ཆབ་མདོ་དབང་ཆེན་ཉི་མའི་རྩོམ་རིག་འགའ་བཀོད་པ།
རྩོམ་པ་པོ།:དབང་མདའ་ཉི་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-01-29 09:42:00
ཀློག་གྲངས།:
ཚུལ་འཆོས་གདོང་གི་འབག་སྐུ་བཤུས་ནས་ནི། །
ཤ་དང་རུས་པའི་གསེང་གི་ཟུངས་ཁྲག་དངོས། །
སེམས་དང་བསམ་པའི་རྒྱུད་དུ་དྲངས་ལ་ཤོག།།
དེ་ཡང་རྒྱ་གར་འཕགས་ཡུལ་བྱང་རྒྱུད་དང་། །
ཆོ་རྒྱུད་ཙི་ནའི་ཁམས་ཀྱི་སྟོད་ཕྱོགས་སུ ། །
སྲིད་པའི་གངས་ཀྱི་ར་བས་ཡོངས་བསྐོར་བའི། །
སྨན་ལྗོངས་གངས་ཀྱི་ར་བ་ཀུན་ཏུ་མཛེས། །
སྟོད་ཀྱི་སྤུ་ཧྲེང་གངས་ཀྱི་མུ་ཁྱུད་ཅན། །
གངས་ཅན་ལྗོངས་འདི་མགོ་བོའི་ཞྭ་ལྟར་མཛེས། །
མངའ་རིས་སྐོར་གསུམ་གངས་ཀྱི་འཇིག་རྟེན་ཏེ། །
གངས་དཀར་ཏི་སིའི་དབུ་འཕང་དགུང་ལ་བསྙེགས། །
བར་ན་དབུས་གཙང་ཆོས་ཀྱི་ཞིང་ཁམས་ཏེ། །
བོད་ཡུལ་བདུད་མོའི་ཡན་ལག་ཕྱོགས་ཀུན་ཏུ། །
རྒྱལ་བསྟན་བཀའ་དང་བསྟན་པའི་ཕོ་བྲང་བརྩིགས། །
དབུས་གཙང་ཆོས་ཀྱི་ཆོལ་ཁ་རླུང་རྟ་དར། །
སྨད་ཀྱི་སྒང་དྲུག་ས་ཡི་ཐིག་ལེ་རུ། །
ཁམས་དང་ཨ་མདོ་ཞེས་པའི་དཔའ་བོའི་རྒྱུད། །
རུས་རྒྱུད་ཁྲག་གིས་བརྫིས་པའི་མི་བུ་ཀུན། །
གེ་སར་རྒྱལ་པོའི་བུ་རྒྱུད་ཡིན་ཅེས་གྲགས། །
སྤྱིར་ན་ཁ་བ་བོད་ཀྱི་ཡུལ་གཞུང་དུ། །
འཚོ་ཞིང་གནས་པའི་སྤྲེའིུ་བུ་རྒྱུད་རྣམས། །
སྟོད་སྨད་ཀུན་ཏུ་ཁ་ཐོར་གནས་ལགས་པས། །
ཆོལ་གསུམ་བོད་པའི་ཆ་ལུགས་གཅིག་མི་མཚུངས། །
དབུས་དང་གཙང་པ་དག་ལ་ཞེ་ཚིག་དགོས། །
ཁྲི་ཤོར་རྒྱལ་མོའི་ཕྱོགས་ཀྱིས་ཨམ་སྐད་འཆད། །
ཁམས་པའི་བུ་ཡིས་ན་རོ་གང་དགར་སྦྱོར། །
དེ་ལྟར་གཞུང་ལུགས་སྡོང་པོའི་ཡན་ལག་དག།།
མི་མཐུན་ཕྱོགས་སུ་འཐོར་བར་མ་འཛེམས་ན། །
གཞུང་ལུགས་གཡུ་ལོ་རྒྱས་པའི་ལྗོན་པ་འདི། །
སྦྱིན་སྲེག་ཐབ་ཏུ་ལྷུང་བར་ཐེ་མི་ཚོམ། །
དེ་ཕྱིར་ཆོལ་གསུམ་བོད་ཀྱི་རྒྱུད་པ་རྣམས། །
དུས་རབས་དཔའ་བོ་འགྲན་པའི་གཡུལ་ངོ་རུ། །
ཐབས་དང་བཀོད་པ་འཐེན་པར་ཤོག་དང་ཤོག།།
རིག་པའི་ཞིང་ས་སྐྱོང་བར་གྲོས་ཤིག་འདེབས། །
