གངས་ཏི་སེའི་སྐོར་ལམ་གྱི་སྔོ་ཏི་མུ་ས། ལྷུ་ཁོ།
རྩོམ་པ་པོ།:ལྷུ་ཁོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-17 08:40:16
ཀློག་གྲངས།:
ཕྱི་ལོ2025ལོའི་ཟླ8པར་བོད་ལྗོངས་སུ་རྩི་ཤིང་རྟོག་དཔྱོད་དུ་འགྲོ་བའི་གླགས་ཙམ་འགྲིག དང་ཐོག་ལྷ་ས་གྲོང་ཁྱེར་གྱི་བྱང་བརྒྱུད་དོག་སྡེའི་ལུང་པར་ཆས། དེའི་རྗེས་ལ་ཀོང་པོ་སྨན་གླིང་དང་། ཉིང་ཁྲི་ས་ཁུལ་གསེར་སྐྱེམས་ལ་བཅས་སུ་ཕྱིན། དེ་ནས་གཞིས་ཀ་རྩེ་དང་། གཙང་ངམ་རིང་། འབྲོང་པ་རྫོང་སོགས་བརྒྱུད་དེ། མངའ་རིས་སྤུ་ཧྲེང་དུ་འབྱོར། དེར་ཉིན་སྔ་མའི་རྩི་ཤིང་བརྟག་དཔྱད་ཀྱི་རྩིས་ཐོ་དག་བསྒྲིགས་དང་། དམར་དཔེ་སྡུད་གསོག པར་རིས་རྣམས་ཁག་བགོ །ས་བོན་རྣམས་བསིལ་སྐམ་བྱས་རྗེས། གངས་རིན་པོ་ཆེའི་བརྒྱུད་ཀྱི་རྩི་ཤིང་རྩ་ཆེན་པོ་དག་འཚོལ་ཞིབ་བགྱི་པར་སྟ་གོན་བྱས། ཐེངས་འདིར་རྩི་ཤིང་གི་རིགས་སྣ་འཛོམས་པའི་མཐོ་སྒང་གི་ཡུལ་ལུང་ཁ་ཤས་རྒྱབ་ཏུ་བསྐྱུར་ནས་བྲེལ་སྟབས་ཀྱིས་ཆེད་དུ་མངའ་རིས་སྤུ་ཧྲེང་ལ་ཡོང་དགོས་པའི་རྒྱུ་མཚན་ནི། གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་ལས། གནས་མཆོག་ཁྱད་འཕགས་ཁ་བ་ཅན་འདི་ན། །སྨན་མཆོག་ཟིལ་བ་ཅན་དུ་རབ་གྲགས་པ། །རྒྱ་གར་རྒྱ་ནག་བལ་བོ་གསེར་གླིང་ཡུལ། །གྲུ་གུ་དོལ་པོ་ཁྲོམ་གྱི་ཡུལ་དག་ན། །སྨན་མཆོག་འདི་དག་མི་སྐྱེ་བོད་ཡུལ་སྐྱེ། །ཏི་སེ་གངས་ཀྱི་འདབས་མ་ན། །རྫ་དང་ཆུ་བྲག་འདྲེས་མའི་སར། །ལྷ་དང་དྲང་སྲོང་གིས་སྐྱེད་སྨན། །ལོ་མ་མཐུག་ལ་ཕྲ་བ་སྟེ། །སྡོང་བུ་ཁོང་སྟོང་ཕྲ་ལ་རིང་། །མེ་ཏོག་སྔོ་དང་སེར་པོ་གཉིས། །མིང་ཡང་སོ་སོར་ལྷ་ཡིས་བཏགས། །ཞེས་པ་དང་། དཔག་བསམ་ལྗོན་ཤིང་ལས། སྟོང་རི་བསིལ་བ་ཞེས་བྱ་བ། །རྫ་ཡི་ཆུ་ཤུར་སྐྱེ་བ་སྟེ། །མེ་ཏོག་སྔོ་དམར་ཟིལ་བ་ཅན། །ཚ་བ་ཐམས་ཅན་འཇོམས་པ་ཡིན། །མཁྲིས་པའི་ནད་ལ་བདུད་རྩི་འདྲ། །ཞེས་བསྟན་པའི་སྔོ་ལྡུམ་རྩ་ཆེན་པོ་འདི་དང་འདིའི་ཉེ་བཤེས་རྩ་ལག་ཏུ་གྱུར་པའི་སེང་གེ་ཟིལ་བ་དང་། རྒྱ་སྟག་ཟིལ་བ། སྨུག་ཆུང་ཟིལ་བ་སོགས་འཚོལ་བའི་ཆེད་དུ་ཡིན།
གནས་འདིར་བརྗིད་ཉམས་ཀྱིས་འགྱིང་པའི་གངས་ཏི་སེ་མཐའ་སྐོར་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་ལུང་སོ་སོ་ནས་སླེབས་པའི་མི་རིགས་སྣ་ཚོགས་པའི་དད་ལྡན་པ་ཚོ་དང་ལྗོངས་རྒྱུ་བ་རྣམས་རྫ་དུག་དང་གྲང་ལྷགས་ཀྱིས་མི་ཁོགས་པར་གཡས་གཡོན་སྐོར་དང་། རྒྱང་ཉེ་སྐོར(ཡང་ན་ཕྱི་ནང་སྐོར)ལ་བྲེལ་འདུག་པ་གསལ་བོར་མཐོང་དུས། ང་ལ་སྔར་མེད་པའི་བྲེལ་འཚབ་ཅིག་ལངས་བྱུང་།
