ངོས་དང་པོ > སྒྱུ་རྩལ། > རྡོ་བརྐོས། > བྲག་དཀར་རྫོང་ཁོངས་ནས་ལོ་ངོ༣༠༠༠སྔོན་གྱི་བྲག་བརྐོས་རི་མོའི་ཚོགས་ཤིག་གསར་རྙེད་བྱུང་།
བྲག་དཀར་རྫོང་ཁོངས་ནས་ལོ་ངོ༣༠༠༠སྔོན་གྱི་བྲག་བརྐོས་རི་མོའི་ཚོགས་ཤིག་གསར་རྙེད་བྱུང་།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-27 09:58:22
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རིག་དངོས་ཡོངས་བཤེར་རུ་ཁག་གིས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་བྱེས་སུ་བརྟག་དཔྱད་བྱེད་སྐབས་བྲག་བརྐོས་རི་མོའི་ཚོགས་ཤིག་གསར་རྙེད་བྱུང་འདུག བྲག་རིས་ཚོགས་དེར་ཤྭ་བའི་ཁྱུ་དང་འབྲོང་གཡག གསའ་སོགས་ཀྱིས་མཚོན་པའི་སྲོག་ཆགས་མང་པོའི་རི་མོ་གསོན་ཉམས་ལྡན་པར་བརྐོས་ཡོད་པ་རེད།

མཆོང་རྒྱུགས་བྱེད་བཞིན་པའི་འབྲོང་གཡག་དང་འཕུར་རྩལ་ངོམ་བཞིན་པའི་བྱ་རིགས། འདྲ་པར་བྲག་དཀར་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས།
བྲག་བརྐོས་རི་མོའི་ཚོགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཧོལ་ཁ་གྲོང་རྡལ་གྱི་ཉིན་ཆུ་སྡེ་བའི་སྐྱ་ལྡང་སྒང་ཞེས་པའི་རི་ངོས་སུ་ཡོད་ལ། སྲོག་ཆགས་ཀྱི་བརྐོས་རིས་དེ་དག་སྨི་གྲུ་བཞི་མ6000ཙམ་ཡོད་པའི་རི་ལྡེབས་བྲག་རྡོའི་ངོས་སུ་ཐར་ཐོར་དུ་གནས་པ་དང་། དེའི་ནང་གི་བརྐོས་རིས་མང་ཆེ་བའི་ནང་དོན་ནི་འབྲོང་གཡག་དང་། རྟ། ལུག ཤྭ་བ། གསའ། སྤྱང་ཀི་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་ཡིན་པ་དང་། བྲག་བརྐོས་དེ་དག་ཕལ་ཆེར་ལི་ཆས་སྤྱོད་པའི་དུས་རབས་ནས་ཐང་སུང་རྒྱལ་རབས་ཀྱི་དུས་སྐབས་སུ་བརྐོས་པ་ཡིན་ཞིང་། ད་ལྟའི་བར་ལོ3000ཙམ་གྱི་ལོ་རྒྱུས་ལྡན་པས། འདིས་བྲག་དཀར་རྫོང་ཁོངས་སུ་སྔ་དུས་ནས་མིའི་རིགས་འཚོ་སྡོད་བྱས་མྱོང་བའི་བདེན་དཔང་ནུས་ལྡན་ཡིན་པར་མ་ཟད། ས་ཁུལ་འདིའི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

སོས་དལ་ངང་རྒྱུ་བའི་ཤྭ་བའི་ཚོགས། འདྲ་པར་བྲག་དཀར་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས།
བྲག་དཀར་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆོས་སྐྱིད་སྒྲོལ་མས་བཤད་པ་ལྟར་ན། བྲག་རིས་དེ་དག་ནི་སྔོན་ཆད་གནས་དེར་འཚོ་སྡོད་བྱས་མྱོང་བའི་མིའི་རིགས་ཀྱིས་བརྐོས་པ་ཡིན་ལ། ཁོ་ཚོས་རྩྭ་ཆུ་འཛོམས་སར་འཚོ་བ་སྐྱེལ་བཞིན་བདེ་ལྕག་འཁྱུག་པའི་ལག་ཟུང་གིས་ལག་ཆ་སྟབས་བདེ་ཙམ་ལ་བརྟེན་ནས་བྲག་རྡོའི་སྟེང་རང་གི་འཚོ་བ་དང་འབྲེལ་བའི་རི་མོ་སྣ་ཚོགས་བརྐོས་པ་དེས་སྐབས་དེའི་ཁོ་ཚོའི་འཚོ་བ་སྐྱེལ་སྟངས་དང་ཐོན་སྐྱེད་ཀྱི་རྣམ་པ་མཚོན་པར་བྱས་ཏེ་མི་རབས་རྗེས་མར་རྩ་ཆེའི་ཤུལ་བཞག་རིག་གནས་ཤིག་སྐྱེས་སུ་གནང་ཡོད་པ་རེད།

བྲག་རྡོའི་ཐོག་བརྐོས་པའི་འབྲོང་གཡག་སྣ་ཚོགས། འདྲ་པར་བྲག་དཀར་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།