དེ་ཡང་དུས་ཀྱི་འཁོར་ལོའི་ཡར་སྔོན་ན། །
བསིལ་ལྡན་གངས་རི་ལྗོངས་ཞེས་མིང་གི་མཚན། །
ཕྱོགས་ཀྱི་བུ་མོའི་རྣ་བར་ཅོ་འདྲི་བའི། །
བཙན་བརྗིད་སྲོང་བཙན་སྒམ་པོའི་དུས་སྐབས་སུ། །
དྲག་པོ་དམག་གི་འཁོར་ཚོགས་རུ་བཞི་དང་། །
བཙན་པོའི་གདུང་གི་ཆོ་རྒྱུད་མང་ན་ཡང་། །
བྷོ་ཊ་སྨན་ལྗོངས་ར་བ་གང་ཉིད་ནི། །
ཡིག་རྨོངས་གཡང་གི་རོང་དུ་འགྲིམས་ཞེས་གྲགས། །
འོན་ཏེ་གོང་མ་ལྷ་ཡིས་བཀའ་བསྟན་ལས། །
ཐུ་མི་ཨ་ནུའི་སྲས་དེ་རྒྱ་གར་དུ། །
དཀར་ནག་རྒྱ་ཡི་ཡི་གེར་སྦྱོང་པར་མངགས། །
ཉིད་ནི་བློ་གསལ་བློན་ཆེན་ཐོན་མི་ལགས། །
གང་ཉིད་ཚེ་གཅིག་ལས་གཅིག་རྒྱལ་ཁམས་བསྐོར། །
ལྷག་ཏུ་གཙུག་ལག་དུ་མར་ཤེར་ཕྱིན་ཏེ། །
དུས་མཐར་བསིལ་ལྡན་བོད་ཀྱི་སྐད་ཡིག་ཅེས། །
ཆ་མཐུན་དབྱངས་གསལ་སོ་བཞི་གཏན་ལ་ཕབ། །
བརྡ་སྤྲོད་ངག་རིག་བདུད་རྩི་དར་བ་ནས། །
བོད་ཡུལ་ཆོལ་ཁ་གསུམ་གྱི་ཞིང་ཁམས་ན། །
ཕུང་གསུམ་སྐད་ཀྱི་སྤྲིན་ནག་ཕུན་པོ་ནས། །
གཅིག་གྱུར་སྐད་ཀྱི་ཉི་ཟེར་བྱོན་ཞེས་གསུངས། །
རེད་དེ་དུས་རབས་བདུན་པའི་དུས་དཀྱིལ་དུ། །
བོད་ལ་དབྱངས་གསལ་སོ་བཞི་དར་ནས་བཟུང་། །
འཕགས་ཡུལ་སྒྲ་རིག་བསྟན་པའི་མྱུ་གུ་སོགས། །
བདག་ཅག་རིག་པའི་ཞིང་སར་ཡོངས་འབུས་པས། །
ཆོས་སྲིད་རིག་པའི་སྐྱེད་ཚལ་སྡུག་གུར་བཞད། །
འདི་ནི་བྱིས་བློ་ཅན་པའི་ཡན་ཆད་དང་། །
གཞུང་ཆེན་ལྔ་ལ་མཁས་པ་མན་ཆད་ཀྱི། །
ཕལ་ཆེར་ཀུན་གྱིས་སྙོམས་པོ་རྟོགས་ཡོད་པས། །
འདི་རུ་མང་མང་བྱས་ན་ཁྲེལ་བའི་གཞི། །
འོན་ཏེ་བོད་ཀྱི་བསྟན་པའི་ཆོས་དར་དང་། །
སྒྲུང་དང་རྩིས་དང་སྡེབ་སྦྱོར་ཟློས་གར་དང་། །
ཚད་མ་དང་ནི་གསོ་བ་རིག་པ་སོགས། །
མདོར་ན་བོད་ཀྱི་འཚོ་རྟེན་ཡོད་ཚད་ཀུན། །
ཁྲག་གིས་བརྫིས་པའི་གསར་བརྗེ་སྟོང་ཕྲག་དང་། །
ལོ་རྒྱུས་བཞུད་ལམ་རིང་མོའི་ཁུགས་སུ་ནས། །
དེང་འདིར་མཁས་པའི་ལ་རྒྱའི་སྒལ་ཚིགས་དང་། །
བླུན་པོའི་འཚོ་བའི་རྟེན་དུ་གྱུར་པ་སོགས། །
བོད་པ་ཚང་གི་གཡང་རྟེན་གྱུར་བ་ནི། །
དབྱངས་དང་གསལ་བྱེད་སོ་བཞིས་དྲུད་དྲུད་ནས། །