སྐྱེ་དངོས་འཕེལ་འགྱུར་རིག་པའི་ཆ་ནས་བལྟས་ཚེ། ད་ལྟ་ང་ཚོས་མིག་གི་སྤྱོད་ཡུལ་དུ་གྱུར་པའི་སྐྱེ་དངོས་ཡོད་དོ་ཅོག་ནི་ལོ་ངོ་ཁྲི་འབུམ་མང་པོའི་རིང་ལ་རིམ་གྱིས་འཚོ་གནས་ཀྱི་འགྲན་རྩོད་རབ་དང་རིམ་པ་བརྒྱུད་དེ་འཕེལ་འགྱུར་བྱུང་ནས་ཐོན་པར་ཁས་ལེན་ལ། ད་ལྟའི་དུས་སུའང་སྔར་བཞིན་འཚོ་གནས་ཀྱི་ཕྱིར་དུ་ཁོར་ཡུག་ལ་འཕྲོད་མཐུན་འབྱུང་བཞིན་པའི་ཚུལ་ནི་ང་ཚོས་ཐད་ཀར་དུ་མཐོང་ཐབས་བྲལ་བའི་འགྱུར་ལྡོག་ཤིན་ཏུ་ཕྲ་མོའི་རིགས་ཡིན། དེའི་རྐྱེན་གྱིས་ས་བབ་མཐོ་བའི་གནས་འདིར་ཡུལ་གྲུ་གཞན་ལ་མེད་པའི་གངས་རིན་པོ་ཆེའི་སྔོ་ཏི་མུ་ས་ནི་སྐྱེ་སྟོབས་རྫོགས་ནས་ཡོད་པའང་དུས་ཡུན་རིང་མོའི་འཕེལ་འགྱུར་ལ་བརྟེན་ནས་དམིགས་བསལ་གྱི་ཁོར་ཡུག་འཕྲོད་པའི་བདེན་དཔང་རེད། ང་ཚོས་སྐྱེ་དངོས་འཕེལ་འགྱུར་རིག་པའི་བློ་མིག་གིས་ཞིབ་ཏུ་ལྟ་དུས། ཕྱི་ཟླ་བརྒྱད་པར་སྔོ་ལྡུམ་མང་པོ་ཞིག་སྒོ་ཕྱུགས་དང་རི་དྭགས་ཀྱིས་ཟོས་ཚར་ཡང་། ཏི་མུ་ས་སྔ་བཞིན་གནས་དེར་ཀྲོང་ངེར་འགྲེངས་ནས་སྡོད་ཐུབ་པ་དེ་ནི་དུས་ཡུན་རིང་མོའི་འཕེལ་འགྱུར་བརྒྱུད་ནས་རྩྭ་གཟན་སྲོག་ཆགས་ཀྱིས་ཟ་མི་ཕོད་པའི་དུག་གཤིས་ལ་འབྲེལ་བ་ཡོད་ལ། དྲི་མ་དུགས་པ་དེ་ཡང་རྩྭ་གཟན་སྲོག་ཆགས་སྐྱུར་མེར་ལངས་ཤིང་རྒྱང་བཀྱེད་པའི་གནད་ཅིག་རེད། ཏག་ཏག་ལ་དྲི་མ་དེ་ནི་མཁའ་རླུང་ཁྲོད་དུ་མཆེད་པའི་དུས་ལ་སྦྲང་མ་དང་ཕྱེ་མ་ལེབ་སོགས་འདྲེན་འགུག་བྱས་ཏེ་ཟེའུ་རྡུལ་འགྲེམ་སྤེལ་བྱེད་པར་ཕན་ཡང་སྲིད། གཞན་ཡང་ཁོར་ཡུག་འདི་ལྟ་བུར་འཚོ་གནས་བྱེད་པར་ཕྱིའི་གྲང་ལྷགས་དང་ཁ་ཆར། ཉི་འོད་བཙན་པོ་བཅས་ལ་གདོང་གཏད་དགོས་པས། སྔོ་ཏི་མུ་སའི་ས་སྟེང་གི་ལྡུམ་ཕུང་ཧྲིལ་བོར་བ་སྤུས་ཁེབས་ཤིང་། རྡུལ་ཞག་ཕྲ་མོས(蜡质)གཡོགས་ཡོད་པ་རེད། ཁྱད་པར་དུ་རིགས་རྒྱུན་ཕྱི་མ་སྤེལ་བ་དེ་ནི་སྐྱེ་དངོས་གང་ཞིག་འཚོ་གནས་དང་འཕེལ་འགྱུར་འབྱུང་བར་འབྲེལ་བ་དམ་པོ་ཡོད་པའི་ཕྱིར་ན། དམིགས་བསལ་གྱི་ཁོར་ཡུག་འདི་རུ་གནད་དོན་དེ་ཐག་གཅོད་པར་སྔོ་ཏི་མུ་སའི་མེ་ཏོག་གི་ནང་གི་དྲི་དུགས་ཤིང་། ཕྱིའི་གོས་ཐུམ་གྱི་ཁ་དོག་རྣམ་པར་བཀྲ་བ། དབྱིབས་འཛོང་ཁུག་ལྟ་བུར་གྱུར་པས་སྦྲང་མ་དང་ཕྱེ་མ་ལེབ་ནི་མེ་ཏོག་གི་རྩི་བཅུད་ལེན་པར་འོངས་པའི་སྐབས་དང་འབྲེལ་ནས་ཕྱིའི་གོས་ཐུམ་གྱིས་གྲུབ་པའི་གནས་ཚང་དྲོན་མོ་དེར་གཞིས་ཆགས་ཤིང་། ཞོར་ལ་ཟེའུ་རྡུལ་སྦྱོར་འགྲེམ་དང་འབྲས་བུ་ཐོགས་པར་མཐུན་རྐྱེན་བསྐྲུན་ཡོད་པ་རེད། འབྲས་བུ་ཐོགས་རྗེས་རྩ་བའི་ཆ་ནས་རྩི་ཤིང་གང་དེའི་རིགས་རྒྱུན་ཕྱི་མ་སྤེལ་བྱེད་ཀྱི་ས་བོན་གྲུབ་ཅིང་འཐོར་བའི་ལས་འགན་དེ་ལེགས་འགྲུབ་བྱེད་པའི་ཆ་རྐྱེན་ཡོངས་སུ་ཚང་བ་རེད། ཏི་སེ་ཏི་མུ་སའི་སྐྱེ་ལུགས་ཀྱི་ཁྱད་ཆོས་དེ་དག་ནི་གཞི་ནས་དམིགས་བསལ་གྱི་གངས་ཏི་སེའི་འཁོར་ཡུག་ལ་འཕྲོད་མཐུན་བྱུང་བའི་སྐྱེ་དངོས་ཀྱི་འཕྲོད་གཤིས(适应性)གལ་ཆེན་ཞིག་ཏུ་བལྟས་ཆོག་པ་རེད།
མདོར་ན། ཏི་སེ་ཏི་མུ་ས་ལ་ལྟ་གཟིགས་དང་། སྨན་སྤྱོད། སྐྱེ་ཁམས་བཅས་ཀྱི་ཐད་རིན་ཐང་གཞལ་དུ་མེད་དོ། །ཡིན་ན་ཡང་བོད་པ་དད་ལྡན་པ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་དང་། སའི་གོ་ལའི་དྲོད་ཚད་ཇེ་མཐོ་ནས་ཇེ་མཐོ་རུ་སོང་བ་དང་བསྟུན་ནས་དུས་ནམ་ཞིག་སྔོ་ཏི་མུ་སས་མཚོན་པའི་གངས་རིན་པོ་ཆེའི་རི་རྒྱུད་ཀྱི་རྩ་ཆེ་བའི་སྐྱེ་དངོས་ཀྱི་རིགས་སྣ་མང་པོ་ཞིག་རྩ་བརླག་ཏུ་འགྲོ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཞིག་ཀྱང་ངང་མ་ཤུགས་ཀྱིས་སྐྱེས་སོང་།
