«གོ་ལའི་ལོ་རྒྱུས་ཆེན་མོ»བཀླགས་པ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-19 08:58:12
ཀློག་གྲངས།:
དཔེ་ཆ་འདིའི་རྩོམ་པ་པོ་ནི་ཨ་རིའི་མཁས་པL.sསི་ཊ་ཝི་རོས་ཡཱ་ན་སི(༡༩༡༣-༢༠༠༤)ཡིན་ལ། བོད་ཡིག་ཏུ་སྒྱུར་མཁན་ནི་རྒན་གུར་མགོན་སྐྱབས་ལགས་ཡིན། པོད་སྟོད་སྨད་གཉིས་ལས་གྲུབ་ཅིང་སྡེ་ཚན་བརྒྱད་དང་ལེའུ་ཞེ་བཞི་ལས་གྲུབ་པ་ཞིག་ཡིན། ཕྲན་གྱིས༢༠༢༤-༨-༡༢ཉིན་ཀློག་འགོ་བརྩམས་པ་ཡིན་ལ། ༢༠༢༥-༧-༥ཉིན་པོད་སྟོད་སྨད་གཉིས་ཀ་ཡོངས་སུ་བཀླགས་གྲུབ། གཤམ་དུ་དཔེ་ཀློག་གི་མྱོང་ཚོར་མདོར་བསྡུས་ཤིག་འགོད་རྒྱུ་ཡིན།
དཔེ་ཆ་འདི་ཀློག་དུས་མུ་འབྲེལ་འཁྲབ་ཚན་ཞིག་ལ་བལྟས་པའམ། ཡང་ན་བརྩེ་དུང་བརྩམས་སྒྲུང་ཞིག་ཀློག་པ་བཞིན། མཚམས་འཇོག་མི་ཐུབ་པར་མུ་མཐུད་ལྟ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེ་བར་བྱེད།
ཁོ་བོས་དཔེ་ཆ་འདི་ཀློག་རིམ་བཞིན། དེབ་འདི་དངོས་གནས་ང་ཚོས་ངེས་པར་དུ་བལྟ་དགོས་འདུག་སྙམ་པ་བྱུང་ལ། དེ་དང་འབྲེལ་ནས་རང་གི་གྲོགས་ཁ་ཤས་ལ་དཔེ་དེབ་འདི་ཉིད་འོས་སྦྱོར་དང་ཀློག་དགོས་པའི་སྐུལ་མ་ཡང་བྱས།
དཔེ་ཆ་འདི་ལས་ནམ་རྒྱུན་རང་སེམས་ལ་ཡང་ཡང་འཁོར་ཡོང་བའི་དོགས་འདྲི་མང་པོ་ཞིག་གི་ལན་རྙེད་ཐུབ་ཀྱིན་འདུག དེ་ནི་དཔེ་ཆ་གཞན་དག་བལྟས་པ་དང་མི་འདྲ་བའི་ཆ་ཡིན་ངེས།
དཔེ་ཆ་འདི་ལས་བོད་རིགས་ཀྱི་སྐོར་ཆེད་དུ་གླེང་བ་མེད་ནའང་། མི་རིགས་གཞན་དག་གི་ཤེས་རིག་དང་དར་རྒུད་གླེང་བའི་ཁྲོད་ནས་འུ་ཅག་གི་སྣང་བརྙན་དང་གནད་དོན་མང་པོ་གསལ་པོར་མཐོང་གི་འདུག་ལ། འུ་ཅག་གི་མ་འདང་བའི་ཆ་དང་རྒུད་པའི་རྒྱུ་རྐྱེན་ཐུན་མིན་གྱི་ཁྱད་ཆོས་སོགས་ལ་གོ་རྟོགས་སྐྱེ་བར་བྱེད།
དཔེ་ཆ་འདི་ལས་ང་རང་སྤྲོ་བ་ཆེ་ཤོས་ཀྱི་ཤེས་རིག་སྟེ། གྷི་རིག་གི་མཚན་ཉིད་རིག་པ་གཙོས་གནའ་རབས་ཀྱི་ཤེས་རིག་མང་པོར་རྒྱུས་ལོན་ཐུབ་པ་དང་། ཤེས་རིག་དེ་དག་གི་འཕེལ་རིམ་དང་དེས་འཛམ་གླིང་ཤར་ནུབ་ཀྱི་ཆབ་དཔལ་རིག་གསུམ་ལ་བྱིན་པའི་ཤན་སོགས་ལ་ངེས་ཤེས་འདྲོངས་ཐུབ་ཀྱིན་འདུག
