན་བརླིང་གི་གནས་བབ་ལ་ལྟ་སྟངས་འཛིན་པ་དང་།སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་ལས་དོན་སྟངས་འཛིན་འཁྲུལ་མེད་བྱས་ཏེ།རྒྱུད་རིམ་ལྡན་པར་བཅོས་སྐྱོང་དང་།ཁྲིམས་ལྟར་བཅོས་སྐྱོང་།ཕྱོགས་བསྡུས་བཅོས་སྐྱོང་།འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།བྱེ་བྲག་གི་ལས་ཀའི་ཁྲོད།བཙན་གནོན་ལྟ་སྡོམ་དང་བཙན་པོའི་ངང་བརྟན་བརླིང་སྲུང་སྐྱོང་ཙམ་ལ་བརྟེ...
2024-11-27 08:19:49 མཚོ་སྔོན་པོ་དྲ་བ། 6084 -
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་།དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་སུ་བཞག་ནས་ཇུས་འགོད་བྱེད་དགོས།ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ཏེ།མི་དམངས་མང་ཚོགས་ཀྱིསུ་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཐད་བཏོན་པའི་བླང་བྱ་དེ་འབད་བརྩོན་བྱེད་ཕྱོགས་སུ་འཛིན...
2024-11-26 08:13:18 མཚོ་སྔོན་པོ་དྲ་བ། 6081 -
[ཉིན་རེའི་ཞལ་གསུང་།]
«ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད།»
སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ལས་ཀ་ཞིབ་ཚགས་ཅན་དང་དངོས་འབྲེལ་ཅན་ཞིག་ཡིན་པས།སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ།ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དམ་འཛིན་ཡག་པོ་བྱེད་པ་དང་།འབྱུང་རྩ་ནས་བཅོས་སྐྱོང་དང་།ཞིབ་ཕྲ་ནས་དམ་འཛིན།ཆད་སྐྱོན་ནས་ཁ་གསབ་བཅས་བྱས་ཏེ་འགོག་སྲུང་འཛིན་རགས་བརྟན་དུ་གཏོང་བ་དང་མཐའ་ཚད་སྲུང་དགོས་ཤིང་།སྐྱོན་ཆ་གང་ཡང་མི་ལུས་པ་དང་།རྨོངས་གནས་གང་ཡང་མི་བསྐྱུར་བ།མངོན་མེད་རྐྱེན་ངན་གང་ཡང་མེད་པ་བཅས་བྱེད་དགོས།...
2024-11-25 08:34:01 མཚོ་སྔོན་པོ་དྲ་བ། 6122 -
[ཉིན་རེའི་ཞལ་གསུང་།]
«ཆིང་ཏའོ་ཧོང་ཏའོ་དཔལ་འབྱོར་གསར་སྤེལ་ཁུལ་ཏུང་ཧོང་སྣུམ་འདྲེན་སྦུག་ལམ་ཤོར་ནས་འབར་གས་དོན་རྐྱེན་བྱུང་བའི་གནས་ཚུལ་སྙན་གསན་གནང་སྐབས་ཀྱི་གསུང་བཤད།»
ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་།འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་གིས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོར་འཆང་བ་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས།འོེལ་རྒྱས་གཏོང་བར་མིའི་ཚེ་སྲོག་བློས་གཏོང་རྒྱུ་རིན་དོད་དུ་བྱེད་མི་རུང་བའི་འདུ་ཤེས་འདི་བརྟན་པོར་འཆང་དགོས།འདུ་ཤེས་འདི་ངེས་པར་དུ་ཤིན་ཏུ་ཁ་གསལ་དང་།ཤིན་ཏུ་ཤུགས་ཆེ་བ།ཤིན་ཏུ་བརྟན་པོ་བཅས་ཡིན་དགོས།ས་གནས་ཁག་དང་སྡེ་ཚན་ཁག་དང་།རིགས་སྣ་ཚོགས་པའི་ཁེ་ལས་བཅས་ཚང་མས་བདེ་འཇགས་ཐོན་སྐྱེད་ཐད་ཚད་གཞི་མཐོན་པོ་འཛིན་པ་དང་བླང་བྱ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱས་ཏེ།ཚོང་འགུགས་དངུལ་འདྲེན་བྱེད་པ་དང་།ལས་གཞི་གཤོམ་དུས་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་དམ་པོར་སྲུང་དགོས་པ་དང་།བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་དཔྱད་ཞིབ་གལ་ཆེ་རུ་གཏོང་དགོས།བདེ་འཇགས་ཐོན་སྐྱེད་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་ཉེན་ཁའི་སྐོར་ལ“གཅིག་ཆད་ཁྲ་སློག”ལག་བསྟར་བྱེད་དགོས།...
