ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «དགའ་བ་དགྲ་འདུལ་བྱིས་པའི་རིས་སྒྲུང་དཔེ་ཚོགས»དཔེ་འགྲེམ་གསལ་བརྡ།
«དགའ་བ་དགྲ་འདུལ་བྱིས་པའི་རིས་སྒྲུང་དཔེ་ཚོགས»དཔེ་འགྲེམ་གསལ་བརྡ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2025-12-03 08:19:17
ཀློག་གྲངས།:
ད་ལམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས། ༢༠༢༥ལོའི«དགའ་བ་དགྲ་འདུལ་བྱིས་པའི་རིས་སྒྲུང་དཔེ་ཚོགས»དངོས་སུ་དཔེ་སྐྲུན་གྲུབ་ནས་དཔེ་ཁང་ཁག་ཏུ་བཀྲམ་ཟིན། ད་ལོའི་དེབ་ཚོགས་སུ། «འགྲུལ་པ། འགྲུལ་པ། ཐག་རིང་གི་འགྲུལ་པ།» «མི་ཆེན་སྤུན་གཉིས།» «ཨོ་ལོའི་ཕྱིས་རས་ཁྲ་ཁྲ།» «དུང་དཀར་བུ་ཁྲིད་ཀྱི་ཁང་པ།» «ཕྱག་མ་ཆུང་ཆུང»བཅས་གསར་རྩོམ་རིས་དེབ་དེབ་ལྔ་ཡོད་ཅིང་། དེ་མིན། སྐད་གཉིས་རིས་སྒྲུང་། «སྤྲིན་དཀར་འཐུ་མཁན་གྱི་བུ་ཆུང»ཞེས་པ་གཅིག་ཀྱང་ཡོད།

སྤྱིར་ད་ལྟ་བར་དགའ་བ་དགྲ་འདུལ་གྱིས་བརྩམས་པའི་རིས་སྒྲུང་དེབ་ཉི་ཤུ་ལྷག་ཟིན་ཡོད་ཅིང་། རྒྱ་ཆེའི་ཀློག་པ་པོ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་གདེང་འཇོག་དང་དགའ་བསུ་ཐོབ་མུས་ཡིན། ཁོང་གི་རིས་དེབ་དེ་དག་གི་བརྗོད་བྱ་དང་། རྗོད་བྱེད། རི་མོའི་རྣམ་པ་ཕུན་སུམ་ཚོགས་པ་མ་ཟད། སྲོལ་རྒྱུན་གྱི་བྲོ་བས་ཕྱུག་པས། བྱིས་པའི་འཚར་ལོངས་ལ་སྨན་པ། ཞིམ་མངར་སྐྱེས་མའི་ནུ་ཞོ་ལྟ་བུ་ཞིག་རེད་ཟེར་ན་ལོས་འགྲིག་སྙམ།
ལོ་ལྟར་ཁོང་གི་རིས་དེབ་དག་གསར་དུ་མིག་ལམ་དུ་འཆར་དུས་འདྲེན་བྱེད་ཀྱི་དྭངས་བ་དབང་མེད་དུ་འཕྲོག་ཅིང་། རྩོམ་པ་པོས་བསམ་བློའི་འཆར་སྒོ་ཇི་ལྟར་ཞིག་གིས་རིས་དེབ་འདི་སྒྲུབ་པ་ཡིན་ནམ་སྙམ་པའི་དྲི་བ་མང་དག་བློ་ངོར་འཆར་སྲིད་ཅིང་། རིས་དེབ་རེ་རེའི་ནང་དུ། རྩོམ་པ་པོའི་བྱིས་གཤིས་ཀྱི་ངོ་མཚར་མང་དུ་ལྡན་ལ། མངོན་ལྐོག་གང་རུང་ནས་བྱིས་པའི་ཁམས་དང་མོས་པར་མཐུན་པའི་སྒོ་ནས། དཔེ་ཀློག་ལ་སྤྲོ་སྣང་འདྲེན་པའི་ལྕགས་ཀྱུ་དང་། འཚར་ལོངས་ཀྱི་ཞིང་སར་སྤྲོ་སྣང་དང་རང་རྐྱ་འཕེར་བའི་བསམ་བློའི་ནུས་པ་གསོ་བའི་མི་གཤིས་ཀྱི་ས་བོན་གང་སར་སྦས་ཡོད། སྤྱིར་བྱིས་པའི་སློབ་གསོ་ནི། ཁོ་ཚོའི་ཆུང་དུས་ཀྱི་འཚོ་བར་སྤྲོ་སྣང་དང་། གོམས་གཤིས། སེམས་བཟང་། བརྩེ་བ་བཅས་མཉམ་དུ་འདུས་པའི་ས་བོན་ཞིག་འདེབས་རྒྱུ་དེ་ཡིན་ཞིང་། ས་བོན་དེ་མྱུ་གུ་མ་འབུས་པར་དངངས་འཚབ་ཀྱིས། ལྗང་པ་འཐེན་ནས་སྐྱེ་འཚར་ཡོང་རེ་ཅིས་ནས་ཀྱང་བྱེད་མི་རུང་བ་ཞིག་རེད།
ད་ཐེངས་ཀྱི་རིས་དེབ་ལྔ་པོར་མཚོན་ན། ནང་དོན་དང་རི་མོའང་། རྩོམ་པ་པོས་དུས་ཡུན་རིང་པོར་བྱིས་པ་དང་ལྷན་དུ་གཤིབས་ཏེ། ཁོ་ཚོར་རིས་སྒྲུང་ཤོད་པ་དང་། རི་མོ་འབྲི་བ་སོགས་ཀྱི་ཉམས་མྱོང་མང་དག་ཅིག་ཕྱོགས་བསྡོམས་བྱས་པ་བརྒྱུད་སྒྲུང་དེ་དག་གསོན་ཉམས་ལྡན་ཞིང་། རྗོད་བྱེད་ཀྱི་ཐབས་དང་། ཡིག་འབྲུ་ཉུང་བ་སོགས་བྱིས་པ་དང་ཐག་ཤིན་ཏུ་ཉེ།

