ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > 2025ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།
2025ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-04 08:00:33
ཀློག་གྲངས།:
སྤྱི་ཟླ6ཚེས30ཉིན། མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་མཉམ་སྒྲུབ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འགན་སྒྲུབ་བྱས་པའི2025ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

མཚོ་ལྷོ་ས་ཁུལ་གྱི་ཁུལ་དང་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་ཁག་གི་སྨྱན་སྦྱོར་ལྟེ་གནས། ཤང་གྲོང་ཁག་གི་ལོ་ཙཱའི་ལས་དོན་སྒྲུབ་པའི་རྐང་འཛིན་པ40ཐེངས་འདིའི་གསོ་སྦྱོང་ནང་ཞུགས།

སློབ་ཁྲིད་ཡུལ་དངོས།
ཐེངས་འདིའི་གསོ་སྦྱོང་སྟེང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་དང་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེ་གཞོན་མའེ་ཀྲན་མེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེ་སོགས་ཡོན་ཚད་མཐོ་བའི་ཆེད་མཁས་པ་བདུན་ལྷག་གདན་འདྲེན་ཞུས་ནས“ཆེད་དོན་འཆད་ཁྲིད+ཡུལ་དངོས་ལག་ལེན”གྱི་རྣམ་པ་སྤྱད་དེ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལ་དབྱེ་ཞིབ་དང་། གཞུང་ཡིག་ལོ་ཙཱའི་ཐབས་རྩལ། བརྡ་སྤྲོད། བརྡ་ཆད་གསར་པ་ཚད་ལྡན་བེད་སྤྱོད་སོགས་ལ་དམིགས་ཏེ་ཟུར་མི་འདྲ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཁྲིད་བཀོད་སྒྲིག་གནང་ཡོད་ལ། གཞན་ཡང་དེ་འབྲེལ་གྱི་ཆེད་དོན་བགྲོ་གླེང་དང་སློབ་ཕྱིའི་ལོ་ཙཱའི་ལག་ལེན་སྐོར་གྱི་སྦྱང་ཚན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

སློབ་ཁྲིད་ཡུལ་དངོས།
དུས་ཡུན་ཉིན་ལྔའི་རིང་གི་གསོ་སྦྱོང་དང་ལག་ལེན་ཟུང་འབྲེལ་གྱི་སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་ཚོར་མི་རིགས་ས་ཁུལ་གྱི་ལོ་ཙཱའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་ཐོབ་པ་དང་རྒྱ་བོད་ལོ་ཙཱའི་རྨང་གཞིའི་ཤེས་བྱར་ངེས་ཤེས་ཟབ་མོ་འདྲོངས་པ་མ་ཟད། ལོ་ཙཱའི་ཆུ་ཚད་དོ་སྙོམས་དང་སྤུས་ཚད་མཐོར་འདེགས། བརྡ་ཆད་གསར་པ་ཚད་ལྡན་གཅིག་གྱུར་ཡོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བླ་ལྷག་ཐོན་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་དོ། །

ཆེད་དོན་བགྲོ་གླེང་གནང་བཞིན་པ།

ཡུལ་དངོས་སློབ་སྦྱོང་གི་རྣམ་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།