2024-11-22 07:52:37 མཚོ་སྔོན་པོ་དྲ་བ། 6187 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་།ལམ་ལུགས་ཀྱི་བདེ་འཇགས།འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་།གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ་འབྲུ་རིགས་དང་།ནུས་ཁུངས་ཐོན་ཁུངས།ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་།རྒྱལ་ཕྱིའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་།རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས།ཉེན་ཁ...
2024-11-21 08:18:39 མཚོ་སྔོན་པོ་དྲ་བ། 6247 -
སྐྱེ་དངོས་བདེ་འཇགས་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་།རྒྱལ་ཁབ་ཡུན་རིང་བདེ་འཁོད།ཀྲུང་ཧྭ་མི་རིགས་ཡུན་གཏན་དུ་འཕེལ་རྒྱས་ཡོང་བ་བཅས་དང་འབྲེལ་བ་ཡོད་པས།དེ་ནི་རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།འཛམ་གླིང་གི་བཀོད་ཚུལ་ལ་ཤུགས་རྐྱེན་གཏོང་བ་དང་ཐ་ན་བསྐྱར་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན།དུས་བབ་གསར་པའི་འོག་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ།སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ།འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ།མི་གཙོ་བོར་འཛིན་པ་དང་།ཉེན་...
2024-11-20 08:17:11 མཚོ་སྔོན་པོ་དྲ་བ། 6259 -
[ཉིན་རེའི་ཞལ་གསུང་།]
ཧྲའན་ཞི་རུ་བཅའ་སྡོད་བྱེད་མཁན་དཔུང་སྡེའི་རྟེན་གཞི་ག་གེ་མོར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།
མཁའ་དབྱིངས་ཀྱི་རྒྱུ་ནོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུ་ནོར་ཡིན་པས་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ལ་དེ་བས་ཀྱང་སྲུང་སྐྱོབ་ཡག་པོ་བྱེད་དགོས།འགོག་སྲུང་སྟོབས་ཤུགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་གནོད་ཐེག་གྲབས་ཉར་དང་།གཏོར་འགོག་འཚོ་གནས།ཆ་འཕྲིན་འགོག་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།མཁའ་དབྱིངས་ཀྱི་འགྲིམ་འགྲུལ་དོ་དམ་ལ་ཤུགས་བརྒྱབ་ནས་མཁའ་དབྱིངས་མ་ལག་བརྟན་བརླིང་སྒྲིག་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས།མཁའ་དབྱིངས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས་མཁའ་དབྱིངས་ཀྱི་ཉམས་ཉེས་དོ་དམ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།...
2024-11-19 08:25:54 མཚོ་སྔོན་པོ་དྲ་བ། 6255 -
[ཉིན་རེའི་ཞལ་གསུང་།]
སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པའི་སྐབས་གནང་བའི་གསུང་བཤད།
འཕྲལ་བསྟུན་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།དེས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་ཅིང་།གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བ་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན...