ད་ཐེངས་རིས་དེབ་ལྔ་པོའི་ཡིག་གཟུགས་ཀྱང་དབུ་ཅན་དུ་བྱས་ཡོད་པས་བོད་ལྗོངས་ཙམ་མ་ཡིན་པར། མཚོ་སྔོན་དང་། ཟི་ཁྲོན་བོད་རིགས་ཁུལ་ཚང་མས་ལྟ་ཐུབ། དེབ་གཞི་ཇུས་འགོད་ཐད་ལའང་། དེབ་ཚད་དང་སྦྱར་སྟངས། རྒྱབ་ཤོག་སོགས་སྤུས་ལེགས་བྱས་ཡོད་པ་མ་ཟད་རིན་གོང་ཡང་ཤིན་ཏུ་འཚམས།

«འགྲུལ་པ། འགྲུལ་པ། ཐག་རིང་གི་འགྲུལ་པ།»
རིས་དེབ་འདིའི་རི་མོའི་རྣམ་པ་ངོ་མཚར་ཞིང་། ཡི་གེ་དག་ནི། སྔ་མོའི་བྱིས་པའི་གཞས་ཚིག་ལྟ་བུ་ཁ་ནས་ཀློག་བདེ་ཞིང་། ཡིད་ལ་འཇགས་བདེ་བའི་ཁྱད་ཆོས་སུ་བྱས་ཡོད། སྒྲུང་ནང་ཐག་རིང་གི་འགྲུལ་པ་དེས་དཀའ་ངལ་དུ་མ་ཁྱད་དུ་བསལ་ནས་ལྷ་སར་འབྱོར་བའི་སྐོར་ཡིན་ཏེ། སྔར་བོད་ལྗོངས་ཀྱི་ཁུལ་མང་ཆེ་བར་བྱིས་པར་ལྷ་སར་འགྲོ་ཞེས་བྱིས་པའི་མཁྲིག་མར་རྟ་བཞོན་ཚུལ་བྱས་ཏེ་བསྣུར་བའི་རྩེད་མོ་དེ་ལས་སྒྲུང་འདིའི་བློ་སྒོ་རྙེད་ཟེར།

«མི་ཆེན་སྤུན་གཉིས།»
སྒྲུང་འདི་ནི་ལག་པ་རིང་བ་དང་རྐང་པ་རིང་བའི་མི་ཆེན་སྤུན་གཉིས་པོས་རི་རྩེར་ཕྱེ་མར་ཤིན་ཏུ་ཆེན་པོ་ཞིག་བཟོས་ནས་གྲོང་མི་རྒན་གཞོན་ཚང་མ་ལོ་གསར་ཚེས་གཅིག་ལ་མགྲོན་པོར་བོས་པའི་སྒྲུང་ཡིན། ངོ་མཚར་ཆེ་ཤོས་ནི། བྱིས་པ་ཚོ་དབང་མེད་དུ་མི་ཆེན་གཉིས་ག་རེ་བྱེད་ཀྱི་ཡོད་མེད་ལ་ལྟ་བར་ཐལ་ཏེ་སྒྲུང་ཧྲིལ་པོ་མཇུག་སྒྲིལ་བ་དང་། ཁོ་ཚོས་རི་བོའི་གཏོས་དང་མཉམ་པའི་ཕྱེ་མར་མཐོང་དུས་ཧ་ལས་ཧང་སངས་འགྲོ།

