ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ཏུན་ཧོང་ཡིག་ཚངP.T.1287ཁྲོད་ཀྱི“ལྡེ་སྲས”ཀྱི་གོ་དོན་ལ་དཔྱད་པ།
ཏུན་ཧོང་ཡིག་ཚངP.T.1287ཁྲོད་ཀྱི“ལྡེ་སྲས”ཀྱི་གོ་དོན་ལ་དཔྱད་པ།
རྩོམ་པ་པོ།:མཁའ་འབུམ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-05-12 15:06:12
ཀློག་གྲངས།:
དང་པོ། ལྡེ་ཉག་ཁྲི་བཙན་པོ།
ཏུན་ཧོང་ཡིག་ཆP.T.1286གི་ནང་དུ་གཉའ་ཁྲི་བཙན་པོའི་མཚན་གྱི་སྔོན་ལ“ལྡེ་ཉག་ཁྲི་བཙན་པོ”ཞེས“ལྡེ”ཞེས་པའི་ཐ་སྙད་སྦྱར་ཡོད་པ་དང་། དེ་ཡང་ཚིག་སྔ་ཕྱི་ཆ་ཚང་བ་ཞིག་དྲངས་ན་འདི་ལྟར་ཏེ། “ཁྲྀ་འི་བདུན་ཚྀགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ་དོག་ཡབ་ཀྱྀ་ཆར་གཤེགས་ནས། ལྷ་སྲས་མྱི་ཡུལ་གྱྀ་རྒྱལ་མཛད་ཅིང་བཞུགས་པ་ལས། མངོན་དུ་ཐལ་བྱུང་དགུང་དུ་གཤེགས་པ། ལྡེ་ཉག་ཁྲི་བཙན་པོ་དང་། གནམ་མུག་མུག་དུ་བཤོས་པོ་འྀ་སྲས།”ཞེས་བྱུང་ཡོད་པའི་ཚིག་ལ་བརྟགས་ན་ལྡེ་ཉག་ཁྲི་བཙན་པོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཏེ། མངོན་སུམ་ཐལ་བྱུང་དུ་གནམ་ལ་འཕུར་བའི་ནུས་པ་ལྡན་པ་དང་། ཁོང་ནི་ལྷ་ཡི་སྲས་པོ་ཡིན་པ་ལ་མི་ཡུལ་དུ་གཤེགས་ཏེ་རྒྱལ་བོ་མཛད་པ་བཅས་ལྷ་ཡི་རིགས་ལས་འཁྲུངས་ཤིང་ལྷ་ཡི་འཕྲུལ་དང་ལྡན་པ་ཞིག་ཏུ་བརྗོད་ཡོད་པ་དང་གདུང་ཁུངས་ལྷ་ལ་གཏུགས་ཡོད། གཞན་བོད་ཀྱི་དུས་ཕྱིས་ཀྱི་ཆོས་འབྱུང་དེབ་ཐེར་ཁག་ཏུ་ཡང་གཉའ་ཁྲི་བཙན་པོ་ལ“ལྡེ་ཉག་ཁྲི་བཙན་པོ”ཞེས་པའི་མིང་འདི་སྦྱར་ཡོད་དེ། «སྲིད་པ་རྒྱུད་ཀྱི་ཁ་བྱང»ལས“ཡར་གཤེགས་སུ་ནི་ཡུམ་གྲོངས་ལ། མར་གཤེགས་སུ་ནི་སྲས་མནོལ་བས། ལྟག་པ་བདུད(སྡུད)སྒོར་སྐྲ་ཉག་གཅིག་དང་འཁྲིལ་ནས་གཤེགས་པའི་སྲས། ལྡེ་ཉག་རི་བཙད་པོ་ལགས་སོ། །”ཞེས་གཉའ་ཁྲི་བཙན་པོ་ལ་ལྡེ་ཉག་རི་བཙན་པོ་ཞེས“ལྡེ”ཞེས་པའི་ཐ་སྙད་སྦྱར་ཡོད་པ་དང་། «ལྡེའུ་ཆོས་འབྱུང»ལས“གནམ་རིམ་པ་ལྔའི་སྟེང་ན་ལྡེ་གཉའ་ཁྲི་བཙན་པོ་བྱ་བ་ལྷའི་སྲས་པོ་རྨུའི་ཚ་བོ་ཡོད་པས་དེ་བདག་གིས་སྤྱན་དྲང་ངོ་ཟེར་ནས།”ཞེས་ལྡེ་གཉའ་ཁྲི་བཙན་པོ་ནི་ལྷའི་སྲས་དང་རྨུ་ཡི་ཚ་བོ་ཡིན་པར་གདུང་ཁུངས་ལྷ་ལ་གཏུགས་ཡོད་པས“ལྡེ”ཞེས་པ་ལྷ་དང་འབྲེལ་བ་བརྟན་པོ་ཡོད་པར་འདོད།
