ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བཞི་བཅུ་པ།
ས་ལ་རྟེན་འབྲེལ་འགྲིག་སོང་ །
མེ་ཏོག་ཆར་བ་བབས་སོང་ །
རྒྱ་ཚ་ཞལ་དཀར་འཁྲུངས་སོང་ །
རྒྱ་བོད་གཉི་ག་དགའ་སོང་ །
ཕ་རུས་གངས་ཅན་བོད་པ །
མ་རྒྱུད་རྒྱ་བཟའ་ལྷ་མོ །
རྒྱ་བོད་ཕ་མའི་རྒྱན་དུ །
འཁྲུངས་པའི་རྒྱ་ཚ་ཞལ་དཀར །
རྒྱ་ཚ་ཚེ་རིང་ལོ་བརྒྱ །
5.སེམས་ལ་སེར་ག་ཤོར་སོང་ །
མཐོན་པོ་ཨ་སྔོན་ནམ་མཁའི །
སྐར་མའི་དགུ་ཚིགས་ཁྲ་མོ །
དམའ་མོ་ས་ལ་ལྷུང་འདྲའི །
རྨ་ཆུ་དལ་བ་རིང་མོ །
རི་ལུང་བརྒྱུད་ནས་བཞུར་དུས །
སེམས་ལ་ཅི་ཞིག་དྲན་བྱུང་ །
ཆ་མེད་རྒྱལ་ཁམས་འགྲིམ་པའི །
གྲོགས་མེད་ན་ཆུང་བུ་མོས །
སྐྱིད་མེད་ས་མཐའ་འདི་ནས །
ཉིན་མཚན་ཐུན་དྲུག་མེད་པར །
ཆུང་འདྲིས་རྩེད་རོགས་དྲན་ནས །
སེམས་ལ་སེར་ག་ཤོར་སོང་ །
6.རྨི་ལམ་ནང་དུ་མཇལ་ཆོག
སྟོན་གསུམ་སྟོན་འགོ་ཚུགས་ནས །
བད་དཀར་ས་ལ་ལྷུང་སོང་ །
ཁུ་བྱུག་སེམས་པ་སྐྱོ་བཞིན །
མི་འཕུར་རང་དབང་མེད་སོང་ །
ཁུ་བྱུག་སེམས་པ་མ་སྐྱོ །
མི་རྟག་སྒྱུ་མའི་འགྱུར་ལྡོག
དུས་ཀྱི་ཆོས་ཉིད་ཡིན་རུང་ །
གཅིག་སེམས་གཅིག་ལ་མཐུན་ན །
རྨི་ལམ་ནང་དུ་མཇལ་ཆོག
སྟོན་གསུམ་སྟོན་མཇུག་ཚར་ནས །
མེ་ཏོག་འདབ་མ་ལྷུང་སོང་ །
གཡུ་སྦྲང་སེམས་པ་སྐྱོ་བཞིན །
མི་འཕུར་རང་དབང་མེད་སོང་ །
གཡུ་སྦྲང་སེམས་པ་མ་སྐྱོ །
མི་རྟག་སྒྱུ་མའི་འགྱུར་ལྡོག
ལས་ཀྱིས་བསྐོས་ཐང་ཡིན་རུང་ །
གཅིག་སེམས་གཅིག་ལ་འདྲིས་ན །
རྨི་ལམ་ནང་དུ་མཇལ་ཆོག
7.འབྲུག་ཆུང་སྔོན་མོ །
དགུང་སྔོན་ཕོ་བྲང་ནང་དུ །
འཇའ་ཚོན་ཁྲི་ལ་བཞུགས་པའི །
གཡུ་ཡི་འབྲུག་ཆུང་སྔོན་མོས །
དཀར་དམར་སྤྲིན་གྱི་བར་ནས །
ཁྱུག་འགྲོས་གར་ལ་རོལ་བཞིན །
སྙན་འཇེབས་སྒྲ་དང་འགྲོགས་ནས །
མེ་ཏོག་ཆར་བ་ཕབ་སོང་ །
དགུང་སྔོན་བཀྲ་ཤིས་བདེ་ལེགས །
གཡུ་འབྲུག་ཚེ་རིང་ལོ་བརྒྱ །
ས་གཞིའི་ཕོ་བྲང་ནང་དུ །
པད་མའི་ཁྲི་ལ་བཞུགས་པའི །
མཛེས་སྡུག་རྨ་བྱ་སྔོན་མོས །
སྒྲོ་མདོངས་དཀྱིལ་འཁོར་འོག་ནས །
དགའ་སྐྱིད་གར་ལ་རོལ་བཞིན །
མཛའ་བའི་འཛུམ་དང་འགྲོགས་ནས །
བརྩེ་དུང་ཆང་གིས་བཟི་སོང་ །
ས་གཞི་བཀྲ་ཤིས་བདེ་ལེགས །
རྨ་བྱ་ཚེ་རིང་ལོ་བརྒྱ །
8.གཡུ་སྦྲང་།
མཛེས་སྡུག་སྤང་ལྗོངས་ཐང་གི
མེ་ཏོག་གསེར་ཆེན་མགོ་ལ །
གཡུ་ཡི་སྦྲང་ཆུང་བབས་ཡོད །
དབྱར་གསུམ་ཚ་གདུག་ཆེ་བས །
མེ་ཏོག་མ་སྐམ་བར་དུ །
གཡུ་སྦྲང་གཞན་ལ་མི་འཕུར །
བཅུ་དྲུག་ལང་ཚོ་སྨིན་པའི །
ཞང་བཟང་ཚ་མོའི་སེམས་པ །
ཕ་བཟང་བུ་ལ་འཁོར་ཡོད །
མི་ཡུལ་བཤད་དྲུག་རྒོད་པས །
བརྩེ་དུང་མ་འགྱུར་བར་དུ །
བུ་མོ་གཞན་དང་མི་འགྲོགས །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com