ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།

རྩོམ་པ་པོ།:ཆབ་འགག་རྡོ་རྗེ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-17 10:13:00 ཀློག་གྲངས།:
                                                              ཆུང་འདྲིས་མཛའ་མོ་རྒས་སོང་།

སྐྱིད་མི་རྟག་དབྱར་ཁའི་འཇའ་ཚོན།།
ཚེ་མི་རྟག་མཚན་མོའི་རྨི་ལམ།།
ངའི་ཅང་ཤེས་རྟ་ཕོ་རྒས་སོང་།།
གཟུགས་གཡུ་འབྲུག་འདྲ་བོ་བྲི་སོང་།།
ཤ་གྲུ་གུ་འདྲ་བོ་ལྷུང་སོང་།།
འགྲོས་གློག་ཞགས་འདྲ་བོ་འཆོལ་སོང་།།
རྒྱུག་གོམ་ལག་ཅན་གྱི་འདོ་བ།།
ཁྱོད་རིག་ན་ཡིད་སེམས་སྐྱོ་སོང་།།

སྐྱིད་མི་རྟག་དབྱར་ཁའི་འཇའ་ཚོན།།
ཚེ་མི་རྟག་མཚན་མོའི་རྨི་ལམ།།
ངའི་ཆུང་འདྲིས་མཛའ་མོ་རྒས་སོང་།།
འཛུམ་མེ་ཏོག་འདྲ་བོ་ཡལ་སོང་།།
ཡག་ལྷ་སྐུ་འདྲ་བོ་ཤོར་སོང་།།
སྐད་དྲིལ་ཆུང་འདྲ་བོ་འགྱུར་སོང་།།
ཞེ་སྣང་བ་མཐུན་པའི་མཛའ་མོ།།
ཁྱོད་རིག་ན་ཡིད་སེམས་སྐྱོ་སོང་།།

ཁ་ཡག་ངོ་དགའ།


རྟ་བརྒྱ་རྟ་མང་འཚོགས་དུས།།
འདང་ཆེན་རྟ་ཕོ་ཟེར་ནས།།
ཁ་ཡག་ངོ་དགའ་མ་བཤད།།
འདང་ཆེན་ཡིན་པ་བདེན་ན།།
གསེར་སྒ་རྒྱབ་ནས་བླངས་ཏེ།།
རི་རྒྱག་བྱེད་དོན་ཅི་ཡིན།།

ཁ་ཡ་ན་ཟླ་འཚོགས་དུས།།
ཆུང་འདྲིས་རྩེད་རོགས་ཟེར་ནས།།
ཁ་ཡག་ངོ་དགའ་མ་བཤད།།
ཆུང་འདྲིས་ཡིན་པ་བདེན་ན།།
དམ་ཚིག་མདུད་པ་ལྷོད་ནས།།
ཁྲེལ་གཞུང་མེད་དོན་ཅི་ཡིན།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།