གཉིས་པ། ལྡེ་སྲས་དང་ལྷ་སྲས།
ཏུན་ཧོང་ཡིག་ཆའི་ཁྲོད“ལྡེ་སྲས”ཞེས་པའི་ཐ་སྙད་འདི་ནི་གྲི་གུམ་བཙན་པོར་མ་གཏོགས་བཙན་པོ་གཞན་གཅིག་ལ་ཡང་སྦྱར་མེད་ཅིང་། དེ་ཡང་ཏུན་ཧོང་ཡིག་ཆP.T.1287གྱི་ནང་དུ་གྲི་གུམ་བཙན་པོ་ལ“ལྡེ་སྲས”ཞེས་པའི་ཐ་སྙད་སྦྱར་ཡོད་ཅིང་། ཚིག་སྔ་ཕྱི་ཆ་ཚང་དྲངས་ན་ཐ་སྙད་འདིའི་དོན་ལ་དཔྱད་པ་གཏོང་བར་ཕན་པས་འདྲེན་པར་བྱ་སྟེ། “ལྡེ་སྲས་མྱྀ་འི་མྱྀ་ཚུལ་ཏེ། མངོན་བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། །བཙན་འདྲན་བདའ་ནས།”ཞེས་བྱུང་ཡོད་པར་བརྟགས་ན་གྲི་གུམ་བཙན་པོ་ནི་མི་ཐུན་མོང་བ་དང་མི་མཚུངས་པ་གནམ་ལ་འཕུར་བ་སོགས་ལྷའི་འཕྲུལ་མངའ་བའི་ཁྱད་ཆོས་ལྡན་པའི་ཆ་ནས“ལྡེ་སྲས”ཞེས་པའི་ཐ་སྙད་སྦྱར་ཡོད་པ་ཤེས་ཐུབ་ཅིང་། གྲི་གུམ་བཙན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གོང་དུ་གླེང་ཟིན་པའི་གཉའ་ཁྲི་བཙན་པོའི་ཁྱད་ཆོས་དང་མཚུངས་ཤིང་། གོང་གི་ཤོག་དྲིལ་གཉིས་ཀའི་ནང་དོན་ཕན་ཚུན་བསྡུར་བ་བྱས་པ་ན་ལྷ་ལས་བྱུང་བའམ་ལྷའི་འཕྲུལ་དང་ལྡན་པ་ལ་ཕལ་ཆེར“ལྡེ”དང“ལྡེ་སྲས”ཞེས་པའི་ཐ་སྙད་སྦྱར་ཡོད་པ་འདྲ་ཞིང་། དེ་ལས“ལྡེ”ཞེས་པ“ལྷ”དང་འབྲེལ་བ་ཡོད་པ་ཤེས་ཐུབ།
བོད་བཙན་པོའི་དུས་སུ་ཡབ་མེས་ཀྱི་གདུང་ཁུངས་བརྗོད་སྐབས་གཉའ་ཁྲི་བཙན་པོ་དེ་ལྷ་ཡུལ་ལས་མི་ཡུལ་དུ་བབས་པར་བཤད་ཅིང་། དེ་ནི་ཏུན་ཧོང་ཡིག་ཆ་དང་ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་འཁོད་པ་ཙམ་མ་ཡིན་པར་བོད་བཙན་པོའི་དུས་ཀྱི་བཀའ་གཙིགས་རྡོ་རིང་ཡི་གེའི་ཁྲོད་དུ་ཡང་བཙན་པོའི་གདུང་ཁུངས་ལྷ་ལ་གཏུགས་ཡོད་དེ། དཔེར་ན། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་རྡོ་རིང་གི་ངོས་སུ་འདི་ལྟར་འཁོད་ཡོད་ཅིང་། “བཙན་པོ་ལྷ་སྲས། འོ་ལྡེ་སྤུ་རྒྱལ། །གནམ་གྱི་ལྷ་ལས་མྱྀའི་རྗེར་གཤེགས་པ། །ཆོས་ལུགས་བཟང་པོ་ནི་གཞར་གཙུག་མྱྀ་འགྱུར། །”ཞེས་དང་། ཀོང་པོ་དེ་མོ་བྲག་བརྐོས་ཡི་གེ་ལས། “ཐོག་མ་ཕྱཱ་ཡ བླ་བདག་དྲུག་གི་སྲས་ལས། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱི་རྗེར་། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད་། དྲི་གུམ་བཙན་པོ་ཕན་ཆད།”ཅེས་གཉའ་ཁྲི་བཙན་པོ་ནི་ལྷ་ཡི་སྲས་སུ་འཁྲུངས་པར་སྟོན་ཞིང་། གཞན་ད་དུང་བོད་ཀྱི་བཙན་པོ་དག་ལ“འཕྲུལ་གྱི་ལྷ” “ལྷ་སྲས” “ལྷ”སོགས་ཀྱི་མིང་ཡང་སྦྱར་ཡོད། རྡོ་རིང་ངོས་ཀྱི་ཡི་གེའི་བརྗོད་ལུགས་དང་གོང་དུ་དྲངས་ཟིན་པའི་ཤོག་དྲིལP.T.1286ཁྲོད་ཀྱི་བརྗོད་ལུགས་གཉིས་ཤིན་ཏུ་ཆ་མཚུངས་པས། གཉའ་ཁྲི་བཙན་པོ་ལ“ལྡེ་ཉག་ཁྲི་བཙན་པོ”དང་གྲི་གུམ་བཙན་པོ་ལ“ལྡེ་སྲས”སྦྱར་བ་དེས་གྲི་གུམ་བཙན་པོ་ནི་འོ་ལྡེ་སྤུ་རྒྱལ་གྱི་གདུང་རྒྱུད་ཡིན་པ་དང་རིགས་རྒྱུད་ལྷ་ལས་མཆེད་པའི་ཆེ་བ་རྗོད་བྱེད་དུ་ཡིན་པ་ཤེས་ཐུབ། ཏུན་ཧོང་ཡིག་ཚང་ཁྲོད་འཁོད་པའི་ལོ་ངམ་རྟ་རྫི་དང་འཐབ་པའི་དུས་སུ་ལོ་ངམ་ལ་བྱིན་པའི་ལྷའི་དཀོར་ནོར་དག་ཀྱང་ཐོག་མ་གཉའ་ཁྲི་བཙན་པོ་མི་ཡུལ་ལ་གཤེགས་དུས་སུ་ཡབ་ཀྱིས་བྱིན་པའི་དཀོར་ནོར་དག་ཡིན་ལ། དེ་ལས་ཀྱང་གཉའ་ཁྲི་བཙན་པོ་དང་གྲི་གུམ་བཙན་པོའི་བར་ལ་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཤེས་ཐུབ། དེ་ཡང“ལྡེ་སྲས”ཞེས་པ་ལྡེ་ཡི་སྲས་པོ་ཞེས་པར་བཀྲལ་ཆོག་པར་མ་ཟད། འདི་ལས་གྲི་གུམ་བཙན་པོ་ནི་འོ་ལྡེ་སྤུ་རྒྱལ་གནམ་གྱི་ལྷ་ལས་མིའི་རྗེ་བོར་གཤེགས་པའི་གདུང་རྒྱུད་ཡིན་པ་ལ་ཆེད་དུ“ལྡེ་སྲས”ཞེས་པའི་ཐ་སྙད་སྦྱར་ཡོད་པ་ལ་དོན་དུ“ལྷ་སྲས”ཞེས་པའི་དོན་དང་འདྲ་བར་འདོད་པ་དང་། དེ་མིན་ཏུན་ཧོང་ཡིག་ཆའི་ཁྲོད་ལོ་ངམ་དང་གྲི་གུམ་བཙན་པོ་གཉིས་འཐབ་པའི་དུས་སུ་གྲི་གུམ་བཙན་པོའི་ཕོ་ལྷ་སྟེ“ལྡེ་བླ་གུང་རྒྱལ”གྱིས་གྲི་གུམ་བཙན་པོ་གནམ་དུ་དྲངས་པའི་གཏམ་རྒྱུད་མཆིས་པ་ལ། “ལྡེ་བླ་གུང་རྒྱལ”ནི་གྲི་གུམ་བཙན་པོའི་ཕོ་ལྷ་ཡིན་པའི་ཆ་ནས་དེ་ནི་བཙན་པོ་གནམ་ལ་འདྲེན་ཐུབ་པའི་གནམ་གྱི་ལྷ་རིགས་ཤིག་ཡིན་པ་གསལ་པོར་མངོན་པ་དང་། དེ་ཉིད་གནམ་ནས་མི་ཡུལ་དུ་གཤེགས་པའི་ལྡེ་ཉག་ཁྲི་བཙན་པོ་དང་འབྲེལ་ན“ལྡེ”ཞེས་པ“གནམ”དང་འབྲེལ་བ་ཡོད་པའང་ཚོད་དཔག་བྱས་ཆོག