«ཨོ་ལོའི་ཕྱིས་རས་ཁྲ་ཁྲ།»
སྒྲུང་འདི་ནི་ཕྱིས་རས་ཁྲ་ཁྲས་ནང་ཆས་རྣམས་ཕྱིས་ནས་གཙང་མར་བཟོ་དུས། རང་ཉིད་བཙོག་རུ་བཙོག་རུ་འགྲོ་བ་མ་ཤེས་པའི་སྒྲུང་ཞིག་ཡིན་ཞིང་། ང་ཚོ་ཚང་མས་བསམ་གཞིགས་བྱ་དགོས་པའི་གནད་བསྟན་ཡོད། རྩོམ་པ་པོས་ཟེར་ན། ཐེངས་གཅིག་ཐབ་ཕྱིས་ཁྱེར་ནས་ཅོག་ཙེ་འབྱིད་དུས་སྒྲུང་འདིའི་བློ་སྒོ་རྙེད་བྱུང་ཟེར།

«ཕྱགས་མ་ཆུང་ཆུང་།»
ལོ་གསར་གྱི་དུ་ཕྱགས་རྒྱག་དུས། ཕྱགས་མ་ཆུང་ཆུང་གིས་ཅ་དངོས་ཚང་མར་བརྙས་བཅོས་བྱས་ཏེ། གད་སྙིགས་སུ་བརྩིས་ནས་སྙིགས་གཞོང་ནང་ཕྱགས་པ་དང་། མཐར་ཁོ་རང་ཁ་ཟད་དུས་ཁོ་རང་ཉིད་ཀྱང་སྙིགས་གཞོང་ནང་འཕངས་པའི་སྐོར་ཡིན། སྒྲུང་འདི་རི་མོའི་རྣམ་པ་གསོན་ཉམས་ལྡན་ཞིང་། ཡིག་འབྲུ་ཉུང་བ་དང་། བྱུང་རིམ་ཀྱག་ཀྱོག་དང་ལྡན་པས། བལྟ་དུས་དགོད་བྲོ་ཞིང་། བྱིས་པར་བསམ་གཞིགས་ཀྱི་གནད་མང་པོ་བསྟན་ཡོད།

«དུང་དཀར་བུ་ཁྲིད་ཀྱི་ཁང་པ།»
དུང་དཀར་བུ་ཁྲིད་ཀྱིས་རང་ཉིད་ཀྱི་སྐོགས་མར་སྒེའུ་ཁུང་གཏོད་ཅིང་། སྒོ་ར་བཟོས་པ་དང་། ཤམ་བུ་བསྒར་བ་སོགས་རྩོལ་བ་དུ་མ་བགྱིས་མཐར། འབུ་ཆུང་གཞན་རྣམས་ཧང་སངས་པར་འགྱུར་བ་དང་དུས་མཚུངས་ཁོ་པ་རང་ཉིད་ཡང་འགྲོ་བསྐྱོད་ཤིན་ཏུ་མི་བདེ་བར་གྱུར་བའི་སྐོར་གྱི་སྒྲུང་གཅིག་ཡིན།

«སྤྲིན་དཀར་འཐུ་མཁན་གྱི་བུ་ཆུང་།»
སྤྲིན་དཀར་འཐུ་མཁན་གྱི་བུ་ཆུང་གིས། སྤྲིན་དཀར་གྱིས། རི་བོར་ཞྭ་དང་། རྩྭ་ཐང་ལ་ཁ་དཀྲིས། ནགས་ཚལ་ལ་སེང་རས་སོགས་བཟོས་པ་དག་རེ་རེ་བཞིན། རི་རྩེའི་གངས། རྩྭ་ཐང་སྟེང་གི་ཆུ་མོ། ནགས་གསེབ་ཀྱི་སྨུག་སོགས་ལ་བསྟན་ཅིང་། བྱིས་པ་ཚོས་སྒྲུང་དང་ལྷན་དུ་རང་བྱུང་ཁམས་ལ་བག་ཕེབས་ཀྱིས་ཉམས་སུ་མྱོང་ཐུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号