བརྡ་དང་སྒྲ་ཡི་དབྱངས་ཀྱིས་ཁུར་ཁུར་ནས། །
དེང་འདིར་འོ་སྐོལ་མིག་གི་ལང་ཚོ་དང་། །
སེམས་ཀྱི་རྒྱབ་རྟེན་ཚུལ་དུ་ཕུལ་བ་འདི། །
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅོང་ཁ་པའི། །
སྙན་འཇེབས་ཚིག་གི་སྦྱོར་བར་མཁས་དྲགས་པས། །
སྙན་པའི་བྲག་ཅ་གསོན་པོས་འཁྱེར་བ་མིན། །
གཞན་ཡང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱི། །
གཞུང་དོན་རིག་པའི་ཡང་སྲིད་མིན་ལགས་ཤིང་། །
འདི་ནི་ཕ་སྐད་གཙང་མའི་བཞུར་རྒྱུན་གྱིས། །
འདི་ནི་མ་ཡིག་དྭངས་མའི་དར་སྐུད་ཀྱིས། །
ཡུན་ནས་ཡུན་དུ་འཁྱེར་བའི་གཡང་རྟེན་དང་། །
རིང་ནས་རིང་དུ་བརྒྱུས་པའི་རིན་ཆེན་ལགས། །
དེ་བས་ཀ་མད་སུམ་ཅུའི་སྒྲ་དང་གཟུགས། །
གདོང་དམར་མི་རིགས་འདི་ཡི་རྣམ་ཤེས་དང་། །
བཅུ་ཕྲག་རིག་གཞུང་འདི་ཡི་སྲོག་ཡིན་ཞིང་། །
རིག་གནས་མེ་ཏོག་བཞད་པའི་ཞིང་ས་ཡི། །
མེ་ཏོག་སྡུག་གུའི་ཉེར་ལེན་རྒྱུ་དང་བཅས། །
ཡོད་ཚད་ཀ་ཁར་བརྟེན་ནས་རྒྱས་ལ་ཞིང་། །
ཐམས་ཅད་ཀ་ཁར་བསྔས་ནས་འཚོ་བའི་ཕྱིར། །
རིགས་ཀྱི་ཆགས་འཇིག་འདི་ཡང་འདི་ལ་ཐུག།།
དེའི་ཕྱིར་ཉེར་གཅིག་དུས་ཀྱི་བོད་པ་རྣམས། །
བོད་ཀྱི་ཀ་ཁ་གསལ་བྱེད་སུམ་ཅུ་འདི། །
སོ་སོའི་ཐགས་བཟང་སེའུ་འབྲུ་སུམ་ཅུ་དང་། །
བོད་ཀྱི་ཨི་ཨུ་དབྱངས་ཡིག་བཞི་བོ་འདི། །
རང་རང་ལུས་ཀྱི་ཡན་ལག་བཞི་ལྟ་བུར། །
གནས་དང་དུས་ཀྱི་ཁྱད་པར་ཅི་འབྱུང་ཡང་། །
གཏན་དུ་གཅེས་པར་མཛོད་ཅིག་ཨ་མའི་བུ། །
དེ་ནི་རིག་ཞིང་སྐྱོང་བའི་གཞི་རྩ་ཡིན། །
དུས་ཀྱི་འཕེལ་ཁ་རྒོད་པོའི་དེང་གི་ཆར། །
ངེད་ཅག་བསིལ་བའི་ལྗོངས་ཀྱི་རིག་གནས་འདི། །
རིན་ཆེན་གསེར་གྱི་སྤུན་དུ་འཁུམས་ན་ཡང་། །
གོང་མའི་བཀའ་དང་ལྷ་རྗེའི་མོ་ལུང་ཞེས། །
དུས་གསར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། །
དུས་བསྟུན་མདུན་བསྐྱོད་གོམ་པ་མ་སྤོ་ནས། །
འདི་ལྟར་རྨོངས་པའི་སྒྲོམ་དུ་བཅུག་གཞག་ན། །
ཀུན་གྱིས་སྨོད་པའི་གཡང་ལ་ལྷུང་ཉེན་ཆེ། །
