-
[ཉིན་རེའི་ཞལ་གསུང་།]
«ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།»
དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།དཔལ་འབྱོར་འཛུགས་སྐྲུན་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གཞིརྩའི་རྟེན་གཞི་ཡིན་ཞིང་།རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་སོང་ན།ད་གཟོད་རྒྱལ་སྲུང་འཛུགས་སྐྲུན་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ།རྒྱལ་སྲུང་འཛུགས་སྐྲུན་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཡིན།རྒྱལ་སྲུང་འཛུགས་སྐྲུན་གོང་དུ་སྤེལ་ཐུབ་ན།དཔལ་འབྱོར་འཛུགས་སྐྲུན་ལ་གཞི་ནས་སྔར་ལས་སྲ་ཞིང་བརྟན་པའི་བདེ་འཇགས་འགན་སྲུང་བྱེད་ཐུབ་པ་དང་།དུས་མཚུངས་སུ་རྒྱལ་...
2025-01-08 08:21:22 མཚོ་སྔོན་པོ་དྲ་བ། 4509 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
ཕྱོགས་ཡོངས་ནས་དམག་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།དམག་དོན་སྟོབས་ཤུགས་ཀྱི་གྲུབ་ཚུལ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ།དམག་དོན་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་ལྡན་པར་ལེགས་སྒྱུར་བཅས་བྱེད་དགོས།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་འགན་གནད་ཆེན་འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར།ཚན་རྩལ་དེ་འཐབ་ནུས་སུ་གང་མགྱོགས་སྒྱུར་བ་བཅས་བྱེད་དགོས།...
2025-01-07 08:42:43 མཚོ་སྔོན་པོ་དྲ་བ། 4513 -
རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུ་ནི་འགུལ་རྣམ་ཅན་དང་འཕེལ་རྒྱས་ཅན་ཡིན་པ་དང་།ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ནང་དོན་མི་འདྲ་བ་ཡོད།མིག་སྔར་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་རེབ་གསར་པ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་།དེང་རབས་དམག་འཁྲུག་ཆ་འཕྲིན་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་ལ།རིག་ནུས་ཅན་གྱི་ཁྱད་ཆོས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས།རིག་ནུས་ཅན་གྱི་དམག་དོན་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་འཛམ་གླིང་གི་དམག་དོན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད།ང་ཚོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་དུས་རབས་ཀྱི་གོ་དོན་སྟངས་འཛིན་ཡང་དག་བྱེད་དགོས་ཏེ།འཕྲུལ་ཆས་ཅན་གྱིས་རྨང་གཞི་བྱེད་པ་དང་།ཆ་འཕྲིན་ཅན་གྱིས་གཙོ་ཁྲིད་བྱེད་པ།རིག་ནུས་ཅན་གྱིས་ཁ་ཕྱོགས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་།འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་དང་རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།...
2025-01-06 08:28:43 མཚོ་སྔོན་པོ་དྲ་བ། 4532 -
དུས་རབས་གསར་པའི་རང་དམག་གི་གཞི་རིམ་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་ནི་དམག་དཔུང་སྟོབས་ལྡན་དང་དར་རྒྱས་གཏོང་བའི་གཞི་རྩ་གནས་ས་དང་སྟོབས་ཤུགས་གནས་ས་ཡིན།དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ།...
2025-01-03 09:02:07 མཚོ་སྔོན་པོ་དྲ་བ། 4669 -
དེང་རབས་ཀྱི་དམག་དོན་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་དགོས།དམག་དོན་སྲིད་ཇུས་ལམ་ལུགས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྩ་བའི་རང་བཞིན་དང་།ཁྱོན་ཡོངས་རང་བཞིན།རྨང་གཞིའི་རང་བཞིན་བཅས་ཀྱི་ནུས་པ་འདོན་གྱི་ཡོད།དམག་གྲབས་དམག་རྒྱག་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།སྲིད་ཇུས་དང་ལམ་ལུགས་ལ་རྩ་ལག་ཚང་བའི་སྒོ་ནས་ཇུས་གཤོམ་དང་།སྔོན་ཚོད་ལྡན་པའི་སྒོ་ནས་ཇུས་...
