ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ།(2023ལོ)
རྩོམ་པ་པོ།:
ཡོང་ཁུངས།:སྦྲང་ཆར།
དུས་ཚོད།:2025-02-27 15:32:51
ཀློག་གྲངས།:
བརྩེ་ལྡན་གྱི་ཀློག་པ་པོ་རྣམ་པ་ལགས། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ། «སྦྲང་ཆར»དུས་དེབ་སྒྲུབ་པའི་ཞོར་དུ། 1980ལོ་ནས2019ལོའི་བར་གྱི་དེང་རབས་རྩོམ་རིག་བརྩམས་ཆོས་ལས་ཆེས་ལེགས་གྲས་ཕྱོགས་བསྒྲིགས་བྱས་ཏེ། པོད40ཡི་བདག་ཉིད་ཅན་གྱི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»པར་སྐྲུན་ལེགས་གྲུབ་བྱུང་། 2020ལོ་ནས་བཟུང་སྟེ། སྔ་མའི་ལས་དོན་བཟང་བོ་དེའི་རྒྱུན་བསྐྱངས་ནས། བོད་འབྲེལ་ས་ཁུལ་གྱི་དུས་དེབ་དང་ཚགས་པར་ཚད་ལྡན་དག་ལས་ལོ་གཅིག་རིང་གི་འཐུས་ཚབ་ལྡན་ངེས་ཀྱི་སྒྲུང་ཐུང་དང་། སྒྲུང་འབྲིང་། སྙན་ངག ལྷུག་རྩོམ་དག་བདམས་ཏེ། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»པར་སྐྲུན་བྱེད་བཞིན་ཡོད།

«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2023ལོའི་སྒྲུང་ཐུང)ལ་མཚོན་ནའང་། བོད་འབྲེལ་ས་ཁུལ་གྱི་དུས་དེབ་དག་ལས། ལོ་དེའི་སྒྲུང་ཐུང་ཆེས་ལེགས་པའི་ལེགས་པ་དག་བདམས་ཡོད་དེ། སྒོ་མེ་གསང་བདག་ལྷུན་གྲུབ་ཀྱི«གློ་བུར་བའི་དོན་རྐྱེན»དང་། རང་སྒྲའི«ཕྱི་ཉིན་གྱི་སྐྱ་རེངས» མེལ་ཚེའི«ཨ་མ» རྣམ་གླིང་རིན་ཆེན་གྱི«གདོང་འབག» སྨྲི་ཏི་མཚན་འབར་གྱི«གནམ་སའི་བར་གྱི་ཁྲ་སྐྱ་གྲོང» ཀུན་བཟང་དོན་གྲུབ་ཀྱི«འོ་ཕྱེ་ཀ་ར» རྟ་མགྲིན་འཚོའི«སྲུང་འཁོར» ཚེ་དབང་རྣམ་རྒྱལ་གྱི«ཁྭ་ཏ»སོགས་སྒྲུང་ཐུང12བསྡུས་ཡོད། སྒྲུང་ཐུང་དེ་དག་ལ་མཚོན་ནའང་བརྗོད་བྱ་དང་མཚོན་ཐབས། ཚིག་སྦྱོར་གང་རུང་གི་ཐད་ནས་ལོ་དེའི་སྒྲུང་ཐུང་རྩེ་གྲ་ཡི་གྲས་སུ་ཚུད་པར་སེམས།

«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2023ལོའི་སྒྲུང་འབྲིང)ཏུ་ཚེ་ལོ་ཐར་གྱི«ཟླ་འོད་འོག་གི་ལོང་བ»དང་། གངས་མུ་ཏིག་གི«ཁྭ་ཏ» བསོད་ནམས་རྡོ་རྗེའི«ཟངས་དཀར་ཐང་གི་ཁྱི་ལྡོམ»བཅས་སྒྲུང་འབྲིང3བདམས་ཡོད། སྒྲུང་འབྲིང་འདི་དག་ནི་ལོ་དེའི་ནང་གི་བོད་ཡིག་སྒྲུང་འབྲིང་གི་འཐུས་ཚབ་བརྩམས་ཆོས་སུ་བགྲང་བར་རུང་། འདིར་བཀོད་པའི་བརྩམས་ཆོས་གང་ཡིན་ཡང་རྗོད་བྱེད་མཛེས་ཤིང་བབ་ཆགས་ལ། བརྗོད་བྱ་ཟབ་ཅིང་དུས་རབས་ཀྱི་འགྲོས་དང་མཐུན་པར་མ་ཟད། བྱུང་རིམ་མཚར་ཞིང་མི་སྣའི་སྣང་བརྙན་གསོན་ཉམས་དོད་པས། བརྩམས་ཆོས་སོ་སོར་ཚད་མཐོ་བའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་ངེས་སོ། །