དེ་བས་རིགས་ཀྱི་བུ་དང་བུ་མོའི་ཚོགས། །
ཤེས་བྱ་ཀུན་ལ་སྙོམས་པོ་སྦྱོངས་ནས་ནི། །
གཞན་རིག་དཔལ་གྱི་ཆུ་ཁུར་བསུ་ལ་ནས། །
བསིལ་ལྡན་བོད་ཀྱི་རིག་པའི་ཞིང་ས་ལ། །
དུས་དང་མཐུན་པའི་སྦྲང་ཆར་ཕོབས་པ་དང་། །
ཚན་རྩལ་བདུད་རྩིའི་རྫས་ལུད་དྲངས་དགོས་ཤིང་། །
ལ་རྒྱའི་དྲི་བཞོན་འཇམ་པོས་བསླངས་ནས་ནི། །
དུས་རབས་གཡུལ་གྱི་གར་སྟེགས་མཐོན་པོ་རུ། །
མཐུན་སྒྲིལ་ལག་རྡང་སྦྲེལ་ཏེ་སྐྱོར་དགོས་པས། །
བོད་འབངས་སྟོང་གི་ནུས་ཤུགས་དགོས་འདི་འགངས། །
འགངས་ཆེན་རིག་ཞིང་སྐྱོང་བའི་གྲོས་འདེབས་འདི། །
བསླུ་མེད་དུས་ཀྱིས་རྐྱེན་པས་འདི་རུ་འཇོག།།
ཁ་བ་རི་བོའི་རིག་གཞུང་མ་ལུས་ཀུན། །
ཀུན་གྱིས་ལག་ལེན་དོན་དུ་འཁྱོལ་བར་སྨོན། །
གངས་ཅན་བོད་ཀྱི་བྱུང་བ་ཅུང་ཙམ་བརྗོད་པའི་ཚིག་ཕྲེང་དར་དཀར་རིང་མོ།
ལྷ་ཆེན་ཚངས་པ་དཀར་པོའི་བརྩེ་བ་ཐུགས་ཀྱི་བྱིན་རླབས་དང་།།
ལྷོ་ཕྱོགས་རྒྱ་མཚོ་ཆེན་མོའི་སྙན་དབྱངས་སྙིང་དུ་བསྡུས་པ་ལས༎
ལེགས་བྱུང་སྲས་མོ་སྙན་འཇེབས་དབྱངས་ཀྱི་བདག་མོ་དབྱངས་ཅན་མ༎
ལན་གཅིག་དྲུག་འགྱུར་དབྱངས་ཀྱི་ངག་དབང་བདག་ལ་བསྩོལ་དུ་གསོལ༎
འདས་པའི་གངས་ཀྱི་བྱུང་བ་མ་ལུས་སྔོན་བྱོན་མཁས་པའི་གསུང་༎
གསུང་རྩོམ་གཞུང་དང་པོ་ཏི་སོགས་སུ་ལྷང་ངེར་གསལ་ལགས་མོད༎
མོད་ཀྱི་སྙན་ངག་ཚིག་ཏུ་བསྡེབས་པ་བརྒྱ་ནང་གཅིག་གི་གྲངས༎
གྲངས་ཀྱི་སྟོང་ཆ་བསྐང་བའི་བློ་སྤོབས་པིར་གྱི་རྩེ་མོར་རྒྱས༎
དེའི་ཕྱིར་རིགས་ཞེན་པིར་རྩེ་ཕྲ་མོས་གྲེ་བ་སངས་ནས་ནི༎
འདས་ལ་ཕྱི་མིག་འཕེན་བཞིན་མ་འོངས་ལམ་སྣ་འདྲེན་པའི་ཆེད༎
མདོར་འདྲིལ་ཚིག་གིས་ལོ་རྒྱུས་འབབ་རྒྱུན་རིང་མོའི་ཆུ་ཐིགས་ཙམ༎
སྙན་པའི་དབྱངས་རྟར་བརྒྱུས་ཏེ་འཆད་པར་འཁོར་རྣམས་གསོན་དང་ཀྱེ༎
ཇི་སྐད་རྡུལ་གྱི་ཕྲ་རགས་སྟོང་དང་བྱེ་བར་བརྩིགས་པའི་མཐར༎
འཇིག་རྟེན་ཁམས་ཀྱི་མངལ་དུ་གླིང་བརྒྱད་ཁྱེ་འུ་སྦྲུམ་པ་ལྟར༎
ལྷོ་གླིང་སྒོ་ངའི་གཟུགས་ཞིག་མ་བཅོས་རང་བྱུང་ཆོས་སུ་བྱུང་༎