2025-01-02 07:54:40 མཚོ་སྔོན་པོ་དྲ་བ། 4683 -
དམག་དོན་ཤེས་ལྡན་མི་སྣའི་མ་ལག་དཔེ་གསར་འཛུགས་དགོས།རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་གནད་འགག་ནི་ཤེས་ལྡན་མི་སྣ་ལ་ཐུག་ཡོད་ཅིང་།ཤེས་ལྡན་མི་སྣ་ཇི་ཙམ་མང་ན་དེ་ཙམ་གྱིས་ཡག་པོ་ཡོད་པ་དང་།འཇོན་ཐང་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཡག་པོ་ཡོད།...
2024-12-31 09:01:02 མཚོ་སྔོན་པོ་དྲ་བ། 4728 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ༩༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།»
ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཆབ་སྲིད་ལས་དོན་གྱི་སྲོག་རྩ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་བླ་སྲོག་ལྡན་པ་དང་།འཇོན་ཐང་ལྡན་པ།ངར་ཤུགས་ལྡན་པ།ཀུན་སྤྱོད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་སྐྱེད་སྲིང་བྱེད་དགོས་པ་དང་།ལྕགས་ལྟ་བུའི་འགྱུར་མེད་ཀྱི་དད་མོས་དང་དད་སེམས་དང་སྒྲིག་ཁྲིམས་དང་འཁུར་སེམས་བཅས་ལྡན་པའི་དམག་ཧྲག་གོ་ཧྲག་ཅིག་སྐྲུན་བཟོ་བྱེད་དགོས་ཤིང་།མི་དམངས་དམག་དཔུང་གི་ངོ་བོ་དང་།དམིགས་འབེན།རང་བཞིན་བཅས་དུས་གཏན་དུ་འཛིན་དགོས།...
2024-12-30 09:55:00 མཚོ་སྔོན་པོ་དྲ་བ། 4808 -
[ཉིན་རེའི་ཞལ་གསུང་།]
ཀྲུང་དབྱང་དམག་ཨུ་ཡི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།
རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བར་ངེས་པར་དུ་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ལྡན་དུ་གཏོང་དགོས།རྒྱལ་སྤྱིའི་དམག་དོན་འགྲན་རྩོད་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས།རྒྱལ་ཁབ་ཀྱི་ཁེ་ཕན་དང་དམག་དཔུང་གི་འགན་འཁྲི་དང་ལས་འགན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་བས།རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་བྱ་རྒྱུ་དེ་དམག་འཁྲུག་གི་རྒྱལ་ཕམ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་འགྱུར་བཞིན་པ་དང་།ཉིན་རེ་ལས་ཉིན་རེར་འཐབ་ཇུས་འགྲན་རྩོད་ཀྱི་རང་འགུལ་ལོན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་དེ།རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཕེལ་རིམ་ནང་འགན་འཁྲི་ལྕི་ཞིང་།ཏང་དང་།རྒྱལ་ཁབ།དམག་དཔུང་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྲུན་བྱེད་པར་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ངེས་པར་དུ་རྗེས་ཟིན་དགོས་ཤིང་།ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་དགོས།...
2024-12-27 08:29:56 མཚོ་སྔོན་པོ་དྲ་བ། 4933 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།»
ཁྲིམས་སྐྱོང་གི་བླང་བྱ་ལྟར་དམག་དཔུང་སྐྱོང་སྟངས་བསྒྱུར་དགོས།ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དེས་ང་ཚོར་དམག་དཔུང་སྐྱོང་སྟངས་ལ་འཕོ་འགྱུར་གཏིང་ཟབ་གཏོང་བའི་བླང་བྱ་བཏོན་ཡོད།རིམ་པ་ཁག་གིས་ཁྲིམས་བཀོད་འགན་འཁྲིའི་དབང་མཚམས་ལ་ནན་པོར་གཞིགས་ཏེ།ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་།རྩ་བའི་རང་བཞིན་ལྡན་པའི་འཕོ་འགྱུར་གསུམ་མངོན་འགྱུར་གང་ཐུབ་བྱེད་དགོས་ཏེ།སྲིད་འཛིན་གྱི་བཀའ་རྒྱ་ཁོ་ནར་བརྟེན་པའི་བྱེད་སྟངས་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་གཅིགགོམས་སྲོལ་དང་ཉམས་མྱོང་ཁོ་ནར་བརྟེན་ནས་ལས་ཀ་བྱེད་སྟངས་ནས་ཁྲིམས་སྲོལ་དང་ལམ་ལུགས་ལ་བརྟེན་ནས་ལས་ཀ་བྱེད་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་...
