ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།«མཛོད་དགེ་རྫོང་གི་མི་སྡེའི་བྱུང་རབས་དང་འབྲེལ་བའི་ས་མིང་རྣམ་བཤད་མེས་པོའི་ཚེམས་འཕྲེང»འགྲེམ་སྤེལ་བྱས།
༄༅།།«མཛོད་དགེ་རྫོང་གི་མི་སྡེའི་བྱུང་རབས་དང་འབྲེལ་བའི་ས་མིང་རྣམ་བཤད་མེས་པོའི་ཚེམས་འཕྲེང»འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-11-20 08:01:20
ཀློག་གྲངས།:
ཉེ་སྔོན། མཛོད་དགེ་རྫོང་སྲིད་གྲོས་མི་རིགས་ཆོས་ལུགས་རིག་གནས་ལོ་རྒྱུས་སློབ་གསོ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་དེབ་གསར«མཛོད་དགེ་རྫོང་གི་མི་སྡེའི་བྱུང་རབས་དང་འབྲེལ་བའི་ས་མིང་རྣམ་བཤད་མེས་པོའི་ཚེམས་འཕྲེང»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

དེབ་འདི་ཉིད་ནི་ས་བཅད་ཆེ་བ་དྲུག་ཏུ་ཕྱེ་ནས་བྲིས་ཡོད་དེ། ས་བཅད་དང་པོ། ས་ཁམས་ཆགས་རིམ་གྱི་སྔོན་འགྲོའི་སྤྱི་བཤད་དུ། ས་ཁམས་སྤྱིའི་ཆགས་རིམ་ནས་བོད་ཀྱི་ས་བབ་གནས་ཚུལ་ཁ་གསལ་གོ་བདེའི་ལམ་ནས་མདོར་བསྡུས་སུ་བསྟན་ཡོད་པ་དང་། ས་བཅད་གཉིས་པ། མཛོད་དགེ་རྫོང་གི་བྱུང་བ་སྤྱིར་བསྟན་པ་ཞེས་པ་རུ། མཛོད་དགེའི་བྱུང་བ་ངོ་སྤྲོད་བྱས་ནས། ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་དང་མཛོད་དགེའི་སྐོར་རོབ་ཙམ་བཤད་ཅིང་། དགའ་རིགས་ཀྱི་བྱུང་བ་དང་དགའ་ཡེ་ཤེས་དར་རྒྱས་མདོ་སྨད་དུ་མངགས་པའི་སྐོར་དང་། ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་ཀྱི་མིང་སྣ་བསྡུས་ཏེ་མཛོད་དགེ་ཞེས་པའི་མིང་གྲུབ་ཚུལ། མཛོད་དགེ་ཞེས་པའི་མིང་དེ་མི་མིང་ནས་ཁྱིམ་མིང་དང་ཡུལ་མིང་དུ་གྱུར་ཚུལ། མཛོད་དགེ་དཔོན་ཚང་གི་རྒྱུད་པ་ཕྱི་མ་དང་དེ་དག་ཡུལ་གྲུ་གང་དུ་མཆེད་པའི་སྐོར། ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་འདས་རྗེས་མཛོད་དགེ་སྤྱིའི་གཞི་བདག་ཏུ་བཀུར་ཏེ་མཆོད་པའི་སྐོར་སོགས་ཉམས་ཞིབ་བྱས་ནས་བརྗོད་ཡོད། ས་བཅད་གསུམ་པ། མཛོད་དགེ་རྫོང་གི་སྲིད་སྡེ་ཚོ་བའི་བྱུང་བ་བྱེ་བྲག་ཏུ་བསྟན་པ་རུ། མཛོད་དགེ་ཤོག་བཅུ་གཉིས་ལེ་ལག་དང་། རོང་འཕན་ཆུ་ཤོག་བདུན་བཅས་ཀྱི་རུ་སྡེ་ཚོ་བའི་བྱུང་རབས་རྣམས་ཡིག་ཚང་དང་ངག་རྒྱུན་གཞིར་བཟུང་ནས་བྲིས་ཤིང་དཔྱད་ཞིབ་ཅུང་ཟད་རེ་བྱས་ཡོད། ས་བཅད་བཞི་པ། མཛོད་དགེ་རྫོང་གི་ས་མིང་རྒྱས་པར་བསྟན་པ་རུ། ཡུལ་ལུང་སོ་སོའི་ས་མིང་འབོད་སྟངས་གང་ཡོད་དང་མིང་དེའི་ཐོགས་དོན། དེ་འབྲེལ་གྱི་གནས་ཚུལ་ངག་རྒྱུན་དང་བཅས་པ་ཞིབ་ཏུ་བྲིས་ཡོད། ས་བཅད་ལྔ་པ། མཛོད་དགེ་རྫོང་གི་ས་མིང་རྒྱ་ཡིག་བོད་འགྱུར་དུ་བསྟན་པ་རུ། ལོ་རབས་བརྒྱད་ཅུ་པའི་མགོ་ཙམ་ལ་མཛོད་དགེ་རྫོང་གི་ས་མིང་རྩོམ་སྒྲིག་མགོ་ཁྲིད་ཚོ་ཆུང་གིས་བསྡུ་སྒྲིག་བྱས་པའི་རྒྱ་ཡིག་གི་ས་མིང་ཕྱོགས་བསྡུས་ཤིག་ཡོད་པ་བོད་ཡིག་ཏུ་བསྒྱུར་ནས་བཀོད་ཡོད། ས་བཅད་དྲུག་པ། མཛོད་དགེ་རྫོང་གི་དགོན་པ་རི་ཁྲོད་སོགས་ཀྱི་མཚམས་སྦྱོར་མདོར་བསྟན་པ། གསལ་བཤད་དང་ཡིག་ཆ་གལ་ཆེན་ཟུར་དུ་བཀོད་པ་བཅས་གོ་རིམ་ལྟར་ཏུ་བྲིས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号