2024-11-18 08:33:39 མཚོ་སྔོན་པོ་དྲ་བ། 6304 -
རྒྱལ་ཁབ་བདེ་འཇགས་མ་ལག་ཁྲོད་ཆབ་སྲིད་ཀྱི་བདེ་འཇགས་ནི་རྩ་བ་ཡིན་པ་དང་།སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་ནི་སྲོག་ཤིང་ཡིན།ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཀྲུང་གོའི་གུང་ཁྲན་ཏང་གི་ཡུན་རིང་སྲིད་སྐྱོང་གོ་གནས་སྲུང་སྐྱོབ་བྱེད་དགོས་པ་དང་།མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་སྲུང་སྐྱོབ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ།རང་རྒྱལ་གྱི་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོབ་བཅས་བྱེད་དགོས།འདི་ནི་ཏང་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྲོག་རྩ་ཡིན་པ་དང་།གཡོ་འགུལ་གཏོང་མི་རུང་བའི་མཐའ་ཚད་ཡིན།འདི་ནི་ང་ཚོའི་འགོ་ཁྲིད་ལས་བྱེད་པ་ཚང་མས་ངེས་པར་དུ་སྟངས་འཛིན་བྱེད་དགོས་པའི་ལས་འགན་ཨང་དང་པོ་ཡིན།...
2024-11-14 08:35:29 མཚོ་སྔོན་པོ་དྲ་བ། 6483 -
[ཉིན་རེའི་ཞལ་གསུང་།]
«སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་སྐབས་གནང་བའི་གསུང་བཤད།»
མིས་བཟོས་རིག་ནུས་ཀྱི་ལག་རྩལ་འཕེལ་རྒྱས་དེ་ལག་རྩལ་གཞན་དག་གི་འཕེལ་རྒྱས་དང་འདྲ་བར“རལ་གྲི་སོ་གཉིས་མ”ཞིག་ཀྱང་ཡིན།ལག་རྩལ་གྱི་ངེས་གཏན་མེད་པ་དང་ཉེར་སྤྱོད་ཀྱི་རྒྱ་ཁྱབ་རང་བཞིན་གྱི་དབང་གིས་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ཀྱིས་ལས་ཞུགས་གྲུབ་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་།བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་མི་ཆོས་ལ་ཕོག་ཐུག་གཏོང་བ།མི་སྒེར་གྱི་གསང་དོན་ལ་བཙན་གནོད་བྱེད་པ།རྒྱལ་སྤྱིའི་ཚད་གཞིར་འགྲན་སློང་བྱེད་པ་སོགས་ཀྱི་གནད་དོན་སློང་སྲིད།དངོས་ལུགས་རིག་པ་བ་གྲགས་ཅན་ཧོ་ཅིན་གྱིས་མིས་བཟོས་རིག་ནུས་སྟོབས་ཆེར་འཕེལ་བ་ནི་མིའི་རིགས་ལ་མཚོན་ན་དོན་བཟང་ཤོས་ཤིག་ཡིན་སྲིད་ལ།དོན་རྡུགས་ཤོས་ཤིག་ཡིན་ཀྱང་སྲིད་ཅེས་བཤད་མྱོང་།ང་ཚོས་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་དང་འཐབ་ཇུས་ཀྱི་བརྡར་གཅོད་ལ་ཤུགས་བརྒྱབ་ནས་མིས་བཟོས་རིག་ནུས་བདེ་འཇགས་དང་།བློས་འགེལ་ཆོག་པ།ཚོད་འཛིན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།...
2024-11-13 08:49:12 མཚོ་སྔོན་པོ་དྲ་བ། 6584 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་རང་དབང་རང་ལག་ཏུ་དམ་པོར་འཛིན་དགོས།»
རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་དགོས་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་བདེ་འཇགས་ལས་ཀ་ཡག་པོར་སྒྲུབ་པའི་གཞི་རྩའི་རྩ་དོན་ཡིན།ས་ཁུལ་ཁག་གིས་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་བདེ་འཇགས་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་དགོས་པ་དང་།རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཆེ་རུ་བཏང་སྟེ།ས་སྲུང་གི་འགན་འཁྲི་ཡོད་དགོས་ལ་ས་སྲུང་གི་འགན་འཁྲི་མཐར་ཕྱིན་པར་སྒྲུབ་དགོས།རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་སྡེ་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོང་ཚོར་མཐུན་རྐྱེན་བཟང་པོ་དང་སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།...
