སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-06 12:08:00
ཀློག་གྲངས།:
བཞི་བ།
སྙན་ངག་གི་འགྱུར་བ་ནི་དོན་དངོས་ལས་སྐྱེ་བ་ཡིན་མོད། དོན་དངོས་ཡོད་ཙམ་གྱིས་སྙན་ངག་གི་འགྱུར་བ་ཐོན་པའི་ངེས་པ་མེད། མིའི་འགྱུར་བ་ཡོད་པ་ཙམ་གྱིས་སྙན་ངག་གི་འགྱུར་བ་ཐོན་པའི་ངེས་པ་དེ་བས་ཀྱང་མེད། ཡིད་ཀྱི་འགྱུར་བ་ནི་བློ་ཁ་ཕྱི་ནང་སྒྱུར་པའི་ནུས་པ་ཞིག་ལས་ནད་མེད་ཀྱི་འཁུན་སྒྲ་དང་། རྐྱེན་མེད་པའི་ན་ཟུག་དེ་བས་ཀྱང་མིན། མིན་པའི་རྐྱེན་གྱིས་སྙན་ངག་བྱུང་ལ་སྙན་ངག་ནི་འགྱུར་བའི་རྨི་ལམ་ཡིན་ལ་འགྱུར་བ་ནི་སྙན་ངག་གི་སྒྱུ་རྩལ་འབྱུང་བའི་རྨི་ལམ་ཡིན། སྙན་ངག་པ་ཞིག་ཡིན་ན་འགྱུར་བ་དྲག་པོ་ཞིག་དགོས་ལ་དུང་བ་ཤུགས་དྲག་ཅིག ད་དུང་འཕྲུལ་སྣང་ཡ་མཚན་ཞིག་དགོས། དེ་ནི་སྙན་ངག་འགྲུབ་པའི་རྒྱུ་རྐྱེན་ཡིན་ལ་དེ་ལྟ་བུའི་སྙན་ངག་གི་འགྱུར་བ་ཡོད་ན་འགྱུར་བ་དེ་ཀློག་པ་བོའི་སེམས་ལ་རོ་གཅིག་ཏུ་འགྱུར་བ་ཡིན་ལ། འདི་ནི་རིང་ལུཊ་ཀྱི་ཁྱད་པར་མ་ཕྱེས་པར་སྙན་ངག་སྤྱི་ལ་ཡོད་པའི་ཆ་རྐྱེན་ཞིག་ལས་དེ་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་མིན་པ་དང་སྲོལ་རྒྱུན་སྙན་ངག་དང་འགལ་དགོས་པ་ཞིག་གཏན་ནས་མིན། འདི་ལྟ་བུའི་ཁྱད་ཆོས་ནི་གནའ་བོའི་སྙན་ངག་གང་མང་ལ་ལྡན་པས་ན་སྙན་ངག་གསར་བའི་ཁྱད་ཆོས་གཏན་ནས་མ་ཡིན་ནོ། །རྒྱའི་གཞུང་ལུགས་སུ་བཤད་པ
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།