2024-12-25 08:37:43 མཚོ་སྔོན་པོ་དྲ་བ། 4965 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་དུ་བསྐྱོད་དགོས།»
ད་ལྟ་རང་རྒྱལ་འདི་ཉིད་ཆེ་བ་ནས་སྟོབས་ལྡན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དུ་སླེབས་ཤིང་།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གནས་ཡོད་པས་མིག་རྒྱང་རིང་པོས་འཛམ་གླིང་ལ་ལྟ་བ་དང་།ཁྱོན་ཡོངས་ལྟ་ཞིབ་དང་དུས་དཔག་བབ་བསྟུན་བྱེད་དགོས་ལ།ང་ཚོས་ངེས་པར་དུ་བློ་རིག་དང་བློ་སྟོབས་སྔར་ལས་ཆེ་བར་བརྟེན་ནས་རྒྱལ་སྲུང་དང་དམག་ད...
2024-12-24 10:29:09 མཚོ་སྔོན་པོ་དྲ་བ། 5043 -
གོ་མཚོན་སྒྲིག་ཆས་ནི་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་དང་།རྒྱལ་ཁབ་བདེ་འཇགས་དང་མི་རིགས་བསྐྱར་དར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།སྔོན་ཐོན་སྒྲིག་ཆས་སྟངས་འཛིན་བྱེད་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་དམིགས་འབེན་ཡིན།དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གནད་དོན་ཐད་མི་ནི་རྒྱལ་ཕམ་ཐག་ག...
2024-12-23 08:42:35 མཚོ་སྔོན་པོ་དྲ་བ། 5086 -
དམག་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ།དམག་གྲབས་དམག་རྒྱག་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱེད་པ།དངོས་འཐབ་དངོས་སྦྱོང་དང་།མཉམ་འཐབ་མཉམ་སྦྱོང་།ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་བྱེད་པ།ཁྲིམས་ལྟར་སྦྱོང་བརྡར་བྱེད་པ་བཅས་རྒྱུན་འཁྱོངས།སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ།...
2024-12-20 08:18:41 མཚོ་སྔོན་པོ་དྲ་བ། 5184 -
[ཉིན་རེའི་ཞལ་གསུང་།]
«འགོ་འཛུགས་ས་གསར་པའི་ཐོག་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས།»
དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བསམ་བློ་འཛུགས་པ་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་འཛུགས་པ།དམག་གྲབས་དང་དམག་འཐབ་ཀྱི་བཀོད་འདོམས་དབྱུ་གུ་ཕྱར་བ།དམག་གྲབས་དང་དམག་འཐབ་ཀྱི་འགན་འཁྲི་འཁུར་སེམས་སྐྱེད་པ་བཅས་བྱེད་དགོས།འཐབ་འཛིང་རུ་ཁག་གི་བསམ་བློ་ཆེར་སྐྱེད་དང་།འཐབ་འཛིང་བྱེད་ནུས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་པུ་འདི་རྒྱུན་འཁྱོངས་བྱས་ཏེ།ལས་དོན་དང་འཛུགས་སྐྲུན་ཁག་དང་།ཕྱོགས་སོ་སོའི་སྟོབས་ཤུགས་དང་ཐོན་ཁུངས་ཚང་མས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་དམིགས་པ་དང་།དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་ཞབས་འདེགས་ཞུས་ནས།དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ལ་ཤུགས་ཆེན་པོ་ཞིག་རྒྱག་པར་སྐུལ་འདེད་བྱེད་དགོས།...
2024-12-19 08:56:12 མཚོ་སྔོན་པོ་དྲ་བ། 5241 -
དེང་རབས་ཀྱི་དམག་དོན་སྟོབས་ཤུགས་མ་ལག་འཛུགས་དགོས།སྔོན་ཟོན་གྱི་དམག་དོན་སྟོབས་ཤུགས་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་རྨང་གཞི་གལ་ཆེན་ཡིན།མ་ལག་འཛུགས་སྐྲུན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ།འཐབ་འཛིང་མ་ལག་ལ་བྱས་རྗེས་འབུལ་ཚད་ཚད་གཞིར་བཟུང་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ།...
2024-12-18 09:08:45 མཚོ་སྔོན་པོ་དྲ་བ། 5225 -
མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་འཛུགས་དགོས།བཀོད་འདོམས་མ་ལག་ནི་དམག་འཐབ་མ་ལག་གི་འགག་རྩའི་གྲུབ་ཆ་ཞིག་ཡིན་པས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན།དམག་ཨུས་སྤྱི་ཡོངས་ནས་བཀོད་འདོམས་བྱེད་པ་དང་།འཐབ་ཁུལ་གྱིས་དམག་འཁྲུག་གི་གཙོ་འགན་འཁུར་བ།དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོར་འཛིན་པ་བཅས་ཀྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།...
2024-12-17 08:25:51 མཚོ་སྔོན་པོ་དྲ་བ། 5247 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།»
དམག་དཔུང་གིས་འཐབ་འཛིང་བྱེད་པར་གྲ་སྒྲིག་བྱེད་དགོས་པས།ལས་དོན་ཐམས་ཅད་ལ་ངེས་པར་དུ་འཐབ་འཛིང་བྱེད་ནུས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ།དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ཕྱོགས་སུ་རྩེ་གཅིག་ཏུ་དམིགས་དགོས།འཐབ་ཇུས་ཀྱི་ཁ་ཕྱོགས་སོ་སོའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཏན་ཏིག་བྱེད་པ་དང་།སྲོལ་རྒྱུན་གྱི་བདེ་འཇགས་ཁྱབ་ཁོངས་དང་བདེ་འཇགས་ཁྱབ་ཁོངས་དཔེ་གསར་ཅན་གྱི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ།དམག་འཐབ་ཀྱི་སྟོབས་ཤུགས་དང་འགན་སྲུང་གི་སྟོབས་ཤུགས་དཔེ་གསར་ཅན་འཕེལ་རྒྱས་གཏོང་བ་དང་།དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་སྤེལ་བ།དམག་དོན་སྟོབས་ཤུགས་བཀོལ་སྤྱོད་ལ་ཤུགས་རྒྱག་པ།དམག་དོན་རིག་ནུས་ཅ...
2024-12-16 08:25:13 མཚོ་སྔོན་པོ་དྲ་བ། 5307 -
དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།དམག་དོན་སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་མ་ཕྱིན་ན།དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་དོན་ཐོག་ཏུ་འཁྱོལ་དཀའ་ལ།དམག་དཔུང་གི་འཐབ་འཛིང་བྱེད་ནུས་ཀྱང་ཆེ་རུ་གཏོང་དཀའ་བས།དམག་འཁྲུག་གི་སྐབས་སུ་གྱོང་གུན་ཆེན་པོ་ཕོག་ངེས་རེད།དམག་ཡོངས་ཀྱིས་དངོས་འཐབ་ཀྱི་དགོས་མཁོར་གཞིགས་ནས་དཀའ་ཞིང་ནན་པའི་སྒོ་ནས་དམག་དཔུང་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས་དང་།དམག་ཇི་ལྟར་རྒྱག་དགོས་ན་དམག་སྦྱོང་དེ་ལྟར་བྱེད་དགོས་པ་དང་།དམག་རྒྱག་དུས་ཅི་ཞིག་མཁོ་ན་དེ་སྦྱོང་བརྡར་ཧུར་ཐག་བྱེད་པར་རྒྱུན་འཁྱོངས་བྱེད་པ།དམག་འཐབ་ཀྱི་ལས་འགན་དང་དམག་འཐབ་ཀྱི་འགྲན་ཡར་དམ་པོར་བསྟུན་ནས་འགན་འཁྲིའི་ཞིབ་འཇུག་བྱ་གཞི་སྦྱོང་བརྡར་ཡག་པོ་བྱེད་པ།...