2024-11-12 15:03:45 མཚོ་སྔོན་པོ་དྲ་བ། 6428 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད།»
མིག་སྔར་རང་རྒྱལ་གྱི་མདུན་དུ་ཕྱི་རུ་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་དང་།ནང་དུ་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པའི་གནོན་ཤུགས་ཉིས་བརྩེགས་ལྷགས་ཡོད་པ་དང་།སྔོན་དཔག་ཐུབ་པ་དང་སྔོན་དཔག་མི་ཐུབ་པའི་ཉམས་ལེན་གྱི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་གྱིས་མང་དུ་འགྲོ་བཞིན་ཡོད།འོན་ཀྱང་ང་ཚོའི་བདེ་འཇགས་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་དེ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་དང་འཕྲོད་མི་ཐུབ་པར...
2024-11-11 08:29:26 མཚོ་སྔོན་པོ་དྲ་བ། 6462 -
[ཉིན་རེའི་ཞལ་གསུང་།]
«སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་བདེ་འཇགས་ཆེན་པོའི་རྣམ་པ་འཛུགས་དགོས།»
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་བཅུག་ཅིང་།ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་བདེ་འཇགས་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས།...
2024-11-08 08:32:18 མཚོ་སྔོན་པོ་དྲ་བ། 6597 -
[ཉིན་རེའི་ཞལ་གསུང་།]
«ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།»
རྒྱལ་ཁབ་བདེ་འཇགས་ལས་དོན་དེ་དུས་རབས་གསར་པའི་བླང་བྱ་གསར་པ་དང་མཐུན་པ་བྱས་ཏེ།ཕྱོགས་གཅིག་ནས་ཕྲལ་གྱི་བྱ་བ་འཛིན་ལ་ཕྱོགས་གཞན་ཞིག་ནས་ཕུགས་གྱི་དོན་ལ་དམིགས་པའི་ཐོག་ནས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་།རྒྱལ་ཁབ་བདེ་འཇགས་ལམ་ལུགས་ཀྱི་མ་ལག་ཆ་ཚང་བཟོ་བ།རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དང་སྲིད་ཇུས་འཐུས་ཚང་བཟོ་བ།རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེར་སྐྱེད།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན།ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན།རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཆེར་སྐྱེད་སོགས་བྱེད་པའི་ལས་དོན་ཏན་ཏིག་ཅིག་སྒྲུབ་དགོས།...
2024-11-07 08:21:03 མཚོ་སྔོན་པོ་དྲ་བ། 6597 -
[ཉིན་རེའི་ཞལ་གསུང་།]
«ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དང་ཉེན་ཁ་དང་འགྲན་སློང་འགོག་ཟོན་བྱ་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»
ཉེན་ཁ་གང་ཡོད་སྔོན་དཔག་བྱ་རྒྱུ་ནི་ཉེན་ཁ་འགོག་ཟོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་།ཉེན་ཁའི་འཕེལ་ཕྱོགས་ཁོང་དུ་ཆུད་པ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་རང་འགུལ་དོན་གཉེར་བྱེད་པའི་འགག་རྩ་ཡིན།ངེས་མེད་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་།རྙོག་འཛིང་ཆེ་ལ་ཚོར་བ་སྐྱེན་པའི་མཐའ་འཁོར་གྱི་ཁོར་ཡུགདཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་བཅས་ཀྱི་མདུན་དུ།ང་ཚོས“ངང་པ་ནག་པོའི”དོན་རྐྱེན་ལ་དོགས་ཟོན་ཆེན་པོ་བྱེད་དགོས་ལ“བསེ་རུ་སྐྱ་བོའི”དོན་རྐྱེན་ཡང་འགོག་ཟོན་བྱེད་དགོས་པ་དང་།ཉེན་ཁར་འགོག་ཟོན་བྱེད་པའི་གྲ་སྒྲིག་ཡོད་དགོས་ལ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དེ་ཁྱད་དུ་གསོད་པའི་ཐབས་མཁས་ཀྱང་ཡོད་དགོས།ཉེན་ཁ་འགོག་ཟོན་དང་འགོག་རྒོལ་བྱེད་པའི་གྲ་སྒྲིག་ཟིན་པའི་དམག་འཐབ་ཡག་པོར་རྒྱག་དགོ...
