ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།
རྩོམ་པ་པོ།:ཆབ་འགག་རྡོ་རྗེ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-08-17 10:13:00
ཀློག་གྲངས།:
འདང་ཆེན།
སྤང་ལྗོངས་སྔོན་མོ་སྟེང་གི།
ཅང་ཤེས་རྟ་མང་གྲལ་ནས།།
འདང་ཆེན་འདོ་བ་གཅིག་ཡོད།།
མགོ་རྣ་དགུང་གི་འབྲུག་ཡིན།།
གོམ་ལག་གློག་གི་མྱུར་ཡིན།།
བརྒྱུགས་ན་ནམ་མཁའི་བྱ་ཡིན།།
གངས་དཀར་སེམས་ཀྱི་རྟ་ཡིན།།
འདང་ཆེན་ཟེར་དོན་དེ་ཡིན།།
ཕ་ཡུལ་སྡེ་ཆེན་གྲོང་གི།
ཁ་ཡ་ན་ཟླའི་གྲལ་ནས།།
འདང་ཆེན་བུ་མོ་གཅིག་ཡོད།།
མཐོང་ན་མིག་གི་རྒྱན་ཡིན།།
འགྲོགས་ན་སེམས་ཀྱི་སྐྱིད་ཡིན།།
འཕྲད་པ་སྔོན་བསགས་ལས་ཡིན།།
ཡ་ཆུང་ཁོག་གི་སྙིང་ཡིན།།
འདང་ཆེན་ཟེར་དོན་དེ་ཡིན།།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་གངས་ཅན།།
བོད་ནས་སྐྱེ་ན་འདོད།།
ཆོས་ཡིག་དྲུག།
མ་ཎི་གདོན་ན་འདོད།།
བྱམས་སྙིང་རྗེ།།
རྒྱུད་ལ་གྲུབ་ན་འདོད།།
གཞུང་རིག་གནས།།
ཤེས་བྱ་སྦྱང་ན་འདོད།།
ངས་སེམས་ནས།།
གངས་ལྗོངས་བརྗེད་མེད་ཡིན།།
བོད་གངས་ཅན།།
བསྙེག་ནས་ཡོང་ན་འདོད།།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་ཨ་མའི།།
རུམ་ནས་སྐྱེ་ན་འདོད།།
དྲིན་ཨ་མ།།
ཟེར་ནས་བོས་ན་འདོད།།
བྲང་ནུ་མ།།
ད་རུང་ནུ་ན་འདོད།།
མ་དྲིན་མོའི།།
དྲིན་ལན་མཇལ་ན་འདོད།།
ངས་སེམས་ནས།།
ཨ་མ་བརྗེད་མེད་ཡིན།།
དྲིན་ཨ་མ།།
བསྙེག་ནས་ཡོང་ན་འདོད།།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་ཕ་ཡུལ།།
ཕྱོགས་ནས་སྐྱེ་ན་འདོད།།
གོས་ལུག་ཆུང་།།
ཚ་རུ་གོན་ན་འདོད།།
ཟས་སྦྲང་དཀར།།
རྩམ་པ་ཟོས་ན་འདོད།།
སྐད་བོད་སྐད།།
གཙང་མ་བཤད་ན་འདོད།།
ངས་སེམས་ནས།།
ཕ་ཡུལ་བརྗེད་མེད་ཡིན།།
སྐྱིད་ཕ་ཡུལ།།
བསྙེག་ནས་ཡོང་ན་འདོད།།
སྤང་ལྗོངས་སྔོན་མོ་སྟེང་གི།
ཅང་ཤེས་རྟ་མང་གྲལ་ནས།།
འདང་ཆེན་འདོ་བ་གཅིག་ཡོད།།
མགོ་རྣ་དགུང་གི་འབྲུག་ཡིན།།
གོམ་ལག་གློག་གི་མྱུར་ཡིན།།
བརྒྱུགས་ན་ནམ་མཁའི་བྱ་ཡིན།།
གངས་དཀར་སེམས་ཀྱི་རྟ་ཡིན།།
འདང་ཆེན་ཟེར་དོན་དེ་ཡིན།།
ཕ་ཡུལ་སྡེ་ཆེན་གྲོང་གི།
ཁ་ཡ་ན་ཟླའི་གྲལ་ནས།།
འདང་ཆེན་བུ་མོ་གཅིག་ཡོད།།
མཐོང་ན་མིག་གི་རྒྱན་ཡིན།།
འགྲོགས་ན་སེམས་ཀྱི་སྐྱིད་ཡིན།།
འཕྲད་པ་སྔོན་བསགས་ལས་ཡིན།།
ཡ་ཆུང་ཁོག་གི་སྙིང་ཡིན།།
འདང་ཆེན་ཟེར་དོན་དེ་ཡིན།།
སྨོན་ལམ།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་གངས་ཅན།།
བོད་ནས་སྐྱེ་ན་འདོད།།
ཆོས་ཡིག་དྲུག།
མ་ཎི་གདོན་ན་འདོད།།
བྱམས་སྙིང་རྗེ།།
རྒྱུད་ལ་གྲུབ་ན་འདོད།།
གཞུང་རིག་གནས།།
ཤེས་བྱ་སྦྱང་ན་འདོད།།
ངས་སེམས་ནས།།
གངས་ལྗོངས་བརྗེད་མེད་ཡིན།།
བོད་གངས་ཅན།།
བསྙེག་ནས་ཡོང་ན་འདོད།།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་ཨ་མའི།།
རུམ་ནས་སྐྱེ་ན་འདོད།།
དྲིན་ཨ་མ།།
ཟེར་ནས་བོས་ན་འདོད།།
བྲང་ནུ་མ།།
ད་རུང་ནུ་ན་འདོད།།
མ་དྲིན་མོའི།།
དྲིན་ལན་མཇལ་ན་འདོད།།
ངས་སེམས་ནས།།
ཨ་མ་བརྗེད་མེད་ཡིན།།
དྲིན་ཨ་མ།།
བསྙེག་ནས་ཡོང་ན་འདོད།།
སྐྱབས་བསླུ་མེད།།
དཀོན་མཆོག་གསུམ་པོ་མཁྱེན།།
སྐྱེ་ཡང་ཡང་།།
མི་ལུས་ཨེ་འཐོབ་ལ།།
སྐྱེ་ཡང་ཡང་།།
མི་ལུས་འཐོབ་ཐུབ་ན།།
ང་ཕ་ཡུལ།།
ཕྱོགས་ནས་སྐྱེ་ན་འདོད།།
གོས་ལུག་ཆུང་།།
ཚ་རུ་གོན་ན་འདོད།།
ཟས་སྦྲང་དཀར།།
རྩམ་པ་ཟོས་ན་འདོད།།
སྐད་བོད་སྐད།།
གཙང་མ་བཤད་ན་འདོད།།
ངས་སེམས་ནས།།
ཕ་ཡུལ་བརྗེད་མེད་ཡིན།།
སྐྱིད་ཕ་ཡུལ།།
བསྙེག་ནས་ཡོང་ན་འདོད།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།