དཔེ་ཆ་འདི་ལས་གོ་ལ་ཧྲིལ་པོའི་ལོ་རྒྱུས་གླེང་དུས་གཙོ་བོ་ས་རྒྱུས་དང་ཚོང་ལས། བཟོ་ལས། དམག་དོན་བཅས་ཀྱི་སྒོ་ནས་གླེང་ཡོད་པས། ངས་ས་ཁམས་ཀྱི་ཁྱད་ཆོས་དང་དེའི་དམིགས་བསལ་གྱི་བྱེད་ནུས་སོགས་ལ་གོ་རྟོགས་གསར་པ་རྙེད། དེས་བོན་དཔེ་བསྒྲགས་བྱང་ལས། ཤར་རྒྱ་ནག་དང་དབུས་གངས་ཀྱི་ར་བའི་བར་ན། ལ་ཤན་གྱི་གངས་རྒྱུད་དཀར་པོ་དར་དཀར་གྱི་ཡོལ་བ་དྲིལ་བ་འདྲ་བས་བཅད། བྱང་གེ་སར་དང་དབུས་གངས་ཀྱི་ར་བའི་བར་ན། བྱེ་མ་སྒོང་རིང་ཉའི་སྒལ་པ་འདྲ་བས་བཅད། ནུབ་སྟག་གཟིག་དང་དབུས་གངས་ཀྱི་ར་བའི་བར་ན། བ་དག་ཤན་དུང་གི་སྒོ་མོ་འདྲ་བས་བཅད། ལྷོ་རྒྱ་གར་དང་དབུས་གངས་ཀྱི་ར་བའི་བར་ན། ཏ་ལ་ཝ་ཚེའི་ལ་རྒྱུད་ལ་དུག་སྦྲུལ་དཀྱུས་པ་འདྲ་བས་བཅད། ཅེས་བོད་ཡུལ་གྱི་ཕྱོགས་མཚམས་སུ་རི་རྒྱུད་མང་པོས་མི་རིགས་གཞན་དང་བར་མཚམས་བཅད་ཡོད་པར་གསུངས་པ་དེ་དྲན་བྱུང་། རི་རྒྱུད་དེ་དག་གིས་ཕྱི་རོལ་གྱི་གནོད་འཚེ་འགོག་པར་ནུས་པ་ཐོན་པ་ཕུད། དེ་དང་མཉམ་དུ་གཞན་གྱི་ཆབ་དཔལ་རིག་གནས་གསུམ་གྱི་ཟིལ་ཤུགས་འགོག་པར་ཡང་བྱེད་ནུས་བླ་ལྷག་ལྡན་པ་ཡིན་ནམ་སྙམ་པ་བྱུང་།
དཔེ་ཆ་འདིས་དུས་རབས་བར་མའི་སྨད་ནས་སྔར་རྗེས་ལུས་སུ་ཡོད་པའི་ནུབ་གླིང་ཇི་ལྟར་དེང་རབས་ཅན་དུ་ཕྱོགས་པ་དང་། སྲོལ་རྒྱུན་ཤེས་རིག་གི་རྫོངས་མཐུག་པའི་རྒྱལ་ཁབ་ཁ་ཤས་སྔར་བཞིན་འཕེལ་མེད་སོ་ན་གནས་པའམ། ཡང་ཡང་རྒུད་པའི་གཡང་དུ་ལྷུང་བའི་རྒྱུ་རྐྱེན་གླེང་ཡོད།
དཔེ་ཆ་འདི་ནས་ང་ཚོས་ད་ལྟ་བྱ་གཞག་གང་ལ་གཞོལ་དགོས་པ་དང་། རྒྱུད་འཛིན་ག་རེ་དགོས་པ། དེས་མ་འོངས་པར་ཕན་ནུས་གང་ཞིག་བསྐྱེད་ནུས་པ་སོགས་ཤེས་སུ་འཇུག་ཐུབ་སྙམ།