2024-11-06 08:26:07 མཚོ་སྔོན་པོ་དྲ་བ། 6625 -
[ཉིན་རེའི་ཞལ་གསུང་།]
«སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགྲོ་ལམ་དུ་སྐྱོད་དགོས།»
མིག་སྔའི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ནང་དོན་དང་ཁྱབ་ཡུལ་དེ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཡོད་པ་དང་།ཡུལ་དུས་ཀྱི་ཁྱབ་ཁོངས་དེ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་རྒྱ་ཆེ་བར་གྱུར་ཡོད་ལ།ཕྱི་ནང་གི་རྒྱུ་རྐྱེན་དེ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་རྙོག་འཛིང་ཆེ་བར་གྱུར་ཡོད་པས།ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བ...
2024-11-05 08:16:31 མཚོ་སྔོན་པོ་དྲ་བ། 6656 -
[ཉིན་རེའི་ཞལ་གསུང་།]
«སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་བདེ་འཇགས་ཆེན་པོའི་རྣམ་པ་འཛུགས་དགོས།»
རྒྱལ་ཁབ་བདེ་འཇགས་ལས་དོན་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་དོན་ཧ་ཅང་གལ་ཆེན་ཞིག་ཡིན་ལ།རྒྱལ་ཁམས་བདེ་ལ་མི་དམངས་སྐྱིད་པ་འགན་སྲུང་བྱེད་པའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན།དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་།རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་བཟང་དུས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ།རྒྱལ་ཁབ་བདེ་འཇགས་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་དགོས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དང་མཉམ་དུ་བཀོད་ཇུས་གཏོང་དགོས་ལ་མཉམ་དུ་བཀོད་སྒྲིག་བྱེད་དགོས།མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་།བདེ་འཇགས་ཆེན་པོའི་བཀོད་པ་སྐྲུན་པ།རྒྱལ་སྤྱིའི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།...
2024-11-04 08:24:49 མཚོ་སྔོན་པོ་དྲ་བ། 6652 -
[ཉིན་རེའི་ཞལ་གསུང་།]
«སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་གསུང་བཤད»
ཏང་གིས་ཏང་ལ་དོ་དམ་དང་།ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་ན།སྒྲིག་ཁྲིམས་དམ་ནན་ལ་བརྟེན་དགོས།༡༩༦༤ལོའི་ཟླ་བ༡༠པར།བློ་མཐུན་ཀྲའུ་ཨེན་ལའེ་ཡིས་ལོ་རྒྱུས་སྙན་ངག་གི་རོལ་དབྱངས་ཞབས་བྲོ«ཤར་ཕྱོགས་དམར»ཞེས་པའི་འཁྲབ་སྟོན་མི་སྣའི་ཚོགས་ཆེན་ཐོག་སྙན་ཞུ་གནང་སྐབས།བློ་མཐུན་མའོ་ཙེ་ཏུང་གིས་ང་ཚོའི་ཏང་ནི“སྒྲིག་ཁྲིམས་ཡོད་པ་དང་།མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་།རང་སྐྱོན་རང་བརྗོད་བྱེད་ཐབས་སྤྱོད་པ།མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པ་བཅས་ཀྱི་ཏང་ཞིག་རེད”ཅེས་གསུངས་པ་དང་།བློ་མཐུན་མའོ་ཙེ་ཏུང་གིས་ཆེད་མངགས་སྒྲིག་ཁྲིམས་ཡོད་པ་ཞེས་པ་དེ་ཨང་དང་པོར་བཞག་གནང་བ་དེ་ནི་སྟེས་དབང་ཞིག་མ་ཡིན་ཏེ།དེ་ནི་ཏང་གིས་གསར་བརྗེ་རྒྱུན་འཁྱོངས་དང་།དགྲ་བོ་ལ...
