ནག་པོ་ལགས་ཀྱི་སྙན་ངག་ཅིག
རྩོམ་པ་པོ།:ནག་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-04 08:35:59
ཀློག་གྲངས།:
ཀུན་ཏུ་རྒྱུ་མོས་བསྐུར་བ་བཏབ་པ་བཞིན།
ནག་པོ།
བྱེ་མས་བཟོས་པའི་ཉོན་མོངས་ཀྱི་ཕད་བུ་འདིལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་ལས་ཐར་དཀའ་སྟེ
ནད་ཞི་ནས་ཟས་ཞིམ་པོ་ཞིག་སྤྱོད་དགོས་བསམ་ཡང
གློ་བུར་བའི་ནད་རྙིང་དེ་དག་གིས འདུ་བ་མི་སྙོམས་པའི
ངའི་རྣམ་ཤེས་ཀྱི་ཁམས་དེ་སྤྲུགས་སྤྲུགས་གཏང་ཡོང
མི་ཚེ་སྐྱིད་སྡུག་གནམ་གྱི་ལག སྔུན་གཞུག་གང་དུ་གོམ་པ་སྤོས་ཀྱང
ལངས་ཤོར་དུ་སོང་བའི་གཟུགས་ཕུང་འདི ཤེལ་གྱི་བུམ་པ་བཞིན
ཕྱི་གསལ་ནང་གསལ་དུ་མཐོང་བས
ཐོད་པའི་ཁ་ཡིག་ལའང་གསང་བ་ཅི་ཡང་མི་འདུག
མི་ཚེའི་ཚིགས་མལ་འདི་རུ རང་ཉིད་ཇེ་ཆུང་ནས་ཇེ་ཆུང་ཡིན་པ་ཚོར་སྲིད་པ་དང
འཆི་བའི་ཕྱོགས་སུའང་བསམ་བློ་གཏང་མི་དགོས་པར
དབུགས་དང་གྲིབ་མ་བཞིན་དུ་འགྲོགས
སྨན་སྤར་བ་གང་ཟོས་རྗེས སྡོད་ཁང་འདིའང་ཀུ་ཅོས་ཁེངས་འགྲོ
ནད་དྲག་རྗེས་ཅི་ཞིག་བྱེད རིག་པ་རྣལ་དུ་ཕབ་མ་ཐུབ་པར་ཞག་གཅིག་ལ་ལུས
ཐོག་མ་ཉིད་ནས ལུས་ངག་ཡིད་ཀྱི་བཤགས་པ་དེ་གལ་ཆེ་བར་སེམས
༢༠༢༡ལོའི་ཟླ༤ཚེས༡༢ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号