དེ་ཡང་མི་རྟག་འབྱུང་བཞིས་གྲུབ་པའི་ལུས་ཀྱི་ཕུང་པོ་བཞིན༎
བསླུ་མེད་དུས་ཀྱི་འཁོར་ལོ་བརྒྱ་སྟོང་དུ་མའི་ཡར་སྔོན་ན༎
སྲིད་པའི་སྒོ་ངའི་འབྱུང་བཞི་ལས་ཀྱིས་འཁྲུག་པའི་འགྱུ་བག་སྟེ༎
མི་དཔོག་ཆུ་ཡི་བང་མཛོད་ཆེན་པོ་གཏིང་ནས་འཕྱུར་བས་རྐྱེན༎
ཕྱོགས་མཚམས་ཀུན་གྱི་ཆུ་ཡི་སྐ་རགས་ཚལ་བར་རལ་པ་ལས༎
རི་བོའི་བཙུན་གྱི་ར་བར་ཚུད་པའི་ཆུ་ཡི་ཉེས་ཅན་དག །
དེ་མུར་གློད་པ་ཡིད་ཀྱིས་དགའ་བས་མཐའ་ཡས་རྒྱ་མཚོར་འབབ༎
ས་ཡི་སྒལ་པ་འདྲེ་མོས་སེན་ཁྲག་བཏབ་པ་བཞིན་དུ་ལུས༎
གྱེན་འབུར་རི་བོའི་ཐོར་ཅོག་གཅན་གཟན་མཆེ་བ་བསླངས་འདྲར་གཟེངས༎
ཡངས་པའི་ས་སྟོང་ཆུ་མཐོངས་བཞིན་ལ་འཁུ་བའི་ཚུལ་དུ་གནས༎
དམའ་ས་གྲོག་རོང་ལག་གི་ཁྱོར་བ་བཞིན་དུ་གཟར་བོ་ཆེ༎
མཚེའུ་གཡུ་ཡི་ཞུན་མ་རི་བོའི་གཞོང་པ་ཀུན་ཏུ་ལྟིར་ལྟིར་འཁྱིལ༎
དཀར་པོ་གངས་ཀྱི་ཕྱིང་ཞྭ་རི་བོས་གཙུག་གི་རྒྱན་དུ་བཞེས༎
སྔོ་ལྗང་ནགས་ཀྱི་གཡུ་ལོ་རི་ཡི་སྐེད་དུ་དར་ཟབ་ཚུལ་དུ་བཀླུབས༎
མདོར་ན་འཛམ་གླིང་ཡང་རྩེ་གངས་ཅན་བོད་ཀྱི་ཞིང་ཁམས་ཞེས༎
དགེ་བཅུ་ཚང་བའི་སྣོད་ཀྱི་འཇིག་རྟེན་བྱུང་ཞེས་ཀུན་གྱིས་བཞེད༎
དེ་ཡང་ཁྱད་མཚར་སྣོད་ཀྱི་ཡོལ་གོ་དེ་རུ་ཡར་ཀླུང་རྩེད་ཐང་ཞེས༎
རང་བྱུང་ས་ཡི་ཐིག་ལེ་ཁྱད་པར་བ་ཞིག་ཆགས་པའི་གཞིར༎
རྩི་ཤིང་མེ་ཏོག་འཛུམ་ཞིང་ཤིང་ཏོག་འབྲས་བཟང་བཅུད་དུ་སྨིན༎
དེ་བཞིན་སྲེད་སྐྱེད་རི་དྭགས་བྱེ་བ་འདུར་ཅིང་འཕེལ་བར་བྱས༎
ཁྱད་པར་གོང་པོ་རི་ཡི་ནགས་སུ་རྩེན་པའི་སྤྲ་དང་སྤྲེའུ་ཚོགས༎
ལུས་ཀྱི་ཁོ་ལག་བདེ་ཞིང་རིམ་བཞིན་བློ་རིག་འཕེལ་བའི་ནང་༎
བྱམས་ཆུབ་སེམས་དང་ལྡན་པའི་སྤྲེ་འུ་བྱམས་ཆུབ་སེམས་དཔའ་དང་༎
ཇོ་མོ་ཁྲོ་གཉེར་བ་ཡི་སྤྲུལ་པ་བྲག་གི་སྲིན་མོ་ཞེས༎
ཕྱིས་ཀྱི་ནང་པའི་ཆོས་དང་དྲན་དབང་དམ་པའི་ངག་སྦྱོར་ལས༎
བྱུང་བའི་མིང་གི་བརྡ་འདི་འདོད་དང་རྗེས་གྲུབ་གང་ཞིག་དང་༎
མཐུན་མིན་ཤེས་དམན་བློ་ཡིས་བརྡར་ཤ་གཅོད་པར་མི་ནུས་ཀྱང་༎
མཁས་བརྒྱ་མགྲིན་གཅིག་མཐུན་པར་སྤྲེ་འུ་དེ་གཉིས་སྡེབ་པ་ལས༎