2024-11-01 08:43:26 མཚོ་སྔོན་པོ་དྲ་བ། 6965 -
[ཉིན་རེའི་ཞལ་གསུང་།]
«མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འབད་པས་འཛུགས་སྐྲུན་བྱེད་དགོས།»
སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།ཏང་ཨུ་ཡིས་འགོ་ཁྲིད་བྱེད་པ་དང་།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ།ཁེ་ལས་བྱེད་པོ་ཡིན་པ།སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་མཉམ་དུ་ཐེ་ཞུགས་བྱེད་པ་བཅས་ཀྱི་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས་ཤིང་།གཞི་གཅིག་ཏུ་འཆར་འགོད་དང་།གཞི་གཅིག་ཏུ་བཀོད་སྒྲིག།གཞི་གཅིག་ཏུ་སྐུལ་འདེད།གཞི་གཅིག་ཏུ་དཔྱད་ཞིབ་བཅས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས།སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ལྗང་མདོག་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་...
2024-10-31 08:29:32 མཚོ་སྔོན་པོ་དྲ་བ། 6830 -
[ཉིན་རེའི་ཞལ་གསུང་།]
«རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།»
སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་ཤུགས་རྒྱག་དགོས།ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་།ཞིང་ཆེན་གྱིས་སྤྱི་འགན་འཁུར་བ།གྲོང་ཁྱེར་དང་རྫོང་གིས་ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་དབྱང་རིམ་པའི་ངོས་ནས་གཙོ་བོ་འབབ་རྒྱུད་ཡོངས་ཀྱི་འཆར་འགོད་དང་སྲིད་ཇུས་གལ་ཆེན་གཏན་འབེབས་བྱེད་འགན་འཁུར་རྒྱུ་དང་།ས་ཁོངས་ལས་བརྒལ་བའི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པར་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས།ཞིང་ཆེན་རིམ་པའི་ངོས་ནས་བྱེད་པོའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ།སྒྲིག་འཛུགས་སྐུལ་སློང་དང་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས།གྲོང་ཁྱེར་དང་རྫོང་རིམ་པའི་ངོས་ནས་བཀོད་སྒྲི...
2024-10-30 11:14:47 མཚོ་སྔོན་པོ་དྲ་བ། 6818 -
[ཉིན་རེའི་ཞལ་གསུང་།]
«རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།»
སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་དོན་མཐའ་འཁྱོལ་རྒྱུ་ནི་མགྱོགས་སུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཡིན་པས།སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གནད་དོན་ཚབས་ཆེན་ཐག་གཅོད་པ་ཁྲིད་ཕྱོགས་སུ་འཛིན་པ་དང་།བསྒྱུར་བཅོས་ཀྱི་ཐབས་ཚུལ་བཏོན་ཟིན་པ་རྣམས་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་དུས་ཐོག་ཏུ་བསྒྱུར་བཅོས་ཀྱི་བཅོས་གཞི་གསར་པ་གཏན་ལ་འབེབས་དགོས།སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་འབྲེལ་བའི་ཐབས་ཚུལ་གལ་ཆེན་ཁག་ཅིག་མགྱོགས་མྱུར་ངང་གནད་དུ་འཁྱོལ་བ་དང་ནུས་པ་ཐོན་པ་བྱེད་དགོས།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དབང་གྲགས་ཆེ...
2024-10-29 11:01:02 མཚོ་སྔོན་པོ་དྲ་བ། 6917 -
[ཉིན་རེའི་ཞལ་གསུང་།]
«རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།»
སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་ངང་འཛུགས་དགོས།ལོ་རྒྱུས་འདྲེས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་དགོས་ན།སྐྱེ་ཁམས་ཀྱི་རིན་ཐང་ལྟ་བ་ཚད་གཞི་བྱས་པའི་སྐྱེ་ཁམས་རིག་གནས་མ་ལག་དང་།ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྲུབ་ཆ་གཙོ་བོ་ཡིན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལགསྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱ་རྒྱུ་ལྟེ་བར་འཛིན...
2024-10-28 08:00:40 མཚོ་སྔོན་པོ་དྲ་བ། 6949