དཔེ་ཆ་འདི་ལས་ང་ཚོས་རྒྱལ་ཁབ་དང་མི་རིགས་ཤིག་གི་དར་རྒུད་དང་འཕོ་འགྱུར་ནི་གཙོ་བོ་དེའི་རིག་གནས་མ་ལག་ལ་རག་ལས་པ་ཤེས་ཐུབ་ལ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོ་རིག་གནས་ཀྱི་སྒྲོམ་གཞི་གང་འདྲ་ཞིག་ཏུ་གནས་ཡོད་པའང་རྟོགས་ཐུབ།
དཔེ་ཆ་འདི་ལས་འཛམ་གླིང་ཤར་ནུབ་ཀྱི་ཆོས་ལུགས་སོ་སོའི་ལོ་རྒྱུས་དང་དེ་དག་གི་ཁྱད་ཆོས། དེས་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཐོན་པའི་ནུས་ཤུགས་སོགས་དབྱེ་ཞིབ་མཛད་ཡོད་པ་རེད། འདིས་འུ་ཅག་གི་ཆོས་དང་རིག་གཞུང་ལ་དྲང་ལྡོག་གཉིས་ཐད་ནས་ཕྱིར་རྟོག་བྱེད་དགོས་པར་སྐུལ་ངེས།
དཔེ་ཆ་འདི་རུ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་ཁག་གི་གནའ་དེང་ཤེས་རིག་ལ་ཚད་ཐིག་གཅིག་གི་ལམ་ནས་དཔྱད་བརྗོད་སྤེལ་ཡོད་པས། ང་ཚོའི་ནམ་རྒྱུན་གྱི་བསམ་བློ་གུ་དོགས་པ་མང་པོའི་ཐ་རམ་བཀྲོལ་ཏེ། མཐོང་རྒྱ་གསར་པ་ཞིག་ཀྱང་བསྐྱེད་ཐུབ་སྙམ།
དཔེ་ཆ་འདི་ནི་རྒྱལ་ཁབ་དང་མི་རིགས། ས་གནས། ཡུལ་སྡེ། སྐྱེ་དངོས། སྲོག་ཆགས། རྫས་འགྱུར་བཅས་ཀྱི་མིང་མཛོད་ཅིག་དང་འདྲ། མིང་བརྡ་དེ་དག་ཀྱང་གཤམ་མཆན་དུ་སྐད་རིགས་སྣ་གསུམ་དང་བཅས་པ་བཀོད་ཡོད། འདིས་དུས་ཕྱིས་ཀྱི་ཡིག་སྒྱུར་ལ་སྟབས་བདེ་དང་རོགས་ནུས། དཔྱད་གཞི་མཁོ་འདོན་བགྱིས་ཡོད་པ་བསྙོན་དུ་མེད་ལ། སྔར་གྱི་འགྱུར་ཁ་ཤས་ལ་ལེགས་བཅོས་བྱས་པའང་སྣང་ངོ་། །
དཔེ་ཆ་འདི་ནི་ལོ་རྒྱུས་ཀྱི་ཤེས་བྱའི་བང་མཛོད་ཅིག་ཀྱང་ཡིན་ཏེ། འདིར་གནའ་ནས་ད་བར་བྱུང་བའི་འཛམ་གླིང་ཤར་ནུབ་ཀྱི་དམིགས་བསལ་དོན་ཆེན་ཁག་བཀོད་ཡོད། དཔེར་ན། ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་དང་ཆོས་ལུགས་གསར་བརྗེ། བཟོ་ལས་གསར་བརྗེ། ས་ཁམས་གསར་རྙེད། མཚོ་འགྲུལ་དང་འདབ་བསྐྱེད། ཧོ་ལན་དང་། ཧྥ་རན་སི། དབྱིན་ཇི་བཅས་ཀྱི་དུས་རིམ་སོགས་བཀོད་ཡོད།