བཙས་པའི་ཕྱི་རབས་ཀུན་གྱི་བློ་ཡི་གོ་རྟོགས་འཕེལ་བཞིན་དུ༎
དུས་ཀྱི་འགྱུར་བའི་ཀློང་ནས་ལུས་ཀྱི་སྤུ་རྣམས་ཇི་འཐོར་དང་༎
རྐུབ་ཀྱི་རྔ་མ་འཁྱུག་པོ་ཇེ་ཐུང་ཇེ་སྐམ་གྱུར་བའི་རྗེས༎
བགྲོད་བྱེད་ཟུང་གིས་ལུས་ཀྱི་ཕུང་པོ་ཐེག་པའི་དུས་ནས་བཟུང་༎
སྲོག་ལྡན་བྱེ་བ་འབུམ་གྱི་འཇིག་རྟེན་གོར་མོའི་གཞིས་ཁྱིམ་དུ༎
ཀེར་ཀེར་འགྲོ་བའི་གདོང་དམར་རིགས་ཀྱི་རྒྱུད་པ་འཕེལ་བ་ན༎
ཡར་ཀླུང་ཡུལ་དང་གངས་ཀྱི་ར་བའི་སྟོད་སྨད་བར་གསུམ་དུ༎
རིགས་རྒྱུད་གཙང་མའི་གཞིས་ཁྱིམ་ངང་གིས་ཆགས་པའི་ཚུན་ཆུད་དུ༎
ས་སྒང་རིལ་མོའི་གཙུག་ཏུ་སྔ་ན་མེད་པའི་གཟི་བརྗིད་འབར། །
འོན་ཏེ་སྟོད་དང་སྨད་དང་རིགས་རྒྱུད་ཚོ་པའི་ཕན་ཚུན་དབར། །
གཅིག་གིས་གཅིག་གནོན་འཐབ་འཛིང་ཁྲག་གི་འཁོར་ལོ་རབ་བསྐོར་བས། །
གཅིག་མཐུན་མི་རིགས་ཞེས་པ་སྒྲ་ཡི་ལྷག་མ་ཙམ་དུ་ཟད། །
དེ་ཡང་བོད་ཁ་གཡག་དྲུག་ཡོངས་ཀྱི་བཀུར་བའི་གཉའ་ཡི་ཁྲིར། །
གཉའ་ཁྲི་བཙན་པོ་ཞེས་པའི་མི་བུ་ནུས་མཐུ་བླ་འཕགས་ཤིང་། །
སྐྱེ་འབྲས་ཀུན་དང་མི་མཐུན་ཕྱག་སོར་དྲ་བ་འབྲེལ་གང་ཉིད། །
བཞུགས་པའི་རྗེས་ནས་བོད་ཡུལ་ཡར་ཀླུང་རྩེད་ཐང་ཕྱོགས་ཀྱི་སར། །
གདོང་དམར་མི་རིགས་འདི་ཡི་བཙན་པོའི་རྒྱལ་རབས་དབུ་འདྲེན་ཅིང་། །
ལྷག་ཏུ་ས་ཞིང་རྨོ་འདེབས་ཕྱོགས་ལ་འཕེལ་ཁ་གཡོ་བ་སོགས། །
ཕྱི་ནང་དཔལ་འབྱོར་འཕེལ་བའི་གྲིབ་མ་ཆོས་འབྱུང་ཁག་ཏུ་གསལ། །
མི་རྟག་དུས་ཀྱི་འཁོར་ལོ་མུ་ནས་མུ་རུ་བཞུད་ལགས་པས། །
གློ་བུར་ཉིད་ལ་གནམ་གྱི་ཁྲི་བདུན་ས་ཡི་ལེགས་དྲུག་སོགས། །
དེ་ལྟར་ས་དང་གནམ་གྱི་ཁམས་སུ་གཤེགས་པའི་རྗེས་ཤུལ་ན། །
མཚན་གྱི་སྙན་གྲགས་ཕྱོགས་ཀྱི་བུ་མོའི་རྣ་བར་ཅོ་འདྲི་བའི། །
བཙན་པོའི་རྒྱལ་རབས་སོ་གསུམ་པ་ཞེས་བཙན་བརྗིད་སྲོང་བཙན་རྗེ། །
འཕོང་སྐྱེན་ལ་སོགས་ཐབས་དང་བློ་གྲོས་དཔག་པར་མི་ནུས་པའི། །
སྐྱེས་བུ་གང་ཉིད་ཐུ་བྷོའི་མངའ་ཁྲིར་གསོལ་བའི་ཚུན་ཆད་དུ། །
སྲིད་པའི་གངས་ཀྱི་གྱད་མི་དཔའ་བོའི་འཁོར་དང་བཅས་པ་ཡིས། །
སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུས་ཤིང་མཐའ་བཞིའི་ཁམས། །
མཐུན་སྒྲིལ་གཉེན་གྱི་སྒྲིག་སྲོལ་དམ་དུ་བཙུགས་ཏེ་ཁ་བའི་ལྗོངས། །
ལྗོངས་ཀྱི་སྲིད་ཆོས་རིག་གསུམ་འཕེལ་བའི་ཕུན་ཚོགས་ནང་འདྲེན་ཏེ། །
དམར་མཆོད་ཁྲག་གི་ལུགས་སུ་ནང་པའི་ཆོས་ཀྱི་བསྟན་པ་དང་། །
ཤེས་རྨོངས་བློ་ཡི་ཁམས་སུ་དབྱངས་གསལ་སྦྱོར་བ་འདྲེན་པ་སོགས། །
མདོར་ན་གངས་ཅན་ལྗོངས་སུ་རིག་དར་ས་བོན་བཏབ་དང་སྦྲགས། །
བཙན་པོའི་རྒྱལ་རབས་འཐོར་བའི་འགོ་མ་བཙུགས་ཞེས་དེབ་ཐེར་གསལ། །
རེད་དེ་འབངས་ཀྱི་བློ་མོས་འཁྲི་ཤིང་འཁྱུད་པའི་བོན་གྱི་ཆོས། །
འདི་ལྟར་བཙན་པོའི་བཀའ་དང་དྲག་པོས་ཐབས་ཀྱིས་བཅོམ་པས་ན། །
རྒྱལ་བློན་འབངས་ཀྱི་བར་ན་དཀྲུག་ཤིང་ཕུང་མདའ་འཕེན་ཡོད་སྐད། །
དེ་ནས་རྒྱལ་རབས་རིམ་བྱོན་ཅི་དང་གང་གིས་མོས་མཐུ་ལས། །
སྔར་སྲོལ་འཇོམས་པའི་ལམ་དུ་ཞུགས་པར་མཐུ་ནུས་ཆེ་བར་སྙམ། །
ལྷག་ཏུ་ཆོས་རྒྱལ་གཙུག་བརྟན་ཨག་ཚོམ་སྲས་སུ་འཁྲུངས་པ་ཡི། །
ཁྲི་སྲོང་ལྡེ་བཙན་ཞེས་བྱ་ཆོས་འཇིག་ཟུང་ལ་དབང་མཛད་པའི། །
བོད་རྒྱལ་སོ་བརྒྱད་ཉིད་ཀྱི་ཕུང་པོར་ཤེས་པ་ཟུག་པའི་རིང་། །
བྷོ་དྷི་ས་ཏྭ་གུ་རུ་ཆེན་མོ་ལ་སོགས་གདན་ཞུས་ཏེ། །
བོད་ཀྱི་ཡུལ་དུ་སངས་རྒྱས་བཀའ་དང་བསྟན་བཅོས་འཕེལ་བའི་ཕྱིར། །
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཕོ་བྲང་དང་། །
བསྟན་པའི་རྒྱལ་ཚབ་སད་པའི་མི་བདུན་བྱུང་བའི་ཚུན་ཆད་དུ། །
བོད་ཡུལ་སྟོད་སྨད་ཀུན་ཏུ་མདོ་ཁང་དབེན་གནས་རབ་བརྩིགས་ཤིང་། །
ངུར་སྨྲིག་མདངས་ཀྱིས་སྐྱེས་ཕོའི་འདོད་པ་སྒྲོམ་དུ་བཅུག་པ་ནས། །
བོད་ཀྱི་ཡུལ་འདི་བྱམས་དང་སྙིང་རྗེའི་གདུལ་ཞིང་གྱུར་ཡོད་ཟེར། །
འོན་ཏེ་ཞེ་གསུམ་འུ་དུམ་བཙན་པོའི་སྐྱ་མོའི་འཇིག་རྟེན་དུ། །
དམ་པའི་ཆོས་ཀྱི་སྒོ་མོ་གདེངས་ཀ་ཆེན་པོའི་ཁ་སྒོ་རུ། །
གདོང་དམར་གསོ་བ་ཕལ་ཆེར་ཁུང་ཉལ་བྱི་བ་འཛུལ་དང་བཅས། །
དེ་བས་འཇིག་རྟེན་སྲིད་ཀྱི་རྟ་ཕོའི་སྲབ་ཁ་ལྷོད་ལ་ཤོར། །