དེ་སྔ་སྐྱེ་དངོས་རྟོག་དཔྱོད་པ་ཁ་ཤས་གངས་རིན་པོ་ཆེའི་མཐའ་སྐོར་ལ་ཐེངས་དུ་མར་སླེབས་མྱོང་ཡོད་ཅིང་། དཔྱད་འབྲས་ཁ་ཤས་ཀྱང་རྒྱ་ཡིག་ཏུ་བཀོད་པ་མཐོང་མོད། སྟོང་རི་ཟིལ་བའི་སྐོར་བཀོད་མེད་ལ། གངས་ཏི་སེའི་རྒྱུད་ཀྱི་སྔོ་ཏི་མུ་སའི་གནས་ཚུལ་བཀོད་པའང་མ་མཐོང་། ཐེངས་འདིར་རྐྱེན་ཁ་ཤས་ཀྱིས་གངས་ཏི་སེའི་འདབས་རོལ་གྱི་མེ་ཏོག་སྔོ་སེར་ཅན་གྱི་སྟོང་རི་ཟིལ་བ་དང་དེའི་ཉེ་བཤེས་རྩ་ལག་ཏུ་གྱུར་པའི་ཟིལ་བའི་རིགས་དངོས་སུ་མཐོང་མ་ཐུབ་མོད། གངས་ཏི་སེའི་སྐོར་ལམ་ནས་སྔོ་ཏི་མུ་ས་ལ་བརྟག་དཔྱད་ཕྲན་ཙམ་བྱས་པས་ཡིད་སེམས་སྤྲོ་བས་ཁེངས། གལ་ཏེ་བོད་ཀྱི་སྔོ་འབུམ་ཡིག་ཚང་དག་གི་ཆ་འཕྲིན་དེ་རིགས་ལ་ཡིད་རྟོན་རུང་ཞིང་། ཕྱིས་ཀྱི་སྐྱེ་ཁམས་འགྱུར་ལྡོག་གིས་རྩ་རླག་ཏུ་གྱུར་མེད་ན། རྩི་ཤིང་རྔོན་ལས་མཁན(植物猎人)ཚོས་བརྐུ་འཕྲོག་ཐེབས་དཀའ་ལ། གངས་ཏི་སེའི་སྐོར་ལམ་གྱི་དད་ལྡན་པ་ཚོས་གནོད་འཚོ་གཏོང་དགོས་དོན་ཡང་མེད་པས། ཐེངས་རྗེས་མར་ཡང་བསྐྱར་སྟོང་རུ་ཟིལ་བར་བརྟག་དཔྱད་དུ་འགྲོ་འཆར་ཡོད།
(རྩོམ་པ་པོ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་སྐྱེ་དངོས་ཚན་རིག་སློབ་གླིང་གི་སྐྱེ་དངོས་ཐོན་ཁུངས་དང་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན།)
གནས་འདིར་བརྗིད་ཉམས་ཀྱིས་འགྱིང་པའི་གངས་ཏི་སེ་མཐའ་སྐོར་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་ལུང་སོ་སོ་ནས་སླེབས་པའི་མི་རིགས་སྣ་ཚོགས་པའི་དད་ལྡན་པ་ཚོ་དང་ལྗོངས་རྒྱུ་བ་རྣམས་རྫ་དུག་དང་གྲང་ལྷགས་ཀྱིས་མི་ཁོགས་པར་གཡས་གཡོན་སྐོར་དང་། རྒྱང་ཉེ་སྐོར(ཡང་ན་ཕྱི་ནང་སྐོར)ལ་བྲེལ་འདུག་པ་གསལ་བོར་མཐོང་དུས། ང་ལ་སྔར་མེད་པའི་བྲེལ་འཚབ་ཅིག་ལངས་བྱུང་།
སྤྱིར་བཏང་ཕྱི་ཟླ་བརྒྱད་པ་ལ་མདོ་དབུས་མཐོ་སྒང་གི་ཡུལ་ལུང་ཕལ་མོ་ཆེ་ནི་རྩི་ཤིང་གི་སྐྱེས་སྟོབས་རྫོགས་པའི་དུས་གཟེར་གལ་ཆེན་པོ་ཞིག་ཡིན་མོད། ས་བབ་ཀྱི་དབང་གིས་མངའ་རིས་སྤུ་ཧྲེང་གི་ཡུལ་དུ་སྟོན་ཟླ་མགོ་མའི་ཉམས་ཤིག་ཤར་ཞིང་། གངས་ཏི་སེའི་འདབས་རོལ་དང་སྐོར་ལམ་གྱི་རྩི་ཤིང་རྣམས་སྒོ་ཕྱུགས་དང་རི་དྭགས་ཀྱིས་ཟོས་ཚར་འདུག ཟོས་ཤུལ་གྱི་སྤང་རྩྭ་སྲབ་བུའི་ཐོག་དང་རྡོ་ལམ་ཀྱ་ཀྱུ་མའི་ལོགས་གཉིས་སུ་ད་དུང་སྔོ་རྟ་ལྤགས་པའི་ས་ལ་ཉལ་བའི་ལོ་འདབ་རྙིད་པ་རེ་དང་། ལུག་མིག་པ་དང་ཟྭ་ཕྱི་ཨ་ཡ་ཐར་ཐོར་ཙམ། དུག་གཤིས་ཆེ་བའི་སྔོ་ལྡུམ་ཁ་ཤས་མཐོང་། ཁྱད་པར་དུ་སྐོར་ལམ་ན་སྐེ་ལ་དྲིལ་བུའི་སིལ་སྒྲ་སྒྲོག་པའི་རྟ་དྲེལ་དང་མཛོ་གཡག་མང་པོ་རྒྱུན་མི་ཆད་པར་འགྲོ་འོང་བྱེད་པ་དེའི་ཚུལ་ལ་བལྟས་ན་རྩི་ཤིང་མང་པོ་མཐོང་པའི་རེ་བ་ཆེར་མེད་པ་ཤེས་ཐུབ། ཉིན་དེ་དག་གི་རིང་ཆར་པ་ཟམ་ཟིམ་རེ་འབབ་པ་དང་། གངས་རིན་པོ་ཆེའི་རི་རྒྱུད་ཧྲིལ་བོ་སྨུག་སྤྲིན་གྱིས་བཏུམ་པས་གཡའ་ཤག་ཏུ་སྟོང་རི་ཟིལ་བ་འཚོལ་ཞིབ་ཀྱི་དཀའ་ཁག་ཆེ་བར་གྱུར། ཧ་ལམ་སྤྱི་ལེ་ཉི་ཤུ་ལྷག་གི་ལམ་དུ་ཕྱིན་པ་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་བཞི་བརྒྱ་ལྷག་གི་མཚམས་སུ་སླེབས་དུས། མེ་ཏོག་ལྟ་ན་སྡུག་པ་ཞིག་མིག་ལམ་དུ་མངོན་བྱུང་།

