རབ་དཀར་ཁ་བའི་ཁྲོད་ཀྱི་དཀར་མཛེས་ལྟ་ན་སྡུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2026-01-06 08:50:24 ཀློག་གྲངས།:
       དཀར་མཛེས་ཀྱི་ས་གཞི་ཆེན་མོའི་སྟེང་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབས་པས་གནམ་སའི་ཁ་དོག་བསྒྱུར་པ་དང་མཚུངས། ཁ་བ་དེ་ནི་འབྲི་ཆུའི་ལྷོ་རྒྱུད་དང་མེས་རྒྱལ་གྱི་བྱང་རྒྱུད་དང་མི་འདྲ་བར། དེ་ནི་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁ་བ་ཡིན། དེ་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེབ་རིས་ནང་དུ་བབས་ཡོང་ཞིང་། དེ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་རླབས་སྒྲའི་ནང་དུ་ཟིམ་ཟིམ་དུ་བབས་པར་མ་ཟད། རོང་བྲག་མཁར་རྫོང་གི་ཟུར་ཁ་རུ་བབས་པ་དང་། མུ་མཐའ་བྲལ་བའི་རྩྭ་ཐང་དུ་བབས་པ། ཡང་ན་འབྲོག་པའི་འཛུམ་མདངས་དང་དགོད་སྒྲའི་ཁྲོད་དུ་བབས་པ་ཞིག་རེད།
       དགུན་དུས་ཀྱི་རླུང་བུ་རྩྭ་ཐང་དུ་རྒྱུ་ཞིང་ཁ་བའི་འདབ་མས་རི་རྩེ་བརྒྱན། སྐབས་འདིའི་ཁ་བས་དགུན་གྱི་མཛེས་སྡུག་ཁྱེར་ཡོང་བ་དང་། སེར་མདོག་ཆོད་པའི་རྩྭ་ལོ་ཁ་བའི་འོག་ཏུ་མགོ་བོ་ཡར་དགྱེ་པ་དེ་ནི་ཨ་མ་རྒན་མོའི་བོད་ལྭ་འཚེམ་བྱེད་ཀྱི་གསེར་སྐུད་ཅིག་དང་འདྲ། འབྲོག་མི་ཚོས་ནོར་ལུག་དེད་ནས་ལམ་ལ་ཆས་པ་དང་། མུ་ཏིག་ནག་པོ་ལྟ་བུའི་ནོར་ཁྱུ་ཡིས་ཁ་བའི་ཁྲོད་དུ་མེ་ཏོག་པད་མ་ལྟ་བུའི་རྐང་རྗེས་ཕྲེང་དུ་བསྟར། ཡང་ན་དེ་ནི་ས་གཞི་ཆེན་པོས་བྲིས་པའི་སྙན་ངག་ཅིག་དང་གཉིས་སུ་མེད། ཉི་འོད་ཀྱིས་སྤྲིན་རིམ་སྲབ་མོ་བརྟོལ་དུས་རྩྭ་ཐང་ཡོངས་ནི་གསེར་མདོག་གི་རི་མོ་ཞིག་ཏུ་གྲུབ།
       དགུན་ཁའི་ཁ་བ་འབབ་དུས་ཀྱི་རྣམ་པ་ནི་མཛེས་སྡུག་ལྡན་པ་ཞིག་རེད། རླུང་བུས་ཁ་བའི་འདབ་མ་དེད་ནས་རྩྭ་ཐང་དུ་རྒྱུག་པ་དང་། དེ་ནི་སྲབ་ཐག་ཤོར་བའི་རྟ་ཁྱུ་བང་གིས་རྒྱུག་པ་དང་མཚུངས། ཞོགས་པར་སྒོ་ཕྱེས་ནས་ཕྱིར་འབུད་དུས་ཁ་བས་པུས་མོ་འགེབས་པ་དང་། འཇིག་རྟེན་ནི་ལྷིང་འཇགས་སུ་གནས་པས་མིག་སྤུ་ཐོག་དར་ཆགས་པའི་སྒྲ་ཡང་ཐོས་ཐུབ། ཆེས་སེམས་འགུལ་ཐེབས་པ་ནི་རྩྭ་ཐང་གི་སྦྲ་ནག་དེ་དག་ཡིན་ལ། དུ་བ་ལང་ལོང་དུ་འཕྱུར་ཏེ་དྲོད་སྐྱིད་ལྡན་པའི་འཚོ་བས་རྩྭ་ཐང་ཁྱབ་ཡོད།
       དཀར་མཛེས་ཀྱི་དགུན་དུས་ཀྱིས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ངོམ་ཞིང་། བརྩེ་བ་ལྡན་པའི་དཀར་མཛེས་ཀྱི་བུ་དང་བུ་མོས་གྲོགས་པོ་ཚོ་མཐོ་སྒང་གི་ཁ་བ་དང་མཚོ། མཚེའུ། ཆུ་ཚན། ཟས་མངར་རྣམས་ཉམས་སུ་མྱོང་དུ་ཕེབས་པར་དགའ་བསུ་བྱེད་བཞིན་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།