«ཏང་གི་ལངས་ཕྱོགས་གང་འཛིན་དེ་གུང་གཞོན་ཚོགས་པའི་ཁ་ཕྱོགས་ཡིན»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-05 09:00:55 ཀློག་གྲངས།:
       རྒྱ་ཆེའི་གཞོན་ནུའི་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ལས་ཀར་ཤུགས་རྒྱག་པ་དང་ལེགས་བཅོས་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་སྒྲིག་འཛུགས་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སློབ་སྦྱོང་ནན་ཏན་བྱེད་དགོས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་ཡག་པོ་བྱེད་ཅིང་གོ་བ་ཟབ་མོ་ལོན་ལ་དོན་མཐའ་འཁྱོལ་བ་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་བརྒྱབ་སྟེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཐད་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་མཐུན། བརྩེ་དུང་གི་མོས་མཐུན་བཅས་ཆེ་རུ་གཏོང་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཁྲིད་སྟོན་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་ལ་བརྟེན་ནས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་དགོས་ཤིང་། བསམ་པའི་རླབས་རྒྱུན་སྣ་ཚོགས་མཉམ་འདྲེས་དང་གདོང་གཏུག་ཁྲོད་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་དང་རྙོག་འཛིང་ཆེ་བའི་སྣང་ཚུལ་ཁྲོད་ངོ་བོ་དམ་འཛིན་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་མི་ཚེའི་དོན་གཉེར་བརྟན་དུ་གཏོང་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཁྲིད་སྟོན་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་དང་ཡིད་ཆེས་བརྟན་པོ་མཐའ་འཁྱོངས་བྱེད་དགོས་པ་ལས། ལམ་འགྲོ་བྱུང་དུས་རི་ངོ་རི་དང་ཆུ་ངོ་ཆུར་འཛིན་པ་དང་། བར་ཆད་བྱུང་དུས་རི་ངོ་རི་དང་ཆུ་ངོ་ཆུར་མི་འཛིན་པ་བྱེད་མི་རུང་།
—«ཏང་གི་ལངས་ཕྱོགས་གང་འཛིན་དེ་གུང་གཞོན་ཚོགས་པའི་ཁ་ཕྱོགས་ཡིན»(༢༠༡༨ལོའི་ཟླ༧ཚེས༢ཉིན།) ཞི་ཅིན་ཕིང་གི«ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༥༦པ་ནས༡༥༧པའི་བར།
       要在广大青年中加强和改进理论武装工作。要组织广大青年认真学习马克思主义基本原理,学习新时代中国特色社会主义思想,在学懂、弄通、做实上下功夫,增强对党的基本理论、基本路线、基本方略的政治认同、思想认同、情感认同。要引导广大青年运用马克思主义立场、观点、方法观察分析问题,学会在各种思潮交融交锋中把握主流,在纷繁复杂的现象中抓住本质,从而坚定正确政治方向,增强道路自信、理论自信、制度自信、文化自信,坚定听党话、跟党走的人生追求。要引导广大青年保持战略定力和坚定信念,不能顺利时看山是山、看水是水,一遇到挫折就看山不是山、看水不是水。
—《党旗所指就是团旗所向》(2018年7月2日),习近平《论党的青年工作》,中央文献出版社2022年版,第156-157页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།