དེ་ཡང་དད་ལྡན་བོད་པ་ཞིག་གི་ངོས་ནས་རགས་ལྟ་ཙམ་བྱས་པ་ཡིན་ན། མེ་ཏོག་དེ་ནི་དངོས་གནས་སྐུ་མདོག་མཐིང་ག་ཅན་གྱི་སྐྱེས་ཆེན་དམ་པ་ཞིག་གཡུ་ཡི་ཁྲི་ལ་བཞུགས་ཏེ་གདུལ་བྱའི་ཚོགས་ལ་ཆོས་འཁོར་སྐོར་བཞིན་པའི་ཚུལ་དུ་མཐོང་སྲིད་ལ། གངས་རིན་པོ་ཆེའི་རྫ་རྒྱུད་ཀྱི་བླ་ཟོག་གི་ཟས་སྐལ་དུ་སྐྱེས་པའམ། ཡང་ན་སྟོང་རི་ཟིལ་བ་ནང་བཞིན་ལྷ་དང་དྲང་སྲོང་དག་གི་ཐུགས་བསྐྱེད་སྨོན་ལམ་ལས་འཁྲུངས་པའི་བདུད་རྩི་སྨན་དུ་འདོད་ཀྱང་སྲིད། གང་ལྟར་ཀྱང་མེ་ཏོག་སྔོན་པོ་བཞད་པའི་སྔོ་ལྡུམ་དེ་ནི་སྒོ་ཕྱུགས་དང་རི་དྭགས་ཀྱིས་མ་ཟོས་ཤིང་། ལམ་འགྲོ་བའི་རྐང་འོག་ཏུ་མ་ཤོར་བར་ཀྲོང་ངེར་འགྲེང་འདུག
དེ་ནི་བོད་ཀྱི་ལྷ་རྗེའི་མཐོང་ལམ་དུ། འདབ་མ་ལྗང་ཁུ་སྦལ་ལག་གི་རྣམ་པ་ཅན་དང་། མེ་ཏོག་སྔོན་པོ་མདངས་གསལ་བ། ལྡུམ་ཕུང་ལ་དྲི་མ་དུགས་པ་བྱ་རྒོད་སྤོས་ཀྱི་རིགས་ཤིག་གམ་ཡང་ན། ལོ་བཙན་པའམ་སྔོ་བྱ་རྐང་པའི་རིགས་ཤིག་ཨེ་ཡིན་སྙམ་པའི་བློ་ཞིག་འགོག་མེད་དུ་སྐྱེས་ངེས་རེད། དེ་ཡང་བོད་ཀྱི་གསོ་རིག་ཁོག་འབུབས་དག་ན་ཡུལ་གྲུ་འདིར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་གསོ་རིག་གི་སློབ་རྒྱུད་གྲགས་ཆེ་བ་མྱང་འདས་སེང་གེ་སྒྲ་དང་། ཤཱཀྱ་ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ནེ། མང་མོ་སྨན་བཙུན་ཏེ་སྤུ་ཧྲེང་སྨན་པ་མི་བཞི་ཡིས་གསོ་དཔྱད་ཡན་ལག་བརྒྱད་པ་གཙོས་སྨན་དཔྱད་ཀྱིས་འགྲོ་དོན་བསྐྱངས་ཞེས་པར་གཞིགས་ན། དེ་སྔ་ཡུལ་མངའ་རིས་སྐོར་གསུམ་དུ་སྨན་པ་དེ་དག་གིས་བྱ་རྒོད་སྤོས་ལ་ངོས་བཟུང་སྟེ། གདོན་དུག་རིམས་ཚད་སེལ་བའི་ཐད་དུ་སྤྱད་ཡོད་སྲིད་ལ། ཡང་ན་ལོ་བཙན་པའམ་བྱ་རྐང་པར་ངོས་བཟུང་སྟེ། ཚ་གྲང་འཁྲུ་བ་གཅོད་པར་ཐད་བཀོལ་ཡོད་ཀྱང་སྲིད། གང་ལྟར་ཀྱང་འབྲེལ་ཡོད་ཀྱི་ཡིག་ཆ་ཁུངས་མ་མ་མཐོང་ལ། མཐོང་བ་བརྒྱུད་པའི་ཕྱག་ལེན་ཅན་གྱི་ལྷ་རྗེ་དག་ལ་འདྲི་རྩད་ཀྱི་གོ་སྐབས་མ་བྱུང་བས་རེ་ཞིག་བཏང་སྙོམས་སུ་བཞག སློབ་དཔོན་དགའ་བའི་རྡོ་རྗེ་མཆོག་གིས་མཛད་པའི་སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དུ། བྱ་རྐང་པ་དང་ལོ་བཙན་པ་ངོ་སྤྲོད་པའི་སྐབས་ལ། མེ་ཏོག་གི་ཁ་དོག་གསལ་མིན་སོགས་ཅུང་ཟད་མི་འདྲ་བ་ཤིན་ཏུ་མང་ཡང་དོན་་དུ་ལོ་བཙན་དང་། བྱ་རྐང་གི་ཁོངས་སུ་བསྡུ་ཞིང་། ཐམས་ཅད་ཏི་མུ་སར་བསྡུས་ན་རུང་ངོ་། །ཞེས་བསྟན་ཡོད། བོད་ཀྱི་སྔོ་ལྡུམ་སྨན་རྫས་ལ་ཏི་མུ་ས་ཞེས་འབོད་པའི་བརྡ་དེ་ནི་གནའ་བོའི་ཞང་ཞུང་གི་སྐད་ཡིན་པར་བཤད། དེས་ན་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་བྱེ་བྲག་པ་འདིར་འཁྲུངས་པ་ལ་འདིར་རེ་ཞིག་ཏི་སེ་ཏི་མུ་ས་ཞེས་བརྡ་སྦྱར་བའོ། །