དཔའ་བོ་གཙུག་ལག་ཕྲེང་བས“བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན་ཡིན། ཡུམ་ཉེ་བཙན་མང་མ་རྗེ། བློན་པོ་ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ད་རེ། སྟོང་འདར་རྗེ་རྣམས་ཀྱིས་བྱས་སྐད། འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད། །དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར། །”ཞེས་གསུངས་ཡོད་པ་དེས“ལྡེ”ཞེས་པའི་ཐ་སྙད་འདི་བཙན་པོ་ཐོག་མ་རྣམས་ཀྱི“མ་རྒྱུད་མེས་པོ”དང་འབྲེལ་བ་ཡོད་པ་སྟོན་ཐུབ་པ་ཙམ་མོ། །ཞེས་ལྕམ་མོ་མཱེ་ཁེ་རྡོ་ན་ཡིས་དཔྱད་བརྗོད་གནང་ཡོད་ཅིང་། ཡིན་ན་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ཚིག་དུམ་འདི་ལས“ལྡེ་སྲས”ཞེས་པ“ལྷ”ལ་འབྲེལ་བ་ཡོད་པ་དང“ལྷ་སྲས”ཀྱི་དོད་དུ“ལྡེ་སྲས”འབྲི་བ་འདི་ལས“ལྷ་སྲས་དང་ལྡེ་སྲས”གཉིས་ཀྱི་དོན་གཅིག་ཡིན་པ་དང“ལྡེ་དང་ལྷ”གཉིས་ཀྱི་དོན་འདྲ་བ་ཡིན་པ་ཡང་ཤུགས་ནས་གོ་ཐུབ། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས“རྒྱལ་པོ་གནམ་ནས་ས་ལ་བྱོན་པའི་གཏམ་རྒྱུད་དེ་ལྟ་བུ་ནི་གནའ་བོའི་རིག་གནས་ཀྱི་རྩ་བའི་གྲུབ་ཆ་ཞིག་ཡིན་པར་མངོན་ཞིང་། མདོར་བསྡུས་ནས་ཞུས་ན་དེ་ནི་རྒྱལ་བོ་དེའི་དམ་པའི་རང་བཞིན་ཉིད་མངོན་པར་བྱ་བའི་ཐབས་ཤིག་ཡིན་ལ། དེས་རྒྱལ་པོ་དང་རྒྱལ་ཚང་གི་དབང་ཐང་ཞེས་པའི་འདུ་ཤེས་ཉིད་ཆགས་པའི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད། ལྟ་བ་དེ་ནི་བོད་ཀྱི་བཙན་པོའི་རྒྱལ་རྒྱུད་བྱུང་བའི་རྨང་རྡོ་ལྟ་བུ་ཞིག་ཡིན་ལ། གཏམ་རྒྱུད་དང་འབྲེལ་བའི་ཆོ་ག་སླར་ཡང་གཏན་འབེབས་ཀྱིས་རང་ཉིད་དབང་བསྒྱུར་བ་ཡིན་པའི་གནས་སྟངས་ཉིད་ལུགས་མཐུན་ཅན་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད།”ཅེས་གསུངས་པ་བཞིན་གནའ་བོའི་རྒྱ་གར་ནག་སོགས་མི་རིགས་མང་པོ་ལ་རྒྱལ་བོ་ལྷ་ལས་མཆེད་པའི་ལོ་རྒྱུས་ཡོད་པ་ལ་བོད་རིགས་ཀྱང་དེ་ལས་མ་འདས་ཏེ། རྡོ་རིང་དང་བྲག་བརྐོས་ཡི་གེ ཏུན་ཧོང་ཡིག་ཚང་སོགས་ཡིད་རྟོན་འཕེར་བའི་ལོ་རྒྱུས་ཡིག་ཚང་གང་ལ་བལྟས་ཀྱང་བཙན་པོའི་གདུང་ཁུངས་ལྷ་ལ་གཏུགས་ཡོད་ཅིང་། དེ་ནི་རྒྱལ་པོས་རང་གི་དབང་བསྒྱུར་གོ་གནས་དང་དབང་ཐང་སྲ་བརྟན་དུ་གཏོང་བའི་ཆེད་དང་རང་ཉིད་དབང་བསྒྱུར་བ་ཡིན་པའི་གནས་སྟངས་དེ་ལུགས་མཐུན་དུ་གཏོང་ཆེད་ཡིན་ནོ། །