2024-12-13 08:57:15 མཚོ་སྔོན་པོ་དྲ་བ། 5527 -
ག་དུས་ཡིན་རུང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་།གཉིས་ནས་ཤི་རྒྱུར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་གཏན་ནས་འདོར་མི་རུང་སྟེ།ཏང་དང་།རྒྱལ་ཁབ།མི་དམངས་བཅས་ལ་མཁོ་བའི་སྐབས་སུ་དམག་དཔུང་ལ་ངར་ཤུགས་དང་སྙིང་སྟོབས་འདིའི་རིགས་ཡོད་དགོས།དམག་དཔུང་གིས་མཚན་སྙན་གཙིགས་སུ་འཛིན་པ་ནི་ཐོག་མར་གནད་འགག་གི་སྐབས་སུ་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་བྱས་ནས་ཐོབ་པའི་མཚན་སྙན་ཡིན།ང་ཚོས་འཐབ་འཛིང་གི་སྙིང་སྟོབས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་སྟེ།དཔོན་དམག་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རང་དམག་གི་དཔའ་ངར་ཞུམ་མེད་ཀྱི་དཔའ་བོའི་སྙིང་སྟོབས་དང་དཔའ་ངར་ཆེ་ཞིང་གཉའ་མི་ཆག་པའི་འཐབ་འཛིང་གི་སྤྱོད་ཚུལ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་།དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་འཐབ་འཛིང་བྱེད་པར་གྲ་སྒྲིག་བྱེད་དགོས།...
2024-12-12 07:48:04 མཚོ་སྔོན་པོ་དྲ་བ། 5563 -
འཐབ་འཛིང་བྱེད་ནུས་ཀྱི་ཚད་གཞི་བརྟན་པོ་འཛུགས་དགོས།ཉེ་ཆར་དུས་སྐབས་ཤིག་རིང་ངས་དམག་དཔུང་ནང་ནན་བཤད་བྱས་པ་མང་ཤོས་ནི།དམག་དཔུང་གིས་དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་སྟེ།འཐབ་འཛིང་བྱེད་ནུས་ཀྱི་རྩ་བའི་ཚད་གཞི་ཉག་གཅིག་དེ་བརྟན་པོར་འཛུགས་དགོས་ཞེས་པ་འདི་ཡིན།འདི་ནི་དམག་དཔུང་ལ་མཚོན་ན་དངོས་གནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།དམག་དཔུང་ནི་ཐོག་མར་འཐབ་འཛིང་རུ་ཁག་ཅིག་ཡིན་ཞིང་།དམག་རྒྱག་གི་ཆེད་དུ་གནས་པ་ཞིག་ཡིན།...