སྔོ་ལྡུམ་འདི་ལ་རྩི་ཤིང་རིག་པའི་ངོས་ནས་བལྟས་ཚེ། གོང་དུ་མེ་ཏོག་སྔོན་པོ་ཞེས་པ་དེ་ཡང་དོན་དངོས་སུ་མེ་ཏོག་གི་འདབ་མ་དངོས་མ་ཡིན་པར་ཕྱིའི་གོས་ཐུམ(花萼)ལ་ངོས་འཛིན། འདབ་མ་དངོས་ནི་མེ་ཏོག་གི་གོས་ཐུམ་སྔོན་པོའི་ནང་དུ་ཡོད་ཅིང་། འདབ་ལྷེ་ཆུང་ངུ་གཉིས་ལས་མེད། ཕར་ལྟ་དུས་ས་སྟེང་གི་ཁག་ནི་ལོ་འདབ་མེ་ཏོག་དང་བཅས་པ་ཚོམ་བུར་སྐྱེས་ཤིང་། ཚོམ་སྐྱེས་ལྡུམ་ཕུང་དེའི་སྡོང་རྐང་གཉིས་ཀྱི་རྩེ་ལ་མེ་ཏོག་རྣམ་པར་བཞད་ཡོད། སྡོང་རྐང་གཅིག་གི་རྩེ་ལ་མེ་ཏོག་གི་ཕྱིའི་གོས་ཐུམ་གྱིས་བཏུམ་པའི་མེ་ཏོག་ཚོམ་བུ་བཅུ་ཐམ་པ་དང་། སྡོང་རྐང་ཅིག་ཤོས་སུ་མེ་ཏོག་གི་ཚོམ་བུ་བཅོ་བརྒྱད་འདུག ཕྱིའི་མེ་ཏོག་གི་གོས་ཐུམ་སྔོན་པོ་དེར་ཡང་ཞིབ་ཏུ་བལྟས་པའི་ཚེ་ལ། སྟེང་རིམ་གྱི་གོས་ཐུམ་གཅིག་དང་། གཞོགས་གཉིས་སུ་གོས་ཐུམ་ཆ་གཅིག་རེ། གཤམ་ཁག་ཏུ་གོས་ཐུམ་ཆ་གཅིག་བཅས་བསྡོམས་པས་གོས་ཐུམ་ལྔ་ཡིས་གྲུབ་ཡོད། གོས་ཐུམ་སྟེང་མ་དེའི་ཞབས་ཁག་ཕྱིར་བརྐྱངས་ནས་བྱ་ཡི་མཆུ་ཏོ་ལྟ་བུར་ཆགས། དེ་བས་ཆ་ཤས་དེ་དག་ལྡན་པའི་སྔོ་ལྡུམ་མང་པོ་ཞིག་གི་འཁྲུངས་དཔེ་རུ། མེ་ཏོག་བྱ་མགོའམ་བྱ་མཆུ་ཅན་ཞེས་འཁོད། གལ་ཏེ་བྱ་མཆུ་ལྟ་བུའི་ཁག་དེ་ཆེར་བསྲིངས་ཤིང་། གཞོགས་གཉིས་ཀྱི་གོས་ཐུམ་ཆ་གཅིག་པོ་ཕྱིར་བརྐྱངས་པ་ན་དངོས་ནས་འདབ་ཆགས་བྱ་ཡི་རྐང་པ་དང་གཉིས་སུ་མེད་པས་བོད་སྨན་དུ་བྱ་རྐང་པ་ཞེས་པའི་མིང་ཡང་དེ་ལྟར་ཐོགས་པ་གོ་སླ།

གོས་ཐུམ་སྟེང་མའི་བྱ་མཆུ་ལྟ་བུའི་སྦུག་ཕྲན་དེའི་ཕུགས་ལ་སྦྲང་མ་དང་ཕྱེ་མ་ལེབ་སོགས་རྩི་བཅུད་ལེན་པར་འགུག་འདྲེན་བྱེད་པའི་སྤོས་རྡོག་གམ་དྲི་རྨེན(蜜腺)ཞིག་ཡོད་པ་ཡིན། སྔོ་ལྡུམ་དེའི་འདབ་མ་ནི་ཁ་དོག་ལྗང་ཁུ་དབྱིབས་སྦལ་ལག་གི་རྣམ་པ་ཅན་དུ་མངོན། ལོ་འདབ་ཚང་མ་ཉ་ག་ཅུང་རིང་པོར་གས་ཤིང་། ཞེང་ཚད་ལ་ཧ་ལམ་མི་དར་མ་ཞིག་གི་གུང་མཛུབ་ཀྱི་ཚད་ཙམ་ཡོད། ཞིབ་ཏུ་ལྟ་དུས་ལོ་མའི་རྩ་རིས་དང་། འདབ་མ་དང་མེ་ཏོག་གི་ཕྱིའི་གོས་ཐུམ་ཐོག་གི་སྤུ་ཆུང་ཕྲན་བུ་མང་པོ་མཐོང་ཐུབ། སྔོ་ཏི་མུ་ས་དེ་ནི་མེ་ཏོག་གི་རྣམ་པ་དང་མདོག་དབྱིབས་སོགས་ཀྱི་ཆ་ནས་ཏི་མུ་ས་གཞན་མི་འདྲ་བའི་རྒྱུད་རབས་གསར་པ(新物种)ཞིག་ཡིན་པས། ཚན་རིག་པས་དེ་ལ་སྤུ་ཧྲེང་ཏི་མུ་ས(普兰翠雀花Delphinium pulanense W. T. Wang)ཞེས་མིང་གསར་བ་ཞིག་བཏགས་ཡོད་པ་རེད།
སྐྱེ་ཁམས་རིག་པའི་ཆ་ནས་དཔྱད་དུས། ཤིང་བཟའ་སྐུ་ཕྲེང་ལྔ་པ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མཛད་པའི་རྩི་ཤིང་རིག་པའི་ཁྲིད་ཡིག་ཏུ། ལོ་མ་ལྗང་ཁུར་ཉི་འོད་ཕོག་པ་ན། །དབྱང་གཉིས་ཐཱན་རྫས་མཁའ་དབུགས་ལས་བསྡུས་ཤིང་། །ས་ཡི་ཆུ་ཁམས་རྩ་བས་བསྡུས་པ་ཡིན། །བཟོ་ནུས་དེ་ལ་འོད་སྦྱོར་བྱེད་ནུས་ཟེར། །ལོ་ལྗང་འོད་སྦྱོར་ནུས་པ་བྱེད་པའི་དུས། །ཞོར་ཐོན་དངོས་དབུགས