ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བཞི་བཅུ་པ།
16.སྐྱིད་སྡུག་གི་ལས་དབང་ །
མཛེས་སྡུག་གངས་རིའི་ལྗོངས་སུ །
ཤེལ་དཀར་ཁྲི་ལ་བཞུགས་པའི །
གངས་རྒན་ཨ་མྱེས་རྨ་ཆེན །
ཨ་ཕའི་བླ་རི་དཀར་པོ །
སྙིང་ཁར་ཐལ་མོ་སྦྱར་ནས །
དད་པས་ཕྱག་གསུམ་འཚལ་བ །
དབང་དང་གོ་ས་མི་དགོས །
མཚན་དང་སྙན་གྲགས་མི་མཁོ །
ཁྱོད་ནི་ས་ཆེན་བཅུ་བའི །
སངས་རྒྱས་གོ་འཕང་ཐོབ་པའི །
བྱང་ཆུབ་སེམས་དཔའ་ཡིན་ན །
སྐྲ་ལོ་དུང་ལྟར་དཀར་པོའི །
བདག་གི་དྲིན་ཆེན་ཕ་ལོའི །
སྐྱིད་སྡུག་ལས་དབང་ཁྱོད་མཁྱེན །
གསེར་ཆེན་གཡེར་མོ་ཐང་ནས །
རླབས་ཕྲེང་རྩེད་དགའ་འཕྱོ་བའི །
ལྷ་མཚོ་ཁྲི་ཤོར་རྒྱལ་མོ །
ཨ་མའི་བླ་མཚོ་སྔོན་མོ །
སྙིང་ནས་གསོལ་བ་འདེབས་ཞོར །
སེམས་ནས་བསྐོར་གསུམ་བརྒྱབ་པ །
རྒྱུ་དང་འབྱོར་བ་མི་དགོས །
ནོར་དང་ལོངས་སྤྱོད་མི་མཁོ །
ཁྱོད་ལ་ནམ་མཁའི་ལྷ་མོ །
སྒྲོལ་མ་དཀར་མོའི་བྱམས་དང་ །
སྙིང་རྗེའི་སེམས་པ་ཡོད་ན །
མིག་རྩ་ཁྲག་ལྟར་དམར་པོའི །
བདག་གི་དྲིན་ཆེན་མ་ལོའི །
སྐྱིད་སྡུག་ལས་དབང་ཁྱོད་མཁྱེན །
17.ཁྲི་ཀའི་ལང་ཚོ།
རྟགས་བརྒྱད་བཀྲ་ཤིས་རི་མོ་འཛོམས་པའི་གནམ་གྱི་འོག
འདབ་བརྒྱད་པད་དཀར་དགེ་བཅུ་ས་ཡི་ཐིག་ལེ་ཐོག
ཨ་མདོ་ནོར་འཛིན་ན་ཆུང་བུ་མོ་དགའ་བའི་རྒྱན།
ཕ་ཡུལ་ཁྲི་ཀའི་ལང་ཚོ་མཛེས་སྡུག་མེ་ཏོག་བཞད།
ཕ་ཡུལ་ལགས་ཁྲི་ཀ་ཡ།
ཁྲི་ཀ་ལགས་ཕ་ཡུལ་ཡ།
བཙན་པོ་ལྷ་གསུམ་ཕ་ས་ཡིན་པས་བྱིན་རླབས་ཆེ།
གཉེན་པོ་གདོང་གསུམ་ཕ་ཡུལ་ཡིན་པས་ངོ་མཚར་ཆེ།
ཕ་ཡུལ་ལགས་ཁྲི་ཀ་ཡ།
ཁྲི་ཀ་ལགས་ཕ་ཡུལ་ཡ།
ཁྱོད་ནི་ལོ་ངོ་སྟོང་གི་མཆོད་རྟེན་བཞུགས་ས་ཡིན།
ཁྱོད་ནི་ལ་རྒྱ་མཚོན་པའི་རིག་གནས་འཁྲུངས་ས་ཡིན།
ཁྲི་ཀ་ཁྱོད་ལ་དགའ་ཞིང་ཁྲི་ཀ་ཁྱོད་ལ་གཅེས།
ཕ་ཡུལ་ཁྱོད་ལ་དུངས་ཤིང་ཕ་ཡུལ་ཁྱོད་ལ་བསྟོད།
རྟགས་བརྒྱད་བཀྲ་ཤིས་རི་མོ་འཛོམས་པའི་གནམ་གྱི་འོག
འདབ་བརྒྱད་པད་དཀར་དགེ་བཅུ་ས་ཡི་ཐིག་ལེ་ཐོག
ཨ་མདོ་ནོར་འཛིན་ན་ཆུང་བུ་མོ་དགའ་བའི་རྒྱན།
ཕ་ཡུལ་ཁྲི་ཀའི་ལང་ཚོ་མཛེས་སྡུག་མེ་ཏོག་བཞད།
ཕ་ཡུལ་ལགས་ཁྲི་ཀ་ཡ།
ཁྲི་ཀ་ལགས་ཕ་ཡུལ་ཡ།
འགངས་ཆེན་རྟེན་གསུམ་བཞུགས་ས་ཡིན་པས་ཕན་ཡོན་ཆེ།
རྨ་ཆུ་སྔོན་མོ་བཞུར་ས་ཡིན་པས་སྟོབས་འབྱོར་ཆེ།
ཕ་ཡུལ་ལགས་ཁྲི་ཀ་ཡ།
ཁྲི་ཀ་ལགས་ཕ་ཡུལ་ཡ།
ཁྱོད་ནི་མཛེས་སྡུག་མེ་ཏོག་མཆོད་པ་བཤམས་ས་ཡིན།
ཁྱོད་ནི་ཞིམ་མངར་སིལ་ཏོག་འབྲས་བུ་སྨིན་ས་ཡིན།
ཁྲི་ཀ་ཁྱོད་ལ་དགའ་ཞིང་ཁྲི་ཀ་ཁྱོད་ལ་གཅེས།
ཕ་ཡུལ་ཁྱོད་ལ་དུངས་ཤིང་ཕ་ཡུལ་ཁྱོད་ལ་བསྟོད།
18.བྱ་ཁུ་ལོ །
བཀྲ་ཤིས་ཀི་གསོམ་དཀར་མགོ་ནས །
གཡུ་དྲུག་དཀར་འདྲ་གི་ཁུ་ལོ །
གསུང་སྙན་མོ་རྣ་བས་གོ་ན །
དབྱར་ཕ་མ་འདྲ་བོ་ཐོན་ཡོད །
ཆར་བསིལ་མ་ས་ལ་བབས་སོང་ །
སྤང་མཛེས་སྡུག་མེ་ཏོག་བཞད་སོང་ །
ས་དོག་མོར་སྐྱིད་ཀྱིས་ཁེངས་སོང་ །
ཚེ་རིང་གི་ཁུ་བྱུག་སྔོན་མོ །
སྐད་གོ་ན་སྣང་བ་སྐྱིད་སོང་ །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com