འཁོར་བ་སྡུག་གི་མཚོ་མོར་མོ་དམན་ཉ་མོའི་ཁམས་ཆགས་པས། །
དེ་ཡང་རྭ་ཅོའི་ཐོར་གཙུག་ཅན་དུ་གྲགས་པའི་རྗེ་བོ་དེས། །
མ་བཟོད་བསྟན་པའི་ཆོས་ཀྱི་བཀའ་དང་བསྟན་བཅོས་ཡོད་ཚད་ཀུན། །
བཤིག་པའི་སྦྱོར་བ་བརྩེ་མེད་གཤིན་རྗེའི་ལས་ལ་འགྲན་པར་བྱས། །
དེ་བས་བཙན་པོའི་འཁོར་དུ་ཁྱི་ཚོགས་ནང་དམུར་བྱེད་འགོ་རྩོམ། །
ལྷག་པར་ལྷ་ལུང་དཔལ་གྱི་རྡོ་རྗེས་གོང་མའི་བླ་སྲོག་བཀུམས། །
ཨ་ཨ་བཙན་པོའི་རྒྱལ་རབས་ཆེན་མོའི་བ་དན་འགྱེལ་ནས་བཟུང་། །
བཙན་པའི་རྒྱུད་དུ་སྐྱེས་པའི་སྤུན་ཟླ་རང་སར་འཐོར་ཅིང་མཆེད། །
དེ་བས་བོད་ཡུལ་སྐྱ་མོའི་ཐང་ལ་རླུང་གིས་གར་བསྒྱུར་ཅིང་། །
ནང་སོག་དབྱིན་གྱིས་དྲག་པོའི་དམག་གིས་གཉའ་བ་ཞུམ་པར་མཛད། །
ཀྱེ་མ་གངས་རི་དཀར་པོའི་གཞུང་དུ་སྐྱེས་པའི་འཛུམ་དྲུག་དང་། །
དམར་ཡག་ནགས་སུ་བསྐྱོད་པའི་བརྟུལ་ཞུགས་འཛིན་པ་གང་དེ་ཡི། །
མཚན་དང་གཟི་བརྗིད་དཔའ་བརྟུལ་མི་རྟག་ལ་ཁའི་ཉི་མ་བཞིན། །
གསོན་པོའི་སྟག་མོར་ལྕགས་ཀྱི་ཁོ་སྒྲོག་བཅིངས་པ་འདི་དྲན་ཚེ། །
ལོ་རྒྱུས་གཡོ་རླབས་རྩེ་ནས་མིག་ཆུའི་རྩིག་པ་ཁྲག་གིས་བརྩིགས། །
ཀྱེ་ཀྱེ་སྐྱིད་སྡུག་ཉི་མ་ཆུ་ལྷའི་ཕང་བར་བཞུད་ན་ཡང་། །
དེང་འདིར་དུས་ཀྱི་རླུང་ཁའི་རྩེ་ནས་འདུར་ཅིང་ཉལ་འདི་ཅི། །
ལོ་རྒྱུས་རྣག་གིས་མགྲིན་པ་འཚང་ན་ཡང་། །
དེང་གི་འཚོ་བའི་བྲོ་རར་འདུར་བའི་བོད། །
རླབས་ཆེན་གུང་ཁྲན་ལུགས་ཀྱི་ལམ་བུའི་སྟེང་། །
བདེ་ལྡན་སྐྱིད་པའི་གླུ་དབྱངས་ཤུགས་ཀྱིས་ལེན། །
སྤྱིར་ན་མཁས་པའི་མདུན་སར་ཉན་ཐོས་བྱང་ཆུབ་མཆོག་ལ་ཀ་ཁའི་ཚིག་བཞིན་དུ། །
ཁྲེལ་བའི་གཞི་རུ་གྱུར་ཀྱང་ཀ་ཁ་སུམ་ཅུར་རྨོངས་པའི་དོན་གཉེར་རྣ་བའི་བཅུད། །
མགོ་རྟིང་ལྷུ་ལག་མ་ཚང་བ་ཡི་བོད་ཀྱི་བྱུང་བ་ཅུང་ཙམ་བརྗོད་པ་འདི། །
འཁྱམས་པོོ་དབང་མདའ་ཉི་མས་རྩོམ་གྱི་བུ་མོར་བརྩེ་དུངས་ཆགས་པའི་ལན་དུ་བྲིས། །
ཞེས2012ལོའི་ཟླ10བའི་ཚེས22ཀྱི་དགོང་མོར་བྲེལ་སྟབས་ཀྱིས་མཇུག་བསྡུས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།