་ཐོན་པ་དབྱང་དབུགས་ཡིན། །ལོ་མ་དེ་ལས་མཁའ་དབུགས་ནང་དུ་བཏང་། །འོད་སྦྱོར་ནུས་པས་དབྱང་གཉིས་ཐཱན་བསྡུས་ཤིང་། །དབྱང་དབུགས་དེ་ཉིད་བཏང་བར་མ་གྱུར་ན། །མཁའ་དབུགས་ཆེན་པོའི་ཁྲོད་ཀྱི་དབྱང་གཉིས་ཐཱན། །མང་དུ་འཕེལ་བས་དབྱང་དབུགས་ཇེ་ཉུང་འགྲོ། །དེ་ཕྱིར་རྩི་ཤིང་ལྗང་ཁུའི་རིགས་དེ་ལ། །མཁའ་དབུགས་གྲུབ་ཆ་སྙོམ་སྒྲིག་བྱེད་པ་དང་། །གྲུབ་ཆ་དེ་ཉིད་བརྟན་པོར་འཇུག་ནུས་ཡོད། །དེ་ཉིད་སྲོག་ཆགས་རིགས་ལ་གལ་འགངས་ཆེ། །རྩི་ཤིང་རིགས་ནི་སྲོག་ཆགས་དེ་རིགས་ལ། །སྐྱེ་ལྡན་འཚོ་བཅུད་དང་ནི་དབྱངས་དབུགས་འབུལ། །སྲོག་ཆགས་ཀྱིས་ཀྱང་རྩི་ཤིང་དེ་རིགས་ལ། །ལུད་དང་དབྱང་གཉིས་ཐཱན་འབུལ་འབྲེལ་བ་ཟབ། །དེ་ཕྱིར་གསོན་པོར་གནས་པའི་རིགས་རྣམས་ལ། །མཁའ་དབུགས་དང་ནི་རླན་གཤེར་ཆུ་ཡི་ཁམས། །ཉི་མ་ལ་སོགས་འབྲལ་མི་རུང་བར་བསྟན། །ཞེས་བསྟན་པ་ལྟར་རྩི་ཤིང་གི་ལོ་མས་ཉི་མའི་འོད་ལ་བརྟེན་ནས་རྩད་པའི་འཇིབ་ལེན་བྱས་པའི་རླན་གཤེར་དང་། སྲོག་ཆགས་ཀྱིས་དབུགས་འབྱིན་རྔུབ་བརྒྱུད་ནས་ཕྱིར་བཏང་བའི་དབྱང་གཉིས་ཐཱན་རྫས་རྒྱུ་ཆ་བྱས་ཏེ་རང་ཉིད་འཚར་སྐྱེས་ལ་མཁོ་བའི་བཅུད་རྫས་བཟོ་བའི་ཞོར་ལ་དབྱང་དབུགས་སམ་གསོ་རླུང་ཕྱིར་རང་བྱུང་ཁམས་ལ་བཏང་བ་ནི་མཁའ་རླུང་གི་གྲུབ་ཆ་སྙོམ་སྒྲིག་དང་། ལྷག་པར་དུ་འགྲོ་བ་མི་དང་བཅས་པའི་སྲོག་ཆགས་ཀྱི་ཚེ་སྲོག་ལ་མཁོ་བའི་བཅུད་རྫས་ཧ་ཅང་རྩ་ཆེན་ཞིག་ཡིན། དེ་ལྟ་བུའི་འོད་སྦྱོར་བྱེད་ནུས་ལས་རྩི་ཤིང་གི་རིགས་ལ་སྐྱེས་སྟོབས་རྫོགས་ཤིང་། རྩི་ཤིང་རིགས་སྐྱེས་པ་ན་རྩྭ་གཟན་སྲོག་ཆགས་དང་ཐ་ན་མིའི་རིགས་ཀྱི་ཁ་ཟས་ལ་མཐུན་རྐྱེན་སྦྱར་པས་ན། སྣང་ཚུལ་འདི་ལས་ཕྱི་ནང་སྣོད་བཅུད་ཀྱི་རྟེན་འབྱུང་གི་འབྲེལ་བའི་གནས་ལུགས་ཟབ་མོ་དེ་མཚོན་ཡོད་པ་རེད། མ་ཟད་མེ་ཏོག་གི་ཕྱིའི་གོས་ཐུམ་ནི་སྦྲང་མ་དང་ཕྱེ་མ་ལེབ་སོགས་འབུ་སྲིན་ཆུང་ངུའི་རིགས་ཀྱི“གནས་ཚང་དྲོན་མོ”ཞིག་ཡིན་པས། དེར་གྲང་ལྷགས་དང་། ཁ་ཆར། ཉི་འོད་བཙན་པོ་སོགས་འགོག་པའི་ནུས་པ་ངེས་ཅན་ཞིག་ཡོད་པའི་ཕྱིར་ན། འབུ་སྲིན་དེ་རིགས་ཀྱི་འབུ་སྒོང་སྐྱོང་གཉོར་བྱེད་སའི་རང་བྱུང་གི“འཛོང་ཁུག”ལེགས་པོ་ཞིག་ཀྱང་མ་རེད་དམ། འབུ་སྲིན་རིགས་དེར་གནས་སྡོད་བྱེད་པའི་རིང་ལ་སྔོ་ཏི་མུ་སར་ཟེའུ་རྡུལ་འགྲེམ་རོགས་བྱས་ཏེ། ས་བོན་གྲུབ་པར་མཐུན་རྐྱེན་གལ་ཆེན་བསྐྲུན་ཐུབ་པ་ཡིན། དེ་ལྟར་སྐྱེ་ཁམས་རིག་པའི་ཆ་ནས་དཔྱད་ན། རྩྭ་ལྡུམ་ཞིག་གིས་སྣོད་བཅུད་ལ་ཐོན་པའི་ནུས་པ་ནི་བསམ་ཡིད་ལས་འདས་པ་ཞིག་ཡིན། དེས་ན་སྐབས་འདིའི་སྔོ་ཏི་མུ་ས་དང་། སྔོ་ཏི་མུ་ས་ཁ་ཟས་སུ་སྤྱོད་པའི་སྒོ་ཕྱུགས་དང་རི་དྭགས་ཀྱི་རིགས། སྦྲང་མ་དང་ཕྱེ་མ་ལེབ་སོགས་འབུ་སྲིན་ཆུང་ངུའི་རིགས། གཞན་ཡང་ང་ཚོས་ཐད་ཀར་དུ་མཐོང་མི་ཐུབ་པའི་སྔོ་ཏི་མུ་སའི་རྩད་པའི་ཁག་ན་ཕན་ཚུན་རོགས་རེས་ཀྱིས་འཚོ་བའི་ཕྲ་སྲིན་དང་འབུ་སྲིན་རིགས། སྔོ་ཏི་མུ་ས་སྐམ་རིད་དུ་གྱུར་པའི་རྗེས་ལ་བེམ་རོ་རུལ་འཐོར་དུ་གཏོང་བའི་ཕྲ་སྲིན་གྱི་རིགས་བཅས་ནི་སྐྱེ་དངོས་ཀྱི་ཆ་ལ་གཏོགས་ཤིང་། སྐྱེ་དངོས་དེ་རིགས་ལ་མཁོ་བའི་རླན་གཤེར་དང་། རླན་གཤེར་དང་འགྲོགས་པའི་ཚྭ་སོགས་གཏེར་དངོས་ཀྱི་རིགས་དང་། མཁའ་རླུང་། ཉི་འོད་བཅས་ནི་སྐྱེ་མེད་ཀྱི་ཆ་ལ་གཏོགས་པ་ཡིན། སྐྱེ་དངོས་ཀྱི་ཆ་དང་སྐྱེ་མེད་ཀྱི་ཆ་གཉིས་འདུས་ནས་སྐྱེ་ཁམས་མ་ལག་ཅིག་གྲུབ་པས། ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས། གལ་ཏེ་ཕྱི་ནང་རྐྱེན་སྣ་ཚོགས་ཀྱིས་སྐྱེ་ཁམས་མ་ལག་ནང་གི་གྲུབ་ཆ་དེ་དག་ལ་དམན་ལྷག་ལོག་པའི་འགྱུར་ལྡོག་བྱུང་བ་ན་སྐྱེ་ཁམས་དོ་མཉམ་འབྱུང་མ་ཐུབ་པར་འགྲོ་བ་མིའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་པ་ཡིན་པས་དེང་གི་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་“སྐྱེ་ཁམས་དོ་མཉམ”འབྱུང་དགོས་ཚུལ་དང་“ཁོར་ཡུག་སྲུང་སྐྱོང་”མ་བྱས་ན་མི་རུང་ཞེས་པའི་སྨྲེ་ངག་འདི་བཏོན་པ་རེད།སྐྱེ་དངོས་འཕེལ་འགྱུར་རིག་པའི་ཆ་ནས་བལྟས་ཚེ། ད་ལྟ་ང་ཚོས་མིག་གི་སྤྱོད་ཡུལ་དུ་གྱུར་པའི་སྐྱེ་དངོས་ཡོད་དོ་ཅོག་ནི་ལོ་ངོ་ཁྲི་འབུམ་མང་པོའི་རིང་ལ་རིམ་གྱིས་འཚོ་གནས་ཀྱི་འགྲན་རྩོད་རབ་དང་རིམ་པ་བརྒྱུད་དེ་འཕེལ་འགྱུར་བྱུང་ནས་ཐོན་པར་ཁས་ལེན་ལ། ད་ལྟའི་དུས་སུའང་སྔར་བཞིན་འཚོ་གནས་ཀྱི་ཕྱིར་དུ་ཁོར་ཡུག་ལ་འཕྲོད་མཐུན་འབྱུང་བཞིན་པའི་ཚུལ་ནི་ང་ཚོས་ཐད་ཀར་དུ་མཐོང་ཐབས་བྲལ་བའི་འགྱུར་ལྡོག་ཤིན་ཏུ་ཕྲ་མོའི་རིགས་ཡིན། དེའི་རྐྱེན་གྱིས་ས་བབ་མཐོ་བའི་གནས་འདིར་ཡུལ་གྲུ་གཞན་ལ་མེད་པའི་གངས་རིན་པོ་ཆེའི་སྔོ་ཏི་མུ་ས་ནི་སྐྱེ་སྟོབས་རྫོགས་ནས་ཡོད་པའང་དུས་ཡུན་རིང་མོའི་འཕེལ་འགྱུར་ལ་བརྟེན་ནས་དམིགས་བསལ་གྱི་ཁོར་ཡུག་འཕྲོད་པའི་བདེན་དཔང་རེད། ང་ཚོས་སྐྱེ་དངོས་འཕེལ་འགྱུར་རིག་པའི་བློ་མིག་གིས་ཞིབ་ཏུ་ལྟ་དུས། ཕྱི་ཟླ་བརྒྱད་པར་སྔོ་ལྡུམ་མང་པོ་ཞིག་སྒོ་ཕྱུགས་དང་རི་དྭགས་ཀྱིས་ཟོས་ཚར་ཡང་། ཏི་མུ་ས་སྔ་བཞིན་གནས་དེར་ཀྲོང་ངེར་འགྲེངས་ནས་སྡོད་ཐུབ་པ་དེ་ནི་དུས་ཡུན་རིང་མོའི་འཕེལ་འགྱུར་བརྒྱུད་ནས་རྩྭ་གཟན་སྲོག་ཆགས་ཀྱིས་ཟ་མི་ཕོད་པའི་དུག་གཤིས་ལ་འབྲེལ་བ་ཡོད་ལ། དྲི་མ་དུགས་པ་དེ་ཡང་རྩྭ་གཟན་སྲོག་ཆགས་སྐྱུར་མེར་ལངས་ཤིང་རྒྱང་བཀྱེད་པའི་གནད་ཅིག་རེད། ཏག་ཏག་ལ་དྲི་མ་དེ་ནི་མཁའ་རླུང་ཁྲོད་དུ་མཆེད་པའི་དུས་ལ་སྦྲང་མ་དང་ཕྱེ་མ་ལེབ་སོགས་འདྲེན་འགུག་བྱས་ཏེ་ཟེའུ་རྡུལ་འགྲེམ་སྤེལ་བྱེད་པར་ཕན་ཡང་སྲིད། གཞན་ཡང་ཁོར་ཡུག་འདི་ལྟ་བུར་འཚོ་གནས་བྱེད་པར་ཕྱིའི་གྲང་ལྷགས་དང་ཁ་ཆར། ཉི་འོད་བཙན་པོ་བཅས་ལ་གདོང་གཏད་དགོས་པས། སྔོ་ཏི་མུ་སའི་ས་སྟེང་གི་ལྡུམ་ཕུང་ཧྲིལ་བོར་བ་སྤུས་ཁེབས་ཤིང་། རྡུལ་ཞག་ཕྲ་མོས(蜡质)གཡོགས་ཡོད་པ་རེད། ཁྱད་པར་དུ་རིགས་རྒྱུན་ཕྱི་མ་སྤེལ་བ་དེ་ནི་སྐྱེ་དངོས་གང་ཞིག་འཚོ་གནས་དང་འཕེལ་འགྱུར་འབྱུང་བར་འབྲེལ་བ་དམ་པོ་ཡོད་པའི་ཕྱིར་ན། དམིགས་བསལ་