2024-12-11 07:20:38 མཚོ་སྔོན་པོ་དྲ་བ། 5515 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་དབྱང་དམག་ཨུའི་ཏང་འཛུགས་སྐྲུན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)»
ཏང་ཨུའི་གཅིག་གྱུར་གྱི་ཐུན་མོང་འགོ་ཁྲིད་འོག་གི་གཙོ་འཛིན་གྱི་ལས་བགོས་འགན་འཁུར་ལམ་ལུགས་ནི་ང་ཚོའི་ཏང་གིས་དམག་དཔུང་ཚོད་འཛིན་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་གལ་ཆེན་ཡིན།རང་དམག་གི་ལས་དོན་ཡོད་ཚད་ངེས་པར་དུ་ཏང་ཨུའི་གཅིག་གྱུར་གྱི་འགོ་ཁྲིད་འོག་བསྒྲུབ་དགོས་པ་དང་།གནད་དོན་གལ་ཆེན་ཡོད་ཚད་ངེས་པར་དུ་ཏང་ཨུས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས་པ་ལས།མི་སྒེར་གྱི་ཁ་ཐོག་ལ་འཇོག་པ་དང་།མི་ཉུང་ཤས་ཀྱི་ཁ་ཐོག་ལ་འཇོག་པ་གཏན་ནས་བྱེད་མི་ཆོག།ཏང་ཨུའི་ཐུན་མོང་འགོ་ཁྲིད་དང་གཙོ་འཛིན་གྱི་ལས་བགོས་འགན་འཁུར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གཙོ་འཛིན་གྱི་གཞུང་ལས་ཚོགས་འདུའི་དོན་གྲོས་ཇུས་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།དོན་གྲོས་མཐུན་སྦྱོར་སྒྲིག་གཞི་སྣ་ཚོགས་ཀྱི་འགན་འཁྲི་ཚད་ལྡན་དུ་གཏོང་དགོས་པ་ལས།དབང་ཚད་ལས་བརྒལ་ཏེ་དོན་གྲོས་དང་དོན་ཐག་གཅོད་པ་བྱེད་མི་རུང་ལ།“ཁྱིམ་བདག་ལམ་ལུགས”དང“བརྒྱ་ཁ་གཅིག་གཅོད”བྱེད་མི་རུང་།...
2024-12-10 07:57:53 མཚོ་སྔོན་པོ་དྲ་བ། 5517 -
ང་ཚོའི་ཏང་གི་ལམ་ལུགས་ནི་ཏང་གི་གཙོ་འཛིན་གྱིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིའི་འགན་བཞེས་པ་ཡིན་ཞིང་།དེ་ནི་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པར་འགན་ལེན་བྱེད་པའི་ཆེད་དུ་ཡིན།ལམ་ལུགས་འདིའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ང་ཚོས་ཏང་དང་།རྒྱལ་ཁབ།དམག་དཔུང་བཅས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་མཐོ་ཚད་ནས་ངོས་འཛིན་བྱེད་དགོས།འདི་ལྟར་བྱེད་དོན་ནི་བསླབ་བྱ་བསྡུ་ལེན་དང་ལུག་བརླགས་ལྷས་རྩིག་ལྟ་བུ་བྱེད་ཆེད་དང་།རང་དམག་ཡུན་རིང་འཕེལ་རྒྱས་ཡོང་བར་དམིགས་པ་ཡིན་ལ།ཧམ་སེམས་ཅན་དང་ལྐོག་གཤོམ་པ་བསྐྱར་དུ་ཐོན་པར་བཀག་འགོག་དང་།རང་དམག་འཛུགས་སྐྲུན་ལ་སླར་ཡང་གྱོང་གུན་ཚབས་ཆེན་ཕོག་པར་བཀག་འགོག་བྱེད་ཆེད་ཡིན།...
2024-12-09 08:09:20 མཚོ་སྔོན་པོ་དྲ་བ། 5598 -
[ཉིན་རེའི་ཞལ་གསུང་།]
«ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ནི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བླ་སྲོག་ཡིན།»
ཏང་ལ་མཐའ་གཅིག་ཏུ་བློ་དཀར་བ་བྱེད་དགོས་ཞེས་པའི་གཙོ་བོ་ནི“མཐའ་གཅིག”ཅེས་པའི་ཡིག་འབྲུ་གཉིས་ལ་ཐུག་ཡོད་པ་སྟེ།ཉག་གཅིག་པུ་དང་།མཐར་ཕྱིན་པ།ཆ་རྐྱེན་མེད་པ།ལྷད་སྐྱོན་གང་ཡང་མ་བསྲེས་པ།རྫུན་བསྒྲིགས་ཀྱི་ཆ་གང་ཡང་མེད་པ་བཅས་ཀྱི་བློ་དཀར་བ་འབའ་ཞིག་ཡིན།ཏང་ཡོན་དང་ལས་བྱེད་པས་ཚད་གཞི་འདི་འདྲར་བརྟེན་ནས་རང་ཉིད་ལ་བླང་བྱ་འདོན་དགོས་ཏེ།བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་།ཏང་གིས་གང་ཞིག་སྒྲུབས་ཟེར་ན་དེ་ཉིད་མཐའ་གཅིག་ཏུ་སྒྲུབ་པ་དང་།ཏང་གིས་གང་ཞིག་བསྒྲུབ་མི་ཆོག་ཟེར་ན་དེ་མཐའ་གཅིག་ཏུ་མི་བསྒྲུབ་པ་བྱེད་དགོས།...