དཔེ་ཆ་འདིར་མི་རིགས་དང་ས་ཁུལ་གཅིག་རྐྱང་གི་རྣམ་པ་ནས་ཡོ་རོབ་ཤར་ནུབ་དང་ཡོབ་ཡ་སྐམ་ས་ཆེན་མོ་གཅིག་ཏུ་སྤྲེལ་བ། གོ་ལ་ཧྲིལ་པོ་ཆིག་སྒྲིལ་གྱི་ཆར་ཕྱོགས་པའི་བརྒྱུད་རིམ་དང་། དེའི་ནང་དམག་ལས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ཀྱི་ཤན་དང་རྩུབ་བརྡར་སོགས་གླེང་ཡོད།
དཔེ་ཆ་འདིར་གོ་ལ་ཧྲིལ་པོ་དེང་རབས་ཅན་དུ་ཕྱོགས་པའི་ནུས་ཤུགས་གཙོ་བོ་སྟེ། གསར་བརྗེ་ཆེན་པོ་གསུམ་གྱི་ངོ་བོ་དང་འཕེལ་རྒྱས་གླེང་ཡོད་ལ། དེས་འཛམ་གླིང་ཤར་ནུབ་ཀུན་ལ་ཁ་ལོ་ཇི་ལྟར་བསྒྱུར་བ་གླེང་ཡོད།
དཔེ་ཆ་འདིར་རིགས་རྒྱུད་ཁྱད་གསོད་དང་ཡུལ་ཚན་འགལ་འཐབ། བྲལ་ཁོལ་ལམ་ལུགས་སོགས་ཀྱི་མུན་བསྐལ་རིང་མོ་ཞིག་བརྒྱུད་རྗེས་དམངས་གཙོ་དང་འདྲ་མཉམ་གྱི་ཉི་གཞོན་གསར་པ་ཞིག་ཤར་བའི་བརྒྱུད་རིམ་བསྟན་ཡོད།
དཔེ་ཆ་འདི་ནི་ལོ་ཙཱའི་གཡའ་དྲི་མེད་པར་བོད་ཡིག་གི་མ་རྩོམ་ཞིག་ཀློག་པ་དང་འདྲ། དེས་ཀློག་མཁན་དང་དཔེ་ཆའི་བར་ཐག་བཏུང་ཡོད་པ་མ་ཟད། ཀློག་སྤྲོ་ཞིང་དཀའ་སྣང་གི་ཚོར་བ་མེད་པར་བྱས་འདུག ལྷག་ཏུ་སྲོལ་རྒྱུན་ཐ་སྙད་མང་པོ་བཀོལ་ཡོད་པས་བོད་ཀྱི་གནའ་རྩོམ་ཞིག་ཀློག་པ་ལྟ་བུའི་བྲོ་བ་སྐྱེད་པར་བྱེད་ཀྱིན་འདུག་ལ། ཐ་སྙད་རྙིང་པ་དག་ལ་སླར་ཡང་གསོན་ཤུགས་གསར་པ་ཞིག་རྒྱས་པར་བྱས་འདུག ཐ་སྙད་ཁ་ཤས་བརྡ་རྙིང་པ་ཆགས་པས་ཕྲན་ལྟ་བུ་སྲོལ་རྒྱུན་ཐ་སྙད་ལ་གོམས་འདྲིས་ཆུང་བ་དག་གིས་གོ་དཀའ་བར་འདུག དེ་ནི་དཔེ་དེབ་ཀྱི་སྐྱོན་མ་ཡིན་པར་ཀློག་མཁན་གྱི་ཤེས་ཚད་དམན་པའམ། བོད་རང་གི་བརྡ་དང་ཐ་སྙད་མང་པོར་ད་དུང་རྒྱུས་མངའ་ཡག་པོ་མེད་པས་ལན་འདུག བརྡ་གསར་འགྱུར་ཁ་ཤས་དང་། ཐ་སྙད་ཁ་ཤས་ནི་ནམ་རྒྱུན་གྱི་འབྲི་སྲོལ་དང་ཅུང་མི་འདྲ་བ་བྱས་པའང་འདུག དེ་དག་ལའང་དགོས་གལ་ཆེན་པོ་ཡོད་པ་ལོས་ཡིན།
