༢༠༢༡ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་གཞོན་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-18 10:11:08 ཀློག་གྲངས།:
       རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཡག་པོ་བྱེད་ཅིང་གོ་བ་ཟབ་མོ་ལོན་པ་དང་། བསམ་བློའི་བདེན་པ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན། ན་གཞོན་ལས་བྱེད་པས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དང་ལྷག་པར་དུ་དུས་རབས་གསར་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་སྡུག་རུས་ཆེན་པོས་སློབ་དགོས་པ་དང་། དེའི་ནང་འདུས་པའི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་དང་། གནས་ལུགས་དང་། རིག་གཞུང་། བདེན་ལུགས་བཅས་ཁོང་དུ་ཆུད་གང་ཐུབ་བྱས་ཏེ། སྐད་ཆ་འདི་ཤེས་ཤིང་འདིའི་དོན་ཡང་རྟོགས་པ་དང་། དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་དེ་བས་ཀྱང་ཤེས་དགོས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྔ་ཕྱིའི་འབྲེལ་མཐུད་ཀྱིས་སློབ་སྦྱོང་དང་། དུས་ཐོག་རྗེས་སྙེག་གིས་སློབ་སྦྱོང་བྱེད་པ་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་བསམ་བློ་གཏོང་སྟངས་ལེགས་འགྱུར་བྱས་ནས། བསམ་བློའི་དཀའ་ངལ་སེལ་བ་དང་རང་ངོས་ཀྱི་བསམ་བློའི་སྤྱོད་ཚུལ་དང་བསམ་པའི་འཁྱེར་ཕྱོགས་ལ་ཞིབ་ལྟ་བྱེད་པ། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོར་བཙུགས་ཏེ། རང་ཉིད་ཀྱི་བསམ་གཞིགས་བྱེད་སྟངས་དང་སེམས་ཁམས་འཇིག་རྟེན་དེ་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་མཐུན་པར་བྱེད་དགོས།
—༢༠༢༡ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་གཞོན་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད། (༢༠༢༡ལོའི་ཟླ༣ཚེས༡ཉིན།) «མི་དམངས་ཉིན་རེའི་ཚགས་པར།» ༢༠༢༡ལོའི་ཟླ༣ཚེས༢ཉིན།
  理论联系实际,前提是学懂弄通理论、掌握思想真谛。年轻干部要刻苦钻研马克思主义基本原理特别是新时代党的创新理论成果,努力掌握蕴含其中的立场观点方法、道理学理哲理,做到知其言更知其义、知其然更知其所以然。要深入学习党的理论创新成果,前后贯通学、及时跟进学,运用党的科学理论优化思想方法,解决思想困惑,检视自身思想作风和精神状态,牢固树立正确的世界观、人生观、价值观和权力观、政绩观、事业观,使自己的思维方式和精神世界更好适应事业发展需要。
— 在二〇二一年春季学期中央党校(国家行政学院)中青年干部培训班开班式上的讲话(2021年3月1日);《人民日报》2021年3月2日
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།