ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།

རྩོམ་པ་པོ།:ཆབ་འགག་རྡོ་རྗེ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-17 10:13:00 ཀློག་གྲངས།:
                                                   སྙིང་སྡུག་པ་ལ།

གསེར་གྱི་ལ།
གཙུག་རྒྱན་སྟེང་གི
སྙིང་སྡུག་པ་ལ།
གཡུ་ཆུང་དྲུག་དཀར་མཛེས་སོང་།

བདག་གི་ལ།
ཆུང་འདྲིས་བྱམས་པའི།
སྙིང་སྡུག་པ་ལ།
རིན་ཆེན་དོ་ཤལ་ཡིན་སོང་།

སེམས་ཀྱི་ལ།
སྒྲོམ་ཆུང་ཁ་ལ།
སྙིང་སྡུག་པ་ལ།
མི་འབོར་ཟྭ་སྒྲོག་བཏབ་ཡོད།

དམར་ཆུང་གི
སྲོག་ལ་བབས་ཀྱང་།
སྙིང་སྡུག་པ་ལ།
མི་འགྱུར་དམ་བཅའ་བཞག་ཡོད།

ཧེ-----ཧེ་ཧེ་ཧེ-----
འོ-----འོ་འོ་འོ-----

རྗེ་བཙུན་ལ།
སྒྲོལ་མའི་མདུན་ནས།
སྙིང་སྡུག་པ་ལ།
སེམས་ནས་སྐྱབས་འཇུག་ཞུས་ཡོད།

ཚེ་གཅིག་ལ།
ལུས་གཅིག་འདི་ལ།
སྙིང་སྡུག་པ་ལ།
གཅིག་སེམས་གཅིག་ལ་འཁྲེང་ཡོད།

ཚེ་གཅིག་ལ།
ལུས་གཅིག་འདི་ལ།
སྙིང་སྡུག་པ་ལ།
གཅིག་སེམས་གཅིག་ལ་འཁྲེང་ཡོད།

སྤང་ལྗོངས་ལ།
སྐྱེད་མོས་ཚལ་ནས།
སྙིང་སྡུག་པ་ལ།
མེ་ཏོག་སྣ་ཚོགས་བཞད་ཡོད།

ང་ཡི་ལ།
མིག་ལ་མཛེས་པ།
སྙིང་སྡུག་པ་ལ།
སྐལ་བཟང་མེ་ཏོག་ཡིན་སོང་།

ལྷ་མོ་ལ།
སྟོང་གི་གྲལ་ནས།
སྙིང་སྡུག་པ་ལ།
ཡིད་འཕྲོག་ལྷ་མོ་མཛེས་སོང་།

ཆུང་འདྲིས་ལ།
རྩེ་རོགས་ནང་ནས།
སྙིང་སྡུག་པ་ལ།
ང་ཡི་བྱམས་པ་མཛེས་སོང་།

ཧེ------ཧེ་ཧེ་ཧེ-------
འོ------འོ་འོ་འོ-------

ཕ་ཡུལ་ལ།
ཕྱོགས་ནས་ཡོང་བའི།
སྙིང་སྡུག་པ་ལ།
ལྷ་བྱ་ཁྲུང་ཁྲུང་དཀར་མོ།

བདག་གི་ལ།
ཆུང་འདྲིས་བྱམས་པའི།
སྙིང་སྡུག་པ་ལ།
སྐྱིད་སྡུག་སྐད་ཆ་ཨེ་གོ

ཧེ--------ཧེ་ཧེ་ཧེ--------
འོ--------འོ་འོ་འོ--------

གསེར་གྱི་ལ།
གཙུག་རྒྱན་སྟེང་གི
སྙིང་སྡུག་པ་ལ།
གཡུ་ཆུང་དྲུག་དཀར་མཛེས་སོང་།

བདག་གི་ལ།
ཆུང་འདྲིས་བྱམས་པ།
སྙིང་སྡུག་པ་ལ།
རྨི་ལམ་ནང་ནས་མཇལ་བྱུང་།

བདག་གི་ལ།
ཆུང་འདྲིས་བྱམས་པ།
སྙིང་སྡུག་པ་ལ།
རྨི་ལམ་ནང་ནས་མཇལ་བྱུང་།

ལྷ་སའི་གླུ་བ་པད་མ་རྒྱལ་གྱི་རེ་བ་ལྟར་བྲིས་པའི་གླུ་ཚིག

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།