འགོག་མེད་ཀྱི་དྲན་ཚོར། མེ་ཆར།

རྩོམ་པ་པོ།:མེ་ཆར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-15 08:31:56 ཀློག་གྲངས།:
དུས་ཚོད་ཀྱི་བར་སྟོང་ཤིན་ཏུ་ཐུང་བས།
སྐྱོ་གར་གྱི་འཁྲབ་ཚན་དེ་ལས་མང་བས།
ངའི་ནང་སེམས་འདི་སྙི་དྲགས་པས།
ལོ་ཟླ་རེ་རེའི་ཁུག་སོ་རུ།
ངས་སྐྱོ་གདུང་གི་ཐ་སྙད་གླེགས་བམ་དུ་མར་བརྩེགས།


ཞེ་རྩ་འཁྱག་པས་བསྡམས་པའི་མི་ཡུལ་གྱི་མགྲོན་པོ་ཞིག
ཤིག་ཤིག་ལྡང་བའི་སྟོན་མཇུག་གི་བསེར་བུའི་ཁྲོད་ནས།
ལོ་ཟླ་ཧྲིལ་པོ་ཞིག་འདི་ལྟར་ནན་གྱིས་བསྐྱལ།
ས་གཞི་འཁྱག་པས་བསྡམས་ཤིང་སྡོང་ལོར་སེར་ཐིག་ལྷུང་དུས།
ཡོད་དགུའི་རྩ་བ་མི་རྟོགས་པའི་འཇིག་རྟེན་ནས།
སྐྱོ་གར་གྱི་ལེ་ཚན་རེ་རེ་ངུ་ཤུམ་དང་མཆི་མས་བཀླག་དགོས་བྱུང་།


ཚིག་དང་ཐ་སྙད་གང་གིས་ཀྱང་མཚོན་དུ་མེད་ཅིང་།
ལྗང་མདོག་གིས་རྣམ་པར་བཀྲ་བའི་དབྱར་གཞུང་སྐྱིད་པོ་ཞིག
འདི་ལྟར་ཕར་ལ་གྱེས་དུས།
སྟོན་རླུང་འཚུབ་མའི་ནམ་ཟླ་སྐྱ་བོ་ཚུར་ལ་ཐོན།
ངས་སུན་སྣང་གི་ཐ་སྙད་རེ་རེ་ཀློག་ཞོར་དུ།
ངུ་ཤུམ་འཇམ་པོས་གདུང་དབྱངས་གྱེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།