གྱི་ཁོར་ཡུག་འདི་རུ་གནད་དོན་དེ་ཐག་གཅོད་པར་སྔོ་ཏི་མུ་སའི་མེ་ཏོག་གི་ནང་གི་དྲི་དུགས་ཤིང་། ཕྱིའི་གོས་ཐུམ་གྱི་ཁ་དོག་རྣམ་པར་བཀྲ་བ། དབྱིབས་འཛོང་ཁུག་ལྟ་བུར་གྱུར་པས་སྦྲང་མ་དང་ཕྱེ་མ་ལེབ་ནི་མེ་ཏོག་གི་རྩི་བཅུད་ལེན་པར་འོངས་པའི་སྐབས་དང་འབྲེལ་ནས་ཕྱིའི་གོས་ཐུམ་གྱིས་གྲུབ་པའི་གནས་ཚང་དྲོན་མོ་དེར་གཞིས་ཆགས་ཤིང་། ཞོར་ལ་ཟེའུ་རྡུལ་སྦྱོར་འགྲེམ་དང་འབྲས་བུ་ཐོགས་པར་མཐུན་རྐྱེན་བསྐྲུན་ཡོད་པ་རེད། འབྲས་བུ་ཐོགས་རྗེས་རྩ་བའི་ཆ་ནས་རྩི་ཤིང་གང་དེའི་རིགས་རྒྱུན་ཕྱི་མ་སྤེལ་བྱེད་ཀྱི་ས་བོན་གྲུབ་ཅིང་འཐོར་བའི་ལས་འགན་དེ་ལེགས་འགྲུབ་བྱེད་པའི་ཆ་རྐྱེན་ཡོངས་སུ་ཚང་བ་རེད། ཏི་སེ་ཏི་མུ་སའི་སྐྱེ་ལུགས་ཀྱི་ཁྱད་ཆོས་དེ་དག་ནི་གཞི་ནས་དམིགས་བསལ་གྱི་གངས་ཏི་སེའི་འཁོར་ཡུག་ལ་འཕྲོད་མཐུན་བྱུང་བའི་སྐྱེ་དངོས་ཀྱི་འཕྲོད་གཤིས(适应性)གལ་ཆེན་ཞིག་ཏུ་བལྟས་ཆོག་པ་རེད།
མདོར་ན། ཏི་སེ་ཏི་མུ་ས་ལ་ལྟ་གཟིགས་དང་། སྨན་སྤྱོད། སྐྱེ་ཁམས་བཅས་ཀྱི་ཐད་རིན་ཐང་གཞལ་དུ་མེད་དོ། །ཡིན་ན་ཡང་བོད་པ་དད་ལྡན་པ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་དང་། སའི་གོ་ལའི་དྲོད་ཚད་ཇེ་མཐོ་ནས་ཇེ་མཐོ་རུ་སོང་བ་དང་བསྟུན་ནས་དུས་ནམ་ཞིག་སྔོ་ཏི་མུ་སས་མཚོན་པའི་གངས་རིན་པོ་ཆེའི་རི་རྒྱུད་ཀྱི་རྩ་ཆེ་བའི་སྐྱེ་དངོས་ཀྱི་རིགས་སྣ་མང་པོ་ཞིག་རྩ་བརླག་ཏུ་འགྲོ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཞིག་ཀྱང་ངང་མ་ཤུགས་ཀྱིས་སྐྱེས་སོང་།
དེ་སྔ་སྐྱེ་དངོས་རྟོག་དཔྱོད་པ་ཁ་ཤས་གངས་རིན་པོ་ཆེའི་མཐའ་སྐོར་ལ་ཐེངས་དུ་མར་སླེབས་མྱོང་ཡོད་ཅིང་། དཔྱད་འབྲས་ཁ་ཤས་ཀྱང་རྒྱ་ཡིག་ཏུ་བཀོད་པ་མཐོང་མོད། སྟོང་རི་ཟིལ་བའི་སྐོར་བཀོད་མེད་ལ། གངས་ཏི་སེའི་རྒྱུད་ཀྱི་སྔོ་ཏི་མུ་སའི་གནས་ཚུལ་བཀོད་པའང་མ་མཐོང་། ཐེངས་འདིར་རྐྱེན་ཁ་ཤས་ཀྱིས་གངས་ཏི་སེའི་འདབས་རོལ་གྱི་མེ་ཏོག་སྔོ་སེར་ཅན་གྱི་སྟོང་རི་ཟིལ་བ་དང་དེའི་ཉེ་བཤེས་རྩ་ལག་ཏུ་གྱུར་པའི་ཟིལ་བའི་རིགས་དངོས་སུ་མཐོང་མ་ཐུབ་མོད། གངས་ཏི་སེའི་སྐོར་ལམ་ནས་སྔོ་ཏི་མུ་ས་ལ་བརྟག་དཔྱད་ཕྲན་ཙམ་བྱས་པས་ཡིད་སེམས་སྤྲོ་བས་ཁེངས། གལ་ཏེ་བོད་ཀྱི་སྔོ་འབུམ་ཡིག་ཚང་དག་གི་ཆ་འཕྲིན་དེ་རིགས་ལ་ཡིད་རྟོན་རུང་ཞིང་། ཕྱིས་ཀྱི་སྐྱེ་ཁམས་འགྱུར་ལྡོག་གིས་རྩ་རླག་ཏུ་གྱུར་མེད་ན། རྩི་ཤིང་རྔོན་ལས་མཁན(植物猎人)ཚོས་བརྐུ་འཕྲོག་ཐེབས་དཀའ་ལ། གངས་ཏི་སེའི་སྐོར་ལམ་གྱི་དད་ལྡན་པ་ཚོས་གནོད་འཚོ་གཏོང་དགོས་དོན་ཡང་མེད་པས། ཐེངས་རྗེས་མར་ཡང་བསྐྱར་སྟོང་རུ་ཟིལ་བར་བརྟག་དཔྱད་དུ་འགྲོ་འཆར་ཡོད།
(རྩོམ་པ་པོ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་སྐྱེ་དངོས་ཚན་རིག་སློབ་གླིང་གི་སྐྱེ་དངོས་ཐོན་ཁུངས་དང་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན།)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号