བོད་ལྗོངས་སུ་ཉ་རིགས་གསར་པ་ཞིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན་ཁང་། དུས་ཚོད།:2025-12-15 22:14:25 ཀློག་གྲངས།:
       ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་གིས་ཙའོ་ཀྲོང་སློབ་གླིང་དང་ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱི་ཚན་ཞིབ་ཚོགས་པ་དང་མཉམ་འབྲེལ་བྱས་ནས། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་ཀྲའོ་ཁོའོ་ཉ་རིགས་གསར་པ་ཞིག་རྙེད་པ་ནས། གཟོང་སོ་ཉ་རྔ་རིང་ཞེས་མིང་བཏགས་པ་རེད། འདི་ལས་རང་རྒྱལ་གྱིས་ཧི་མ་ལ་ཡ་ས་ཁུལ་གྱི་ཉ་རིགས་སྣ་མང་རང་བཞིན་དང་སྐྱེ་དངོས་རིམ་འགྱུར་ཞིབ་འཇུག་ཐད་སླར་ཡང་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་མཚོན།
       རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གཙོ་གནད་ཞིབ་འཇུག་འཆར་གཞི་ཧི་མ་ལ་ཡའི་ལྷོ་རྒྱུད་སྲོག་ཆགས་ཀྱི་སྣ་མང་རང་བཞིན་དང་དེའི་འཕྲོད་ནུས་ལམ་སྲོལ་གྱི་ཞིབ་འཇུག་ཅེས་པ་སོགས་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག ཚན་ཞིབ་རུ་ཁག་གིས་ད་ལོའི་སྤྱི་ཟླ་བཞི་པར་རྫ་ཡུལ་རྫོང་དུ་ཉ་རིགས་ཐོན་ཁུངས་ཀྱི་བརྒྱུད་རིམ་རང་བཞིན་གྱི་བརྟག་དཔྱད་བྱེད་སྐབས། དེ་སྔ་སོ་རིས་པཱ་ཁ་ལེབ་ལ་ངོས་འཛིན་བྱས་པའི་མ་དཔེ་ཁག་ཅིག་རྙེད་པ་དང་། དེར་གཟུགས་གཞི་རིག་པའི་བསྡུར་བ་བྱས་ཏེ། རྒྱུད་འདེད་དཔང་རྟགས་དང་ཟུང་འབྲེལ་བྱས་པ་བརྒྱུད། ཚན་ཞིབ་ཚོགས་པས་དེ་ཉ་རིགས་གསར་རྐྱང་ཞིག་ཡིན་པར་གཏན་འཁེལ་བྱས་ཤིང་། མིང་བཏགས་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཉ་རིགས་གསར་པ་དེ་ནི་བོད་ཀྱི་སོ་རིས་པཱ་ཁ་ལེབ་ཀྱི་ཉའི་རིགས་གཅིག་པུ་དེ་ཡིན་ཞིང་། ད་ལྟ་རྫ་ཡུལ་རྫོང་ཁོངས་སུ་མ་གཏོགས་མེད་ལ། རྩ་ཆེའི་དངོས་རིགས་གསར་པ་ཞིག་ཡིན་པའི་ངོས་ནས། དེས་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ཚྭ་མེད་ཆུའི་ཉ་རིགས་ཀྱི་འབྱུང་བ་དང་། དབྱེ་འགྱུར། འཕྲོད་ནུས་རིམ་འགྱུར་སོགས་ལ་ཞིབ་འཇུག་བྱ་ཡུལ་དང་རྒྱུད་འདེད་ཡིག་ཆ་གསར་པ་བཏོན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།