ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།

རྩོམ་པ་པོ།:ཆབ་འགག་རྡོ་རྗེ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-17 10:13:00 ཀློག་གྲངས།:

ཉི་ཟླའི་བརྩེ་དུང་།
ཆབ་འགག་རྡོ་རྗེ་ཚེ་རིང་།

ཁྲི་གདུགས་འོད་སྟོང་འབར་བའི།།
གསེར་གྱི་ཉི་མ་སེར་པོ།།
ཉ་གང་ལང་ཚོ་རྫོགས་པའི།།
དངུལ་གྱི་ཟླ་བ་དཀར་པོ།།
ཉི་ཟླ་ལས་འཕྲོ་ཡོད་པས།།
མཐོན་པོ་ཨ་སྔོན་དགུང་ནས།།
གཅིག་སེམས་གཅིག་ལ་དུངས་ཡོད།།
གཅིག་འོད་གཅིག་ལ་ཐིམ་ཡོད།།
གསེར་གྱི་ཉི་མ་སེར་པོ།།
དངུལ་གྱི་ཟླ་བ་དཀར་པོ།།

ཡབ་ལྷ་ཐུགས་རྗེ་ཆེན་པོ།།
ཨ་ཇོ་སྲོང་བཙན་སྒམ་པོ།།
ཡུམ་ལྷ་སྒྲོལ་མ་སྔོན་མོ།།
ཨ་ཅེ་རྒྱ་བཟའ་ཀོང་ཇོ།།
ཡབ་ཡུམ་ལས་འཕྲོ་ཡོད་པས།།
གངས་ཅན་བོད་ཀྱི་ལྗོངས་ནས།།
གཅིག་སེམས་གཅིག་ལ་འཁྲེང་ཡོད།།
གཅིག་བློ་གཅིག་ལ་མཐུན་ཡོད།།
ཨ་ཇོ་སྲོང་བཙན་སྒམ་པོ།།
ཨ་ཅེ་རྒྱ་བཟའ་ཀོང་ཇོ།།

བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ཞེས་པའི་མཇུག་གི་གླུ་ཚིག

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།