«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2023ལོའི་སྙན་ངག)ཏུ་ཨ་སྨྱོན་གྱི«བོད་པའི་འབྲི་གཡག»དང་། མཚོ་སྐྱེས་ཀྱི«གོ་ཁ» གཅན་རང་སད་ཀྱི«ཁྱུང་ཆེན་བཞུད་ལམ» ས་དམར་གྲགས་པའི«གཡས་ཀྱི་གངས་དང་གཡོན་གྱི་གངས» ངལ་རྫིའི«གདང་ལ་རི་བོ་བརྒྱུད་ནས་འགྲོ་དུས» ལྡོང་ཆུ་ཤེལ་གྱི«ཞུ་འཕྲིན་རིག་བྱེད་དབྱངས་ཀྱི་ཁྲུས་རྫིང» གངས་ཞུན་གྱི«ལགས། ང་ཁྱེད་ཀྱི་རྗེས་མ་ཆོད» གེ་སར་གྱི«ཕྱི་དྲོ་ཧྲིལ་པོ་ཞིག་ལ» འཇུ་སྐལ་བཟང་གི«ཧི་མ་ལ་ཡའི་མཐོ་ཚད» སྨྲེང་བུའི«ལོ་ལྔ་དལ་གྱིས་རྒས་པའི་ད་ཚོད»སོགས་ཚིག་སྦྱོར་དང་བསམ་བློའི་མཛེས་པ་ཉིས་ཆར་ཕུལ་དུ་བྱུང་བའི་སྙན་ངག83བདམས་ཡོད། སྙན་རྩོམ་འདི་དག་གིས་འཕེལ་རྒྱས་ལ་ཁ་ཕྱོགས་པའི་བོད་ཀྱི་དེང་རབས་སྙན་ངག་གི་གནས་བབ་བཟང་བོ་མཚོན་ཐུབ་པར་མ་ཟད། ད་དུང་དུས་མཚམས་ཤིག་གི་བོད་ཀྱི་དེང་རབས་སྙན་ངག་གི་ཟབ་ཚད་དང་ལྕི་ཚད་ཀྱང་རྟོགས་ཐུབ།

«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2023ལོའི་ལྷུག་རྩོམ)ཏུ་བཀྲ་ཤིས་དཔལ་ལྡན་གྱི«འཕན་པོ་རིག་པའི་འབྱུང་གནས་ལ། །ཨ་ཁུ་སྟོན་པ་ཐོགས་པ་མེད»དང་། སོག་རུ་ཀརྨ་ཀུན་ཁྱབ་ཀྱི«ས་ཡི་རྟེན་ཕུར་ནམ་ར» མཛེས་སེ་ཡི«འཛམ་གླིང་མི་ཡི་ཉི་མ» འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི«དྲན་པར་མ་ཤོང་བའི་ལོ་དང་ཟླ་བ་དེ་དག»སོགས་ལྷུག་རྩོམ17བདམས་ཡོད། ལྷུག་རྩོམ་གྱི་བརྗོད་བྱའི་ཆ་ནས་མི་ཚེ་ཡི་མྱོང་བ་སྟོན་པའི་ལྷུག་རྩོམ་དང་འཚོ་བ་ཡི་ཆོས་ཉིད་བརྗོད་པའི་ལྷུག་རྩོམ། རིག་གནས་ཀྱི་བྲོ་བ་བསྐྱེད་པའི་ལྷུག་རྩོམ་སོགས་ཡོད་ལ། འབྲི་ཐབས་ཀྱི་ཆ་ནས་ཚོར་བ་རླབས་ལྟར་འཕྱོ་བའི་ཡིད་འགྱུར་དང་། བྱུང་རིམ་ཆུ་བཞིན་བཞུར་བའི་དོན་བརྗོད། ཞིབ་འབྲི་ཀླུང་ལྟར་མེར་བའི་སྤྲོས་པ་ཡང་ཡོད། མདོར་ན་རྩོམ་པ་པོའི་མྱོང་བ་ངོ་མ་དང་བརྩེ་བ་རྣལ་མ། ཚོར་བ་དག་མ་ཞིག་གིས་བདེན་པའི་འཚོ་བ་དང་གདོད་མའི་ཆོས་ཉིད་དེ་རྩོམ་རིག་གི་ལམ་ནས་གསལ་བར་བསྟན་ཡོད།«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2023ལོ)དཔེ་ཚོགས་འདི་ཀློག་པ་པོ་རྣམས་ལ་བསམ་བློའི་རྒྱགས་ཕྱེ་རུ་ཕུལ་བ་ལགས་ན། ཀློག་མཁན་དག་གིས་དགྱེས་བཞིན་དཔེ་ཀློག་གནང་བར་ཞུ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།