རྒྱལ་ཡོངས་བོད་ཟས་གདན་ཞུའི་འགྲན་སྡུར་གཙོས་གྲོང་ནས་སྤེལ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-09-22 16:14:50 ཀློག་གྲངས།:
རྒྱལ་ཡོངས་བོད་ཟས་གདན་ཞུའི་འགྲན་སྡུར་གཙོས་གྲོང་ནས་སྤེལ་རྒྱུ་རེད།
༡ དུས་ཚོད།
       ཀན་ལྷོ་ཁུལ་གྱི་ཤམ་བྷ་ལ་བོད་ཀྱི་ཟས་མཆོག་རིག་གནས་བྱེད་སྒོ་དང2025ལོའི་ལྷད་མེད་བོད་ཟས་རྒྱལ་ཡོངས་ཀྱི་གདན་ཞུའི་འགྲན་སྡུར་ཟླ9པའི་ཚེས26ནས27ཉིན་བར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད།
       གཙོ་སྒྲུབ་ལས་ཁུངས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས། ཀན་ལྷོ་ཁུལ་ཚོང་དོན་ཅུའུ།
       འགན་སྒྲུབ་ལས་ཁུངས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་ཟབ་སྦྱོང་བརྗེ་རེས་ལྟེ་གནས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་མི་རིགས་ཀྱི་ཟས་རིགས་ཡུལ་སྐོར་ཆེད་ལས་ཨུ་ལྷན། ཀན་ལྷོ་ཁུལ་བོད་ཟས་གཡོས་སྦྱོར་མཐུན་ཚོགས།
       རོགས་སྒྲུབ་ལས་ཁུངས། བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་ཞིང་ཆེན་གྱི་ཁུལ་སོ་སོའི་ཟས་མཆོག་གཡོས་སྦྱོར་ལས་རིགས་མཐུན་ཚོགས།
༢ འགྲན་སྡུར་རྣམ་པ།
       ཚོགས་པ་རྣམ་པའི་འགྲན་སྡུར།
༣ ཚོགས་པའི་གྲུབ་སྟངས།
       
བཟའ་བཏུང་ཁེ་ལས་ཀྱི་ཇ་མ་གསུམ་ལས་གྲུབ།
༤ འགྲན་སྡུར་ནང་དོན།
       འགྲན་ཞུགས་ཚོགས་པས་སྐར་མ90ཡི་ནང་ལ་ཟ་མ་སྣ་ཁ10ཡན་ལས་དགོས།
༥ འགྲན་སྡུར་གྱི་ཆ་རྐྱེན།
       ཉེ་བའི་ལོ1གི་ནང་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་བྱུང་མ་མྱོང་བ་དང་ཚོང་གཉེར་བྱས་ནས་ལོ3ཡན་ལོན་པའི་བོད་ཟས་ཀྱི་བཟའ་བཏུང་ཁེ་ལས་དང་འབྲེལ་ཡོད་ལས་རིགས་སློབ་གྲྭ་འགྲན་སྡུར་དུ་ཞུགས་ཆོག
༦ འབྲེལ་གཏུག་བྱ་ཡུལ།
       ཝང་ཆིན། 13669309322༼སྐད་འཕྲིན།༽13689355008
       ཀྲང་ཝུན་ཆིན། 18513615013
       གློག་རྡུལ་ཡིག་ཟམ། 2510267154@qq.com
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།