མཇུག་བསྡུ་བ།
མཐར་ཏུན་ཧོང་ཡིག་ཆP.T.1287ཁྲོད་ཀྱི“ལྡེ་སྲས”ཞེས་པའི“ལྡེ”ཞེས་པ“གནམ་དང་ལྷ”ཡི་དོན་ལ་འཇུག་པར་སྙམ་པ་དང་། “ལྡེ་སྲས”ཞེས་པ“གནམ་སྲས་སམ་ལྷ་སྲས”ཀྱི་དོན་ལ་གོ་བ་བླངས་ན་ཏུན་ཧོང་ཡིག་ཆའི་ཁྲོད་འཁོད་པའི་གྲི་གུམ་བཙན་པོའི་ཐུན་མིན་གྱི་ཁྱད་ཆོས་ཏེ“ལྡེ་སྲས་མྱྀའི་མྱི་ཚུལ”ཞེས་དང“མངོན་བར་དགུངས་དུ་གཤེགས་པ”སོགས་འཕྲུལ་དང་ནུས་པ་ཆེན་པོ་ལྡན་པ་སོགས་ཀྱི་ཁྱད་ཆོས་སོགས་དང་ཕན་ཚུན་ར་འཕྲོད་པས་ན“ལྡེ་དང་ལྡེ་སྲས”ཞེས་པ“ལྷ་དང་ལྷ་སྲས”ཞེས་པར་གོ་བ་བླངས་ན་འོས་ཤིང་འཚམ་པར་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
(1) དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། «ཆོས་འབྱུང་མཁས་པའི་དགའ་སྟོན» [M]. མི་རིགས་དཔེ་སྐྲུན་ཁང་། 2005.12
(2) ལྡེའུ་ཇོ་སྲས་ཀྱིས་མཛད། «ལྡེའུ་ཆོས་འབྱུང» [M]. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
(3) ནམ་མཁའི་ནོར་བུས་བརྩམས། «ཞང་བོད་ལོ་རྒྱུས་ཏི་སེའི་འོད» [M]. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ།
(4) མཁས་པ་ལྡེའུས་མཛད། «རྒྱ་བོད་ཆོས་འབྱུང་རྒྱས་པ» [M]. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
(5) མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། «མདའ་དང་འཕང་། (བར་ཆ)» [C]. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
(6) བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཀོད། «བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང» [M]. མི་རིགས་དཔེ་སྐྲུན་ཁང་། 1984ལོ།
(7) [法]拉露 著;韦舒婷、杨铭 译:《藏地毒药和医治:伯希和收集藏文写本p.t.1285考释》[J].青藏高原论坛 2022年第04期
(8) [法]A·麦克唐纳著;耿昇译:《敦煌吐蕃历史文书考释》[M].青海人民出版社.1991年
(9) 王尧 编著:《吐蕃金石录》[M].文物出版社.1982年
(10) 王尧 陈践译注:《敦煌古藏文文献探索集》[M]. 上海古籍出版社.2008年
(11) 黄布凡 马德 编著:《敦煌藏文吐蕃史文献译注》[M].甘肃教育出版社.2000年
(12) 张云 著:《上古西藏与波斯文明》[M].中国藏学出版社.2005年

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།