2024-12-06 07:55:37 མཚོ་སྔོན་པོ་དྲ་བ། 5682 -
ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་ལག་བསྟར་བྱེད་པར་རྩ་བའི་རྩ་དོན་དང་ལམ་ལུགས་རབ་དང་རིམ་པ་ཡོད་དེ།དམག་འཁྲུག་གི་རྣམ་པ་དང་།དམག་དཔུང་འཛུགས་སྐྲུན་གྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་།དམག་དཔུང་གི་རྩ་འཛུགས་རྣམ་པ་ལེགས་སྒྲིག་ཇི་ལྟར་བྱས་ཀྱང་རུང་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་འགྱུར་བ་མེད་པར་བྱེད་དགོས།ཆེས་རྩ་བར་གྱུར་པའི་གནད་དོན་འདི་བསྲུང་མ་ཐུབ་ན་དམག་དཔུང་གི་ངོ་བོ་འགྱུར་སྲིད་པ་དང་།འཐབ་འཛིང་ནུས་པ་ཡོད་མི་སྲིད།...
2024-12-05 07:37:36 མཚོ་སྔོན་པོ་དྲ་བ། 5688 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་དབྱང་དམག་ཨུའི་ཏང་འཛུགས་སྐྲུན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)»
ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་།ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་བསྐྲུན་ཚར་བར་བྱེད་པ་ནི།གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཅིག་དང་།རྒྱ་ཆེ་ཞིང་གཏིང་ཟབ་པའི་དམག་དོན་འཕོ་འགྱུར་ཞིག་ཡིན།ན་ནིང་ལོ་མཇུག་ཏུ་འཚོགས་པའི་དམག་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོགངས་དུས་རབས་གསར་པའི་རང་དམག་གི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་པ་དང་།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་དང་།རྒྱལ་ཁབ་ཀྱི་བདག་དབང་དང་།གཅིག་གྱུར།མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་བྱེད་པར་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད།རང་རྒྱལ་གྱི་རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོང་བྱེད་པར་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད།འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བཅས་བྱེད་དགོས་པ་ནན་བཤད་བྱས་ཡོད།...
2024-12-04 07:57:49 མཚོ་སྔོན་པོ་དྲ་བ། 5794 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།»
རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་ཡོད།རྒྱལ་ཁབ་བདེ་འཇགས་ཀྱི་ཁོར་ཡུག་ལ་འགྱུར་བ་ཟབ་མོ་བྱུང་བར་དམིགས་ཤིང་།རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དུས་རབས་ཀྱི་བླང་བྱར་དམིགས་ནས།ངེས་པར་དུ་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་བ་དང་།གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ།སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་སྐམ་དམག་དང་།མཚོ་དམགམཁའ་དམགམེ་ཤུགས་འཕུར་མདའི་དམགའཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་འཛུགས་པ།བློ་བརྟན་གོ་འཕེར་བའི་འཐབ་ཁུལ་མཉམ་འབྲེལ་འཐབ་འཛིང་བཀོད་འདོམས་སྒྲིག་གཞི་འཛུགས་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་འཐབ་འཛིང་མ་ལག་འཛུགས་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཁུར་དུ་ལེན་དགོས།...
2024-12-03 08:12:54 མཚོ་སྔོན་པོ་དྲ་བ། 5784