ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན་གྱི་སྙན་ངག

རྩོམ་པ་པོ།:ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-22 08:08:48 ཀློག་གྲངས།:
ནམ་མཁའ།

ནམ་མཁའ་ལ་ལ་ནི་སྐྱ་ཞིང་འཐིབ།
ནམ་མཁའ་ལ་ལ་ནི་སྔོ་ཞིང་བསངས།

ནམ་མཁའ་ལ་ལ་ནི་ཁྲོན་པ་ཞིག་གི་ནང་དུ་ལྷུང་།
ནམ་མཁའ་ལ་ལ་ནི་རྒྱ་མཚོ་ཆེན་མོའི་ཀླད་དུ་ཁེབས།

ལ་ལས་ལུང་པ་ཞིག་གི་མཐིལ་ནས་ང་ཡི་ནམ་མཁའ་མཉམ་མེད་ཡིན་ཟེར།
ལ་ལས་ནམ་མཁའ་ཆེན་མོའི་དབྱིངས་ནས་ང་ཡི་གོ་ལ་ཁོད་སྙོམས་ཡིན་ཟེར།

པདྨའི་མེ་ཏོག
 
དྭངས་གཙང་གི་སེམས།
སྒྲིབ་བྲལ་གྱི་ལུས།
འདམ་རྫབ་ལས་འཕགས་ཏེ།
འཕར་འགྲོའི་ངུར་སྒྲ་ཡི་ཚ་དྲོད་དེ་སེལ་བར་ཕྱོགས་བཞི་རུ་བཞད།
མཚམས་ཀུན་ཏུ་གྲོལ།

ཐབས་བཅོས།
 
དངུལ་གྱི་འོད་མདངས་འཚེར་བའི་ཁབ་རྩེ་ཤ་རུ་འཛུད་ལ།
སྤར་བརྒྱད་སྨེ་དགུའི་གྲངས་ཀ་བསྒྲིགས།
དེ་ནས་ཁབ་ཀྱི་ཡུ་བ་མཛུབ་མོས་དལ་གྱིས་སྒྲིལ་པ་ནི།
འབར་ཞུན་ཐུར་གཅིག་གིས་སྒྲོན་འོད་ཁང་པ་གང་སྦར་བ་དང་ཇི་འདྲའི་འདྲ་མཚུངས་ལའོ། །

ཁྱོད་ནི་ལག་ལ་འོད་ཐུར་འཛིན་པའི་བདེ་ཐང་གི་ཕོ་ཉ་ཞིག་སྟེ།
ང་ནི་དུག་ལྔས་ཡོངས་སུ་གཡོགས་པའི་རྫོང་མཐུག་སར་ཞིག་ནས།
མཚན་སྨག་གི་ཁ་དོག་སྟུག་པའི་ནད་ཁྲག་ཕྱིར་འབྱིན་པར་དཀའ་བས།
ད་དུང་སྐྱེ་བ་མང་པོ་ཞིག་ལ།
སྒྲིབ་སྦྱང་ཁོ་ན་རུ།
དྭངས་གསལ་གཙང་དག་གི་བར་དུ……
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།