དཔེ་ཆ་འདི་ད་ལྟའི་འཛམ་གླིང་གི་གནས་ཚུལ་ལྟ་བའི་མེ་ལོང་ལྟ་བུར་གྱུར་འདུག གལ་སྲིད་ད་ལྟའི་ཨུ་ཡུག་དང་དབུས་ཤར་གྱི་དམག་འཁྲུག་དག་མུ་འབྲེལ་ཟློས་གར་ཞིག་གི་ཕྱི་དུམ་ཡིན་ན། དེའི་སྔ་དུམ་གྱི་གནས་ཚུལ་དག་དཔེ་ཆ་འདིར་གསལ་པོར་བཀོད་འདུག དེར་བརྟེན། དཔེ་ཆ་འདི་ལྟ་ཀློག་གནང་ན་ད་གཟོད་ང་ཚོས་ད་ལྟའི་ཛ་དྲག་གི་གནས་ཚུལ་འདི་དག་གི་ངོ་བོ་གསལ་པོར་མཐོང་ཐུབ་སྙམ། འདས་ཟིན་པའི་དུས་སྐབས་སུ་ཡོ་རོབ་ཏུ་བྱུང་བའི་གནས་ཚུལ་ཁ་ཤས་ད་ལྟའི་ང་ཚོར་འཕྲད་པའི་གནས་ཚུལ་དང་ཧ་ཅང་འདྲ། དཔེར་ན། འཛམ་གླིང་དམག་ཆེན་དང་པོ་སོགས་སུ་མི་རྣམས་ཀྱིས་དམག་འཁྲུག་གི་མཇུག་འབྲས་དང་དེའི་ཚབ་ཆེན་རང་བཞིན། དེས་རང་ཉིད་ལ་ཤན་གང་འདྲ་ཐེབས་སྲིད་པར་བསམ་བློ་མ་བཏང་པར་དམག་འཁྲུག་ལ་དགའ་འབོད་དང་འུར་སློང་བྱས་པ་རེད། ཡིན་ནའང་དེའི་མཇུག་འབྲས་ནི་ཡ་ང་བ་ཞིག་རེད། དེར་བརྟེན་དེབ་འདི་བཀླགས་པ་ལ་བརྟེན་ནས་དམག་འཁྲུག་གི་རྒྱལ་ཕམ་གནད་དོན་དང་དམག་ཆེན་ཁག་ལ་ཞིབ་ཏུ་རྒྱུས་ལོན་ཐུབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འདི་ལས་མ་འོངས་པའི་འཇིག་རྟེན་མཐོང་ཐུབ་པའམ་ཡང་ན་ཚོད་དཔག་གང་འཚམ་ཐུབ་པ་ལྟ་བུར་གྱུར་ཡོད།
དཔེ་ཆ་འདི་ལོ་རྒྱུས་རྐྱང་པ་གླེང་བའི་དེབ་ཅིག་མ་ཡིན་པར་ལོ་རྒྱུས་ཀྱི་དུམ་ཚན་རེ་རེ་ལ་དཔྱད་ཞིབ་གནང་སྟེ། དེས་དེ་རིང་ལ་གནང་བའི་གསལ་འདེབས་ཀྱང་བཀོད་ཡོད་པས། འདི་ནི་འདས་ཟིན་པའི་བྱུང་བ་གང་ཞིག་ལ་ལྟད་མོ་བལྟས་པ་ཙམ་མ་ཡིན་པར། ད་ལྟ་དང་མ་འོངས་པའི་སྤྱི་ཚོགས་དང་ཁོར་ཡུག་ལ་རྒྱུས་ལོན་ཡང་དག་འབྱུང་བར་ཕན་ནུས་གལ་ཆེན་ཐོན་སྲིད།
དཔེ་ཆ་འདིར་གོ་ལ་ཧྲིལ་པོ་ཆིག་སྒྲིལ་གྱི་ཆར་ཕྱོགས་པའི་སྐོར་གླེང་ཡོད་ལ། དེའང་དཔལ་འབྱོར་དང་ཆབ་སྲིད། ལེགས་བྱང་བཅས་ཀྱི་འབྲེལ་བ་དང་ཤེད་མོང་སོགས་ཀྱི་སྐོར་ནས་གསེད་བཀྲོལ་བགྱིས་ཡོད།
དཔེ་ཆ་འདིར་རིང་ལུགས་གསུམ་སྟེ། རང་དབང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། མི་རིགས་རིང་ལུགས་བཅས་ཀྱི་རྣམ་གཞག་དང་བྱུང་འཕེལ། དེ་དག་གི་ཤུགས་རྐྱེན་དང་བྱེད་ནུས་སོགས་ལ་གསལ་འགྲེལ་བགྱིས་ཡོད། དེང་གི་གཞོན་ནུ་ཞིག་ཡིན་ན་འདི་དག་ལ་རྒྱུས་ལོན་ཡང་དག་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་གྱུར་ཡོད་སྙམ།
དཔེ་ཆ་འདིར་སྐྱེས་མའི་ལས་དབང་དང་ཐོབ་ཐང་གི་བྱུང་རིམ་གསལ་པོར་བཀོད་ཡོད་པས། འདི་ལས་འུ་ཅག་གིས་དེང་གི་སྐྱེས་མའི་ཐོབ་ཐང་དག་ཇི་ལྟར་དཔའ་མཛངས་ལྡན་པའི་སྐྱེས་མ་དག་གིས་བརྩོན་ལེན་བྱས་ནས་ཐོབ་པ་ཤེས་ཐུབ་ལ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་དག་ཇི་ལྟར་དེང་རབས་དང་དམངས་གཙོ། འདྲ་མཉམ་བཅས་ཀྱི་ལམ་བུར་བསྐྱོད་པ་མཐོང་ཐུབ།
དཔེ་ཆ་འདིར་ཨ་རི་དང་ཨུ་རུ་སུ་སོགས་བཙན་རྒྱལ་དག་ཇི་ལྟར་དབུ་བརྙེས་པ་དང་། དེ་དག་གི་དར་རྒུད་དང་འཕོ་འགྱུར། རྒྱ་གར་བ་མུན་ནག་ནས་འོད་སྣང་གི་འཇིག་རྟེན་ལ་ཕྱོགས་པའི་བརྒྱུད་རིམ། ཉི་ཧོང་གི་འདབ་བསྐྱེད། ཀྲུང་གོའི་སྒོ་འབྱེད་སོགས་འཛམ་གླིང་གི་ལོ་རྒྱུས་གལ་གནད་ཆེ་བ་དག་བཀོད་འདུག འདི་དག་ནི་ད་གཟོད་ཀློག་དགོས་ངེས་པའི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་སུ་ཡིས་བསྙོན།
དཔེ་ཆ་འདིར་གླིང་བདུན་གྱི་འགྲོ་བ་དག་སྒེར་ཚུགས་དང་དམངས་གཙོའི་ལམ་དུ་བསྐྱོད་པའི་གནས་ཚུལ། བཙན་རྒྱལ་དག་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་ལས་ཕྱིར་བཟློག་པའི་གནས་ཚུལ་སོགས་བཀོད་ཡོད། མདོར་ན། ཡ་ཐོག་ནས་དེང་གི་བར་དུ་བྱུང་བའི་ལོ་རྒྱུས་དོན་ཆེན་ཁག་དང་རྒྱལ་ཁབ་དང་མི་རིགས། ཆོས་ལུགས། ཤེས་རིག་གི་འཕོ་འགྱུར་་སོགས་གསལ་བར་བཀོད་ཡོད་པ་དེ་རེད། དེ་བས་ངོ་མ་དེབ་འདི་ནི་ལོ་རྒྱུས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན། འདི་བཀླགས་ན་ད་གཟོད་འུ་ཅག་གིས་རང་ཉིད་དང་འཇིག་རྟེན་ཁམས། གོ་ལ་ཧྲིལ་པོར་རྒྱུས་ལོན་ཕྲན་ཙམ་འབྱུང་སྲིད་དོ། །
སྤྱི་ལོ༢༠༢༥ལོའི་ཟླ༨ཚེས༡༠ཉིན་